ཟླ་རེའི་གསར་འགྱུར།

བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣ ནས་ ༦ བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་།
དེ་སྔོན་ཕྱི་ཟླ་ ༦ ཚེས་ ༣ ནས་ ༡༣ བར་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཁག་འདྲ་མིན་གྱི་གཞི་རིམ་འོག་མའི་སློབ་དགེ་ཁྱོན་གྲངས་ ༥༠ ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་ཡོད། སྐབས་དེར་སློབ་དགེ་ཁྱོན་གྲངས་ ༢༠ ལ་མ་འོངས་པར་གཞི་རིམ་འོག་མའི་སློབ་དགེ་གཞན་རྣམས་ལ་ཟབ་སྦྱོང་སྤྲོད་མཁན་ཁོངས་སུ་འདེམས་སྒྲུག་གནང་སྟེ། བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འདི་བཞིན་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་མཁན་ཚོར་བྱིས་པའི་ཀློག་རྩལ་ཁྲིད་ཐབས་གོང་འཕེལ་གཏོང་ཆེད་ཡིན། ཕྱི་ལོ་ ༢༠༡༥ ལོར་ཁོང་རྣམས་ཀྱིས་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་གཞན་རྣམས་ལ་ཟབ་སྦྱོང་གནང་འགོ་འཛུགས་ཞུ་རྒྱུ་ཡིན་པ་རེད།
ཟབ་སྦྱོང་འདི་བཞིན་གོ་སྒྲིག་ཞུ་དགོས་དོན་ནི། ཕྱི་ལོ་ ༢༠༡༣ ཟླ་ ༦ པའི་ནང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུའི་རྒྱབ་གཉེར་གཞིར་བཟུང་། བོད་པའི་སློབ་གྲྭ་ཁག་གི་ནང་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཡིན་འདུག
ལས་གཞི་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག

སྔོན་མ།
གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་རིགས་ལམ་འདུ་འཛོམས་ཐོག་བཅར་བའི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་བ།
ཕྱི་མ།
ཨ་མ་ཝེ་གར་ལགས་འདས་གྲོངས་སུ་གྱུར་བར་ཤེས་རིག་ལས་ཁུངས་ཀྱིས་སེམས་གསོའི་འཕྲིན་ཡིག་ཕུལ།
Menu