ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་ཚན་རིག་སློབ་དེབ་ཀྱི་ནང་དོན་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་ཀྱི་རིང་། ས་རཱ་བོད་ཀྱི་མཐོ་སློབ་ཏུ་འཛིན་རིམ་ ༦ ནས་ ༨ བར་གྱི་གཞི་རིམ་བར་མའི་ཚན་རིག་སློབ་དེབ་གསར་སྒྲིག་ཆེད། སློབ་དེབ་ཀྱི་ནང་དོན་འཆར་འགོད་དང་གཏན་འབེབས་ཚོགས་བསྡུ་བསྐོང་ཚོགས་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འདོན་སྤེལ་ཞུས་པའི་གཞི་རིམ་བར་མའི་ཚན་རིག་སློབ་དེབ་ཁག་བོད་སྒྱུར་དང་དཔར་འགྲེམས་ཞུས་ཏེ་ད་ཆ་དུས་ཡུན་གང་འཚམ་སོང་ཡོད་པ་དང། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་གསར་སྒྲིག་བྱ་ཆེད། ཐེངས་འདིར་བསླབ་གཞིའི་ནང་དོན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་ཡོད། བསླབ་གཞི་གསར་པའི་འཆར་འགོད་དང་མཐུན་པར་ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཚན་རིག་སློབ་དེབ་རྣམས་རིམ་བཞིན་རྩོམ་སྒྲིག་བྱ་འཆར་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། ཤེས་ལྷན་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས། ཚན་རིག་ཤེས་ཡོན་འགན་འཛིན་པ་སངས་མཆོག་པ་ལགས། མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས། སུ་ཇ་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་ཉི་མ་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་བསྟན་འཛིན་དངོས་གྲུབ་ལགས། དྷ་ཤོད་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་ལྷུན་གྲུབ་རྣམ་རྒྱལ་ལགས། རཇ་པུར་བོད་ཁྱིམ་གྱི་ཚན་རིག་སློབ་དགེ་བདེ་ཆེན་མཚོ་མོ་ལགས། སཾ་བྷོ་ཊ་བདེ་སྐྱིད་གླིང་གི་ཚན་རིག་སློབ་དགེ་པདྨ་མཚོ་ལགས། ཤེས་ལྷན་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་ལགས་བཅས་མཉམ་ཞུགས་གནང་ཡོད།

སྔོན་མ།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཤིས་ལོང་བོད་མིའི་གནས་སྡོད་སར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།
ཕྱི་མ།
བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་ཚོགས་འདུ་ཚོགས་པ།
Menu