ཟླ་རེའི་གསར་འགྱུར།

སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་མ་སུ་རིར་བསྐོང་ཚོགས།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༠ ཉིན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༠༩ དང་ ༡༧ གཉིས་སཾ་བྷོ་ཊ་མ་སུ་རི་གཏན་སློབ་ཏུ་བསྐོང་ཚོགས་གནང་ཡོད་པ་རེད།

དེ་ཡང་རྒྱ་གར་ (Societies Registration Act XXI of 1860/R.No.S-E/403) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༠༩ པའི་ཐོག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཚོགས་མི་གྷུ་ལི་ (S.N Gulia) ལགས། ཚོགས་མི་དགེ་བཤེས་ལྷག་རྡོར་ལགས། ཚོགས་མི་བསོད་ནམས་སྲི་གཅོད་ལགས། ཚོགས་མི་བསྟན་འཛིན་ཕྱོགས་གླང་ལགས། ཚོགས་མི་ཚེ་རིང་དོན་གྲུབ་ལགས་བཅས་ཕེབས་ཞུགས་གནང་ཡོད། སྐབས་དེར་འཛིན་སྐྱོང་དང་ཤེས་ཡོན་དང་འབྲེལ་བའི་གྲོས་གཞི་ཁག་ཅིག་ཐོག་བསམ་གྲོས་ཞིབ་བསྡུར་དང་སྦྲགས། གྲོས་དོན་ཐག་གཅོད་གནང་ཡོད་པ་རེད།

དེ་བཞིན་རྒྱ་གར་ (Societies Registration Act, 2006/R.No.470/2006) ཁྲིམས་ཡིག་དགོངས་དོན་དེབ་སྐྱེལ་ཞུས་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ པ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཚོགས་མི་དགེ་བཤེས་ལྷག་རྡོར་ལགས། ཚོགས་མི་བསོད་ནམས་སྲི་གཅོད་ལགས། ཚོགས་མི་བསྟན་འཛིན་ཕྱོགས་གླང་ལགས། ཚོགས་མི་པ་སངས་ཚེ་རིང་ལགས། ཚོགས་མི་ཚེ་རིང་དོན་གྲུབ་ལགས་བཅས་ཕེབས་ཞུགས་ཀྱིས་གྲོས་གཞི་ཁག་ཅིག་ཐོག་གྲོས་མོལ་དང་སྦྲགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་ལམ་སྟོན་གནང་ཡོད་པ་བཅས།།

སྔོན་མ།
མོན་གྷོ་རུ་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༤ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu