
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མེངྒ་ལོར་རྟེན་གཞི་བྱས་པའི་ནི་ཊི་ཨུ་ཤ་སྨན་ཞབས་པའི་སློབ་གཉེར་བསྟི་གནས་ཁང་དུ་ཚོགས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོར་སྨན་ཞབས་པའི་ཉེ་བའི་ཚན་རིག་གཙུག་ལག་རབ་འབྱམས་པ་བོད་པའི་བུད་མེད་འགྱུར་མེད་ལྷ་མོ་ལགས་ལ་སློབ་སྦྱོང་གི་སྦྱངས་འབྲས་གཟེངས་སུ་ཐོན་པའི་གསེར་གྱི་གཟེངས་རྟགས་ཐོབ་པར་འདི་ག་ཤེས་རིག་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་ཞུས།
དེ་ཡང་སྦེར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ནས་ཡིན་པའི་འགྱུར་མེད་ལྷ་མོ་ལགས་ཀྱིས་ཁོང་མོའི་སྨན་ཞབས་པའི་སློབ་གཉེར་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཡོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་རྩེར་སོན་བྱུང་བ་འདི་བཞིན་གཙོ་བོ་དུས་ཚོད་སྟངས་འཛིན་དང་སློབ་གཉེར་རྒྱུན་མཐུད། དེ་བཞིན་ནང་མི་དང་དགེ་རྒན། སློབ་སྟོན་པ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག།


