༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་དོན། མཐོ་སློབ་ཏུ་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ལོ་རིམ་གསུམ་པ་(B.Sc.) དང་། གཙུག་ལག་རབ་འབྱམས་ (M.Sc.) LifeScience སྐྱེ་དངོས་རིག་པའི་ཐོག་སློབ་གཉེར་གནང་བཞིན་པའི་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ལ། ཕྱི་ལོ་༢༠༢༦ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་གཅིག་རིང་ཉམས་གསོག་སྦྱོང་བརྡར་ཞིག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་ཆེས་སྙན་གྲགས་ཆེ་བའི་རྒྱལ་ཡོངས་སྐྱེ་དངོས་ཚན་རིག་ལྟེ་གནས་ཁང་དུ་ (NCBS) གོ་སྒྲིག་གནང་གཏན་འཁེལ་ཡོད་པས། དོ་དབྱིངས་ཅན་རྣམ་པས་གོ་སྐབས་དམ་འཛིན་གྱིས་གཤམ་གྱི་ལམ་སྟོན་བཞིན་འགེངས་ཤོག་བཀང་སྟེ་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༦ འགྱངས་མེད་འདི་ལས་སུ་འབུལ་དགོས།

