ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཤེས་རིག་ཕུལ་བྱུང་བྱ་དགའ་དང་འབྲེལ་བའི་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ལོ་ནས་འགོ་འཛུགས་ཀྱིས་འདི་གའི་ཁྱབ་ཁོངས་སློབ་གྲྭ་ཙམ་མ་ཟད། སྒེར་སློབ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་རྒྱུགས་འབྲས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པ་གང་ཞིག་ལ་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་རིགས་ལ་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་ཕུལ་བྱུང་བྱ་དགའ་དང་ལག་འཁྱེར་གནང་བཞིན་ཡོད་པ་ལྟར། འདི་ལོའི་ཡིག་རྒྱུགས་ཁོངས་དེ་ལྟར་ཆ་སྙོམས་བརྒྱ་ཆ་ ༩༥ ཡན་ལོན་པ་གང་ཞིག་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣༡ འགྱངས་མེད་ཐོག་དགོས་མཁོ་ཅན་གྱི་ཡིག་ཆ་ཁག་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འབུལ་དགོས།

༡༽ དོ་བདག་གི་དྭང་བླངས་དཔྱ་ཁྲལ་དངུལ་འབབ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས།

༢༽ འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་ཤོག་ངོ་བཤུས།

 སྦྲེལ་ཐག https://forms.gle/bWmYeY5s7UwExwph6

 ཆེ་བསྟོད་ཞུ་ཡུལ། 

  • བཞུགས་སྒར་དྷ་ས་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐབས་འབུལ་རྒྱུ།

དྭོགས་འདྲི་ཡོད་ཚེ་འབྲེལ་བ་བྱ་ཡུལ།

  • བསོད་ནམས་བཟང་མོ། [email protected]
  • སྐལ་བཟང་བདེ་སྐྱིད། [email protected]         
  •  ཁ་པར་ཨང་། ༨༦༢༧༠༩༠༨༦༣

སྔོན་མ།
བོད་ཀྱི་སྐད་ཡིག་གི་ཟབ་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་ས་མིག་གསལ་བསྒྲགས།