
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༦ ཉིན་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ་བྱིས་པའི་སྒྲུང་དེབ་ཁག་ལྔ་ཞུ་དག་བྱས།
དེ་ཡང་ལོ་གཅིག་ནང་སྒྲུང་དེབ་འདྲ་མིན་བཅུ་དང་། ཤོག་མཐུག་བྱིས་པའི་དཔེ་དེབ་ལྔ་འདོན་སྤེལ་བྱེད་ཀྱི་ཡོད་པ་ལྟར། གོང་ཚེས་ཉིན་སྒྲུང་དེབ་གྲངས་ལྔ་ཞུ་དག་གནང་། དེ་ནི་སྐར་མ་དང་གངས་སེང་། ནོར་བུའི་གནས་ཚང་ཞེས་པའི་བོད་སྒྱུར་སྒྲུང་དེབ་ཁག་གཉིས་དང། སྟག་དང་སྦལ་པ། ར་མ་དང་སྤྱང་ཀི་ཞེས་སྲོལ་རྒྱུན་གྱི་སྒྲུང་གཉིས། དེ་བཞིན་ལ་ལུང་བརྒལ་ནས་ཡོང་ཡིན་ཞེས་པར་རིས་དེབ་གཅིག་བཅས་ཡིན།

ཞུ་དག་ཚོགས་འདུའི་ནང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་རྩོམ་སྒྲིག་འགན་འཁུར་བ་ངག་དབང་བསྟན་འཛིན་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས། བྱིས་སྒྲུང་རྩོམ་པ་པོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་ཉི་མ་འཚོ་ལགས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ཡིག་སྒྱུར་བ་བསོད་ནམས་རྒྱལ་ལགས། རྩོམ་སྒྲིག་པ་ཚེ་རིང་དཔལ་འཛོམས་ལགས་བཅས་མཉམ་ཞུགས་གནང་ཡོད། སྒྲུང་དེབ་དེ་དག་གི་དེབ་གཟུགས་དང་ཇུས་འགོད་ཆ་ཚང་གྲུབ་རྗེས་པར་སྐྲུན་གྱིས་བོད་པའི་སློབ་ཁག་ཏུ་རིན་མེད་འགྲེམས་སྤེལ་བྱེད་འཆར་ཡོད།
ཞུ་དག་ཚོགས་འདུའི་འགྲོ་གྲོན་གྱི་མཐུན་འགྱུར་ཆ་ཚང་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་ནས་གནང་བ་བཅས། །

