ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར་དེ་བཞིན་ཟླ་འདིའི་ཚེས་ ༣༠ བར་དུས་འགྱངས་ཞུས་པ།རྩོམ་སྒྲིག་པ།༢༠༢༣-༠༤-༢༦༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་སྒྲགས་བསྐྱངས་དོན། མཐོ་སློབ་ཏུ་ཚན་རིག་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་གཅིག་རིང་ཉམས་གསོག་སྦྱོང་བརྡར་ཞིག་གོ་སྒྲིག
བོད་མིའི་སྒྲིིག་འཛུགས་ཤེས་རིག་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་སློབ་ཁག་གི་གནས་སྟངས་རྟོག་ཞིབ་གནང་བ།རྩོམ་སྒྲིག་པ།༢༠༢༣-༠༤-༢༤༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་གྱི་སམ་བྷོ་ཊ་བོད་སློབ་ཁག་གི་གནས་སྟངས་རྟོག་ཞིབ་དང་གཟིགས་སྐོར་གནང་སྟེ་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༠ ཉིན་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།
བོད་སྒྱུར་སྒྲུང་དེབ་ཁག་གི་ཞུ་དག་ལེགས་གྲུབ་ཟིན་པ།རྩོམ་སྒྲིག་པ།༢༠༢༣-༠༤-༢༡༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༠ ཉིན་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཨིན་ཇིའི་སྐད་ཡིག་ནས་བོད་སྒྱུར་ཞུས་པའི་བྱིས་སྒྲུང་ཁག་གཉིས་དང་། གསར་རྩོམ་ཞུས་པའི་བྱིས་སྒྲུང་གཅིག་བཅས་ཁྱོན་བོད་སྒྱུར་ཞུས་པའི་བྱིས་སྒྲུང་གསུམ་ལ་མ་རྩོམ་དང་ཞིབ་བསྡུར་གྱིས་ཞུ་དག་གནང་ཡོད།
ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་རྟོགས་ཞིབ་གནང་བཞིན་པ།རྩོམ་སྒྲིག་པ།༢༠༢༣-༠༤-༡༧ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༡ ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ལས་འཆར་འགན་འཛིན་འཇིགས་མེད་དབྱངས་ཅན་ལགས་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་གནས་སྟངས་རྟོགས་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་ཡོད།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་འགོ་འཛུགས་གནང་བ།རྩོམ་སྒྲིག་པ།༢༠༢༣-༠༤-༡༦༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་དེ་བཞིན་ཤེས་རིག་ལས་ཁུངས་ནས་ལྡི་ལི་དང་བྷེང་ལོར་བཅས་སུ་དུས་ཚོད་དཀྱུས་གཅིག་ཏུ་བཏང་ཡོད།