ཟླ་རེའི་གསར་འགྱུར།

བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་།

    ཕྱི་ལོ་༢༠༡༣ ཟླ་༡ ཚེས་  ཉིན་ནས་ཚེས་   བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཀོད་སྒྲིག་འོག་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་སྐོང་ཚོགས་གནང་ཡོད།

     ཚེས་༣ ཉིན་གྱི་དབུ་འབྱེད་མཛད་སྒོར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་རྣམ་གཉིས་གཙོས་པའི་ཤེས་རིག་སྡེ་ཚན་ཁག་གི་འགན་འཛིན་དང། ཤེས་ཡོན་འགན་འཛིན་རྣམ་པ། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་༧༡ གི་གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་དང་ཆོས་དགེ  སྔོན་དགེ་བཅས་མི་གྲངས་ ༡༥༣ མཉམ་ཞུགས་གནང་ཡོད་པ་དང། ཚོགས་འདུའི་ཐོག་མར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་ཌོག་ཊར་བློ་བཟང་སེང་གེ་དང། ཤེས་རིག་དྲུང་ཆེ་རྣམ་གཉིས་སྣང་གསལ་ཞལ་འབྱེད་གནང་རྗེས། སྐུ་ལུས་མེ་མཆོད་དུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཆེད་དུ་ངག་བཅད་སྐར་མ་གཅིག་གནང། དེའི་རྗེས་ཤེས་རིག་དྲུང་ཆེ་མཆོག་ནས་ཕེབས་བསུ་དང་ཚོགས་འདུ་དགོས་དམིགས་ངོ་སྤྲོད་གནང་བ་དང། དེ་ནས་ཤེས་རིག་བཀའ་བློན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གསུང་ལམ་སྟོན་གྱི་བཀའ་སློབ་གསུང་བཤད་གནང་བ་དང་དགེ་རྒན་རྣམ་པས་སྤྱི་ཡོངས་དགོངས་འཆར་གསུང་བ་རྣམས་ལ་བཀའ་བློན་མཆོག་གསལ་བཤད་ལམ་སྟོན་གནང་

ཕྱི་དྲོ་བཀའ་བློ་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཚུངས་སྡུར་དང་འགྲན་སྡུར། ཉེས་རྡུང་གི་སྐྱོན་གནད་དང། དེ་མིན་སློབ་གསོའི་ཐབས་ལམ་གཞན་ཐོག་བཀའ་སློབ་གསུང་བཤད་གནང་བ་དང། དགེ་རྒན་རྣམས་དྲི་བར་ལན་འདེབས་གནང།

ཉིན་གཉིས་པར་དགེ་རྒན་རྣམས་ཚོགས་ཆུང་ཁག་དྲུག་ཆ་བགོས་ཀྱིས་བགྲོ་གླེང་སྦྱང་བཤད་གནང་རྒྱུ་དང། ཉིན་གསུམ་པར་ཚོགས་ཆུང་ཁག་གི་དགོངས་འཆར་ཁག་ཕྱོགས་བསྡོམས་དང་འབྲེལ་ཚོགས་ཆེན་ཐོག་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ་དང་། ཤེས་རིག་དྲུང་ཆེ་མཆོག་ནས་མཇུག་བསྡོམས་ལམ་སྟོན་དང་། ཤེས་རིག་དྲུང་འཕར་ནས་ཐུགས་རྗེ་ཆེ་ཞུ་གསུང་བཤད་གནང་འཁེལ་ཡོད་པ་བཅས

སྔོན་མ།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང༌།
ཕྱི་མ།
གཏན་སློབ་ཁག་གི་རེག་ཊར་དང་སྨན་ཞབས། བུ་དང་བུ་མོའི་ཉལ་ཁང་དོ་དམ་པ་སློབ་ཕྲུག་བདེ་འཇགས་དང་འབྲེལ་བའི་ཟབ་སྦྱོང།