ཟླ་རེའི་གསར་འགྱུར།

བོད་སྒྱུར་བྱིས་སྒྲུང་ཞུ་དག་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༣ ཉིན་ཤེས་རིག་ཚོགས་ཁང་དུ་བྱིས་སྒྲུང་གསར་རྩོམ་བཞི་དང་བོད་སྒྱུར་བྱིས་སྒྲུང་གཉིས་ཁྱོན་བསྡོམས་བྱིས་སྒྲུང་དྲུག་ཞུ་དག་གནང་། སྐབས་དེར་ཞུ་དག་གནང་མཁན་ནི་ཤེས་རིག་ཤེས་ལྷན་ཡིག་ཚང་གི་རྩོམ་སྒྲིག་འགན་འཁུར་བ་ངག་དབང་བསྟན་འཛིན་ལགས་དང་། ཤེས་རིག་ཐ་སྙད་ཚན་པའི་ལས་བྱེད་ངག་དབང་བསྟན་འཛིན་ལགས། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་དང་བྱིས་སྒྲུང་རྩོམ་པ་པོ་ཉི་མ་མཚོ་ལགས། སྒྲོལ་མ་གླིང་བཙུན་དགོན་བོད་དགེ་འཇམ་དབྱངས་ལགས། ཤེས་རིག་ཤེས་ལྷན་ཡིག་ཚང་གི་བྱིས་སྒྲུང་བོད་སྒྱུར་བ་ཚེ་རིང་དཔལ་འཛོམས་བཅས་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཞུ་དག་ཚོགས་འདུའི་མཐུན་སྦྱོར་ཆ་ཚང་ཨ་རི་རོགས་ཚོགས་ནས་བོད་ཀྱི་ཐེབས་རྩ་བརྒྱུད་གནང་བ་བཅས། །

སྔོན་མ།
ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སྐད་ཡིག་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ལེགས་བཅོས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་།
ཕྱི་མ།
སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།