ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་དགའ་ལྡན་ཕོ་བྲང་བྱ་དགའ།

༄༅། །ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ བོད་ལྗོངས་མང་གཙོའི་དུས་ཆེན་ཉིན་མོར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་ལས་བཅས་སྡེ་ཚན་སོ་སོའི་ཁོངས་སུ་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་གསུམ་རེར་དགའ་ལྡན་ཕོ་བྲང་བྱ་དགའ་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ལོའི་དགའ་ལྡན་ཕོ་བྲང་བྱ་དགའ་དེ་བཞིན་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོར་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་མཆོག་ནས་གཤམ་གསལ་སློབ་ཕྲུག་རྣམས་ལ་བྱ་དགའ་དང་ལག་འཁྱེར་བཅས་གནང་།

སྒྱུ་རྩལ་སྡེ་ཚན།

ཨང་།སློབ་ཕྲུག་མིང་།སློབ་གྲྭ།བརྒྱ་ཆ།
བསྟན་འཛིན་ཚེ་ལྟ།དྷ་སྟེང་བོད་ཁྱིམ་སློབ་གྲྭ།༩༥་༦
ཀུན་དགའ་ཆོས་དར།མ་སུ་རི་བོད་ཁྱིམ་སློབ་གྲྭ།༩༤་༤
བསྟན་འཛིན་དཔལ་སྒྲོན།མ་སུ་རི་བོད་ཁྱིམ་སློབ་གྲྭ།༩༡་༤
བཀྲ་ཤིས་དབྱངས་འཛོམས།གོ་པལ་པུར་བོད་ཁྱིམ་སློབ་གྲྭ།༩༡་༤

ཚན་རིག་སྡེ་ཚན།

ཨང་།སློབ་ཕྲུག་གི་མིང་།སློབ་གྲྭ།བརྒྱ་ཆ།
ཚེ་དབང་རྒྱལ་མཚན།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།༩༤་༨
བསྟན་འཛིན་ཚེ་དབྱངས།མོན་གྷོ་སཾ་བྷོ་ཊ་གཏན་སློབ།༩༣་༢
བསྟན་འཛིན་ཀུན་གསལ།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།༩༢་༨

ཚོང་ལས་སྡེ་ཚན།

ཨང་།སློབ་ཕྲུག་གི་མིང་།སློབ་གྲྭ།བརྒྱ་ཆ།
བསྟན་འཛིན་མཛོད་གཞི།མ་སུ་རི་བོད་ཁྱིམ་སློབ་གྲྭ།༩༦་༨
བསྟན་འཛིན་འོད་ཟེར།སྦེལ་ཀོབ་བོད་ཁྱིིམ་སློབ་གྲྭ།༩༤་༢
ཉི་མ་མཚམས་གཅོད།སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།༩༢་༦

སློབ་ཚན་སྡེ་ཚན་གསུམ་གྱི་སློབ་མ་རྩེ་ཕུད་རྣམས་ལ་གཟེངས་སྟོད་ལག་འཁྱེར་དང་། ཨང་དང་པོར་བྱ་དགའ་སྒོར་ ༢༠༠༠༠ དང་། གཉིས་པར་སྒོར་ ༡༥༠༠༠ གསུམ་པར་སྒོར་ ༡༠༠༠༠ བཅས་གནང་ཡོད།


སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དེང་དུས་ཀྱི་རིག་རྩལ་བརྒྱུད་མདུན་ལམ་སློབ་སྟོན་བྱེད་ཐབས་ཀྱི་ཟབ་སྦྱོང་ཐོག་ལམ་སྟོན་གསུང་བཤད་གནང་བ།