ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་གོ་སྟོན་སྲུང་བརྩིའི་ཆེད་བྱིས་པའི་འགུལ་བརྙན་བཞི་འགྲེམས་སྤེལ་ཞུས་པ།

༄༅།  །འདི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་སྲུང་བརྩི་ཞུ་བཞིན་ཡོད་སྟབས།  ཤེས་རིག་ལས་ཁུངས་ནས་གོ་སྟོན་གྱི་ལས་འཆར་ཁོངས་ཕྱོགས་ཚད་གཉིས་ལྡན་གྱི་བྱིས་པའི་གླུ་གཞས་འགུལ་བརྙན་༸གོང་ས་མཆོག་དང་ཁོང་གི་ནང་མི། ཞེས་པ་དང་། ༸གོང་ས་མཆོག་༸སྐུ་ཆེ་རིང་པོ་བཞུགས་རོགས་གནང་། ཞེས་པ་གཉིས་དང་། ༸གོང་ས་མཆོག་གི་བསླབ་བྱ་ལེའུ་བཅུ་ལས་ལེའུ་དང་པོ་སྲོག་བསྐྱབས་པ། ཞེས་པ་དང་། ལེའུ་གཉིས་པ་རྙེད་པའི་ཅ་ལག་ཕྱིར་སློག་པ་ཞེས་པ་བཅས། ཁྱོན་བྱིས་པའི་འགུལ་བརྙན་བཞི་བཟོ་སྐྲུན་ལེགས་གྲུབ་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ཡུ་ཊུབ་དྲྭ་བརྙན་ཐོག་འགོད་སྤེལ་ཞུས་ཡོད།

སྤྱིར་འགུལ་བརྙན་རིགས་ནི་ཕྲུ་གུ་རྒན་གཞོན་ཚང་མ་དང་། ལྷག་པར་བྱིས་པ་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་དང་། དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་རྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཐབས་ལམ་ཞིག་ཡིན།།


སྔོན་མ།
ཤེས་རིག་ལས་ཁུངས་དང་མཌ་ར་སི་འབྲི་ཀློག་འཆོལ་སྐྱོན་ཚོགས་པ་མཉམ་འབྲེལ་གྱིས་དམིགས་བསལ་ཤེས་ཡོན་ཐོག་ཟབ་སྦྱོང་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦན་ད་ར་ནོར་རྒྱས་གླིང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།