ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦན་ད་ར་ནོར་རྒྱས་གླིང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ས་གནས་ནཱག་པུར་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྦན་ད་ར་ས་གནས་འགོ་འཛིན་བསྟན་འཛིན་ཚངས་པ་ལགས། ས་འཐུས་ཚོགས་གཞོན་བློ་བཟང་དོན་ཡོད་ལགས། མཉམ་འབྲེལ་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་བཅས་ནས་ཕེབས་བསུ་ཞུས་པ་དང་སྦྲགས། ནཱག་པུར་ས་གནས་སུ་སྦན་ད་ར་གཞིས་མི་སུད་ཚོང་གནང་མཁན་མི་གྲངས་ ༧༥ རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་ནཱག་པུར་ས་གནས་སུ་གཞིས་མི་ཚང་འཛོམས་ཐོག་གཞུང་འབྲེལ་མཛད་སྒོའི་ཁྲོད་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་བ་དང་།  ས་གནས་འགོ་འཛིན་ནས་འཚམས་འདྲིའི་གསུང་བཤད་གནང་ཡོད། དེ་བཞིན་ནཱག་པུར་ས་གནས་སུ་ཡོད་པའི་སུད་ཚོང་གནང་མཁན་སྦན་ད་ར་གཞིས་མི་ཐུན་མོང་ནས་ཤེས་རིག་བཀའ་བློན་མཆོག་ལ་དྲན་རྟེན་ཕྱག་རྟགས་ཕུལ་ཡོད། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད།།


སྔོན་མ།
ཤེས་རིག་ལས་ཁུངས་ནས་གོ་སྟོན་སྲུང་བརྩིའི་ཆེད་བྱིས་པའི་འགུལ་བརྙན་བཞི་འགྲེམས་སྤེལ་ཞུས་པ།