ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་དབུས་ཁུལ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣༠ ནས་ཟླ་བ་ ༡༡ ཚེས་ ༧ བར་རྒྱ་གར་དབུས་ཁུལ་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ།

དེ་ཡང་སློབ་གྲྭ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་མ་གནང་གོང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ལྡི་ལི་སྐུ་ཚབ་དོན་ཁང་དུ་ཤེས་རིག་དཔར་ཁང་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པར་མཉམ་ཞུགས་ཀྱིས་ཤེས་རིག་དཔར་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གྲོས་གཞི་གཏན་འབེབས་བཞིན་བཀའ་བསྡུར་ཞིབ་ལྷུག་དང་འབྲེལ་གང་ལ་གང་འོས་ཀྱིས་གསུང་བཤད་ལམ་སྟོན་དང་། ལྷག་པར་འཛིན་སྐྱོང་ཚགས་ཚུད་ཡོང་སླད་གནང་སྒོ་ཁག་ནར་འགྱངས་སུ་མ་སོང་བར་འཕྲལ་འཕྲལ་ཐག་གཅོད་གནང་དགོས་པའི་མཛུབ་སྟོན་ནན་པོ་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༢༩ སྔ་དྲོ་ནཱག་པུར་ཕེབས་ཐོན་གྱིས་ཉིན་རྒྱབ་དེར་ཡོད་སུད་ཚོང་མི་མང་རྣམས་མཇལ་འཕྲད་ཀྱིས་གསུང་བཤད་གནང་སྒྲུབ་རྗེས་རིམ་བཞིན་སྦན་ད་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་། ཨོ་ཌི་ཤ་ཕུན་ཚོགས་གླིང་བཅས་སུ་རྟེན་གཞི་བྱས་པའི་སློབ་ཁག་ཏུ་རྟོག་ཞིབ་དང་ལྷན་དགེ་རྒན་ལས་བྱེད་དང་། སློབ་ཕྲུག ཕ་མ་སོགས་མཇལ་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག །


སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦན་ད་ར་ནོར་རྒྱས་གླིང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་ལ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།