
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༧ ཉིན་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་དགེ་རྒན་རྣམས་ལ་སྨྲ་བརྗོད་དང་སྐད་བརྡ་ཐོག་དཀའ་ངལ་ཡོད་པའི་ཕྲུ་གུ་རྣམས་ལ་རྒྱབ་སྐྱོར་བྱེད་ཐབས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་དང་། ཕྱི་ཚེས་ ༢༡ ཉིན་ཕ་མ་གྲངས་ ༤༣ ལ་བརྗོད་གཞི་དེའི་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་དང་ཐོག་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་དང་ཞབས་དང་སྨྲ་བརྗོད་དང་སྐད་བརྡ་རིག་པ་བ་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་སྨྲ་བརྗོད་ཀྱི་སྒྲ་སྣ་ཚོགས་དང་སྐད་བརྡ་ཡི་འཁྲུག་སྐྱོན་དང་། དེའི་ཁྱད་ཆོས། དབྱེ་བ་སོགས་ཀྱི་སྐོར་གསུང་བཤད་གནང་། ཁོང་མོས་ཕ་མ་རྣམས་ལ་འཁྲུག་སྐྱོན་དེ་དག་གི་རྒྱུ་རྐྱེན་ཁག་ཅིག་ནི་རིགས་རྒྱུད་དང་། ཁོར་ཡུག དབང་རྩའི་འཕེལ་རིམ་གྱི་མི་ནུས་པ་བཅས་ཡིན་པ་འགྲེལ་བརྗོད་གནང་།

དེ་བཞིན་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་སྨྲ་བརྗོད་དང་སྐད་བརྡའི་འཁྲུག་སྐྱོན་གྱིས་རང་གཡེང་འཁྲུག་སྐྱོན་དང་། ཡིད་བྱེད་དམན་པའི་འཁྲུག་སྐྱོན། དབང་ཤེས་ཀྱི་མི་ནུས་པ་སོགས་འཕེལ་རིམ་གྱི་ནུས་པར་འབྲེལ་བ་ཡོད་སྐོར་གསལ་བཤད་གནང་། ཁོང་མོས་གནས་སྟངས་འདི་དག་ལ་དུས་ཐོག་ངོས་འཛིན་དང་འགན་ལེན་གྱི་གལ་གནད་དང་། ཕ་མ་རྣམས་ལ་རང་གི་བུ་ཕྲུག་གི་གླེང་མོལ་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཕྱོགས་ཀྱི་ཐབས་ལམ་ཁག་ཅིག་མཁོ་སྤྲོད་གནང་ཡོད།
ཟབ་སྦྱོང་འདིའི་ཐོག་ཕ་མ་ཚོར་རང་གི་ཁྱིམ་ཚང་དུ་ཕྲུག་གུའི་སྨྲ་བརྗོད་དང་སྐད་བརྡའི་ནུས་པ་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་ཐོག་ལམ་སྟོན་གནང་བར་ཕ་མས་ཀྱང་མཉམ་ཞུགས་ཀྱིས་དོགས་དྲི་ཕུལ་ཡོད།
ཟབ་སྦྱོང་འདི་བརྒྱུད་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་གི་སྨྲ་བརྗོད་དང་སྐད་བརྡའི་འཕེལ་རིམ་ལ་གོ་རྟོགས་དང་རྒྱབ་སྐྱོར་བྱེད་ཕྱོགས་དང་། ཕྲུག་གུའི་འབྲེལ་ལམ་གྱི་ནུས་པ་གོང་མཐོར་གཏོང་ཐབས་བཅས་ཀྱི་ཐོག་ཕན་ཐོགས་བྱུང་ཡོད་པ་བཅས།།

