༄༅། །ཕྱི་ལོ་ ༢༠༢༦ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་དང་ཟུར་བཅད་ས་མིག་ཁོངས་ཉེ་བའི་གཙུག་ལག་རབ་འབྱམས་དང། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ། གཙུག་ལག་རབ་འབྱམས། རིགས་གཅིག་རྐང་འཛིན། འབུམ་རམས་ཀྱི་སློབ་ཡོན། དམིགས་བསལ་སློབ་ཡོན་བཅས་སློབ་ཡོན་གྲངས་ ༥༨༥ དང་། རྒྱ་གར་དབུས་ས་གཉིས་ནས་ཟུར་བཅད་ས་མིག་གྲངས་ ༢༣ ཡོད། ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་དང་ཟུར་བཅད་ས་མིག་ཆེད་ཕྱི་ལོ་ ༢༠༢༦ ཟླ་ ༠༦ ཚེས་ ༡༤ འགྱངས་མེད་དང་། གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་དང་འབུམ་རམས་ཀྱི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༣༡ འགྱངས་མེད་གཤམ་འོག་གི་གསང་བའི་དྲྭ་མིག་ལ་བཤེར་འབེབས་སམ། ཡང་ན་དྲྭ་ལམ་གྱི་སྦྲེལ་ཐག་བརྒྱུད་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་འདི་ལས་སུ་འབུལ་དགོས། དུས་བཀག་རྗེས་འཚང་སྙན་འབུལ་མཁན་བྱུང་ན་ངོས་ལེན་ཞུ་རྒྱུ་མིན།
སློབ་ཡོན་འགེང་ཤོག —> https://forms.gle/DnxZNEX1Sk6pBcgK7
ཟུར་བཅད་ས་མིག་འགེང་ཤོག —> https://forms.gle/jDAKwTvcq6ueAJ13A
Sherig-Sholarship-2026ཤེས་རིག་སློབ་ཡོན་ཞུ་ལེན་གྱི་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་བརྒྱུད་ཡར་འཇུག་དགོས་པ་གཤམ་གསལ།
༡། སྙན་ཞུ་འབུལ་མཁན་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་། ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དགོས། གལ་ཏེ་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས་སུ་ཕྱིན་པ། ཁ་བྲལ་སོང་བ་ཅི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གནང་བའི་ཞིབ་ཕྲའི་གནས་ཚུལ་ ༼ ཁ་གསལ་འགེང་དགོས། ༽
༢། སློབ་ཕྲུག་རང་ངོས་ཀྱི་ཕྱེད་པར་ཁ་གསར་རེ་ཡར་འཇུག་དགོས།
༣། ཉེ་བའི་གཙུག་ལག་རབ་འབྱམས་སམ། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཞུ་ཆེད་འཛིན་རིམ་བཅུ་གཉིས་ཐོན་པའི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།
༤། གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།
༥། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་ཡན་གྱི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།
༦། བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༧། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གནང་ཡོད་ཚེ་དེའི་ལག་འཁྱེར་ངོ་བཤུས་འབུལ་དགོས།
༨། མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་ཚེ་སློབ་ལོ་སྔོན་མའི་སྙན་འབུལ་བར་གོ་སྐབས་གནང་རྒྱུ།
༩། སྡེ་ཁུངས་གཞན་ནས་མཐོ་རིམ་སློབ་ཡོན་ཐོབ་མཁན་ལ་སློབ་ཡོན་འདི་ཐོབ་ཐང་མེད།
༡༠། ཕྱི་ལོ་ ༢༠༢༥ དང་དེ་སྔོན་འཛིན་རིམ་བཅུ་གཉིས་སམ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་ཕྲུག་རྣམས་ནས་སློབ་ཡོན་ཞུ་ཆེད་སྔ་ལོའི་ནང་སློབ་མཚམས་བཞག་དགོས་པའི་རྒྱུ་མཚན་བཀོད་པའི་སྙན་ཞུ་ཞིག་འབུལ་དགོས།
༡༡། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་། བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་ཆེད་ཟུར་བཅད་སློབ་ཡོན་སྙན་འབུལ་བ་རྣམས་ནས་ཤེས་རིག་སློབ་ཡོན་ཆེད་སློབ་ཡོན་འགེང་ཤོག་འདི་འགེང་མི་དགོས། སློབ་ཕྲུག་རྣམས་ནས་ཁུངས་སོ་སོར་ཐད་ཀར་འབྲེལ་བ་གནང་དགོས།
ཟུར་བཅད་ས་མིག་ཞུ་ལེན་གྱི་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་འཕར་མ་ཁག་དྲྭ་ཐོག་བརྒྱུད་ཡར་འཇུག་དགོས་པ་གཤམ་གསལ།
༡། སྨན་པའི་ཟུར་བཅད་ཞབས་སྟེགས་ཆེད་ NEET UG 2026 ཚུད་རྒྱུགས་ཀྱི་ (Admit Card) ངོ་བཤུས་འབུལ་དགོས།
༢། ཨིན་ཇི་ནི་ཡར་རིང་ཟུར་བཅད་ཞབས་སྟེགས་ཆེད་ JEE ཚུད་རྒྱུགས་ཀྱི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།
༣།སྨན་པའི་ཟུར་བཅད་ཞབས་སྟེགས་རྣམས་ཚུད་རྒྱུགས་ (NEET UG 2026) ཀྱི་གྲུབ་འབྲས་གཞིར་བཟུང་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ།
༤།ཨིན་ཇི་ནི་ཡར་རིང་ཟུར་བཅད་ཞབས་སྟེགས་ཆེད་ JEE ལ་བརྒྱ་ཆ་ ༦༠ དང་འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་ལ་བརྒྱ་ཆ་ ༤༠ རྩིས་སྐོར་གྱིས་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པ་ཞིག་དགོས།
༥། སྨན་པའི་ཟུར་བཅད་ས་མིག་ཕུད་དེ་མིན་ཟུར་བཅད་ས་མིག་གཞན་རྣམས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་མ་ཡོད་ན་སློབ་ལོ་སྔོན་མའི་སྙན་འབུལ་བར་གོ་སྐབས་གནང་རྒྱུ།
ཀ༽ ཉེ་བའི་གཙུག་ལག་རབ་འབྱམས་དང་། ལས་རིགས་སྦྱོང་བརྡར། ཌིབ་ལོ་མའི་སློབ་ཡོན། ( Under Graduate, Vocational, and Diploma Scholarship)
༡། ཕུལ་བྱུང་སློབ་ཡོན། (Excellence Scholarship) སློབ་ཡོན་ཧིན་སྒོར་ ༡༥༠༠༠༠ སློབ་ཡོན་གྲངས། ༢༥
སློབ་ཡོན་འདིའི་དགོས་དམིགས་ནི། ཤེས་ཡོན་དང་། ཀུན་སྤྱོད། འགོ་ཁྲིད་ཀྱི་ནུས་པ་བཅས་གཟེངས་སུ་ཐོན་པའི་སློབ་ཕྲུག་རྣམས་ཀྱི་ཤེས་འཇོན་ནུས་རྩལ་གོང་མཐོར་གཏོང་ཆེད་དུ་ཡིན།
སློབ་ཡོན་འདི་ཞུ་ལེན་ཆེད་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ནས་བསྡོམས་འབོར་གྱི་བརྒྱ་ཆ་ ༧༥ ལོན་དགོས་པ་དང་། དེའི་ཁོངས་ནས་སློབ་ཕྲུག་ ༢༥ ལས་མ་བརྒལ་བ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ་ཡིན།
ཀུན་སྤྱོད་དང་འགོ་ཁྲིད་ནུས་རྩལ་བརྒྱ་ཆ་རྩིས་སྐོར་ཆེད་འདི་ལས་ནས་འབྲེལ་ཆགས་སློབ་གྲྭ་སོ་སོར་ཟུར་དུ་འབྲེལ་བ་ཞུ་རྒྱུ་ཡིན་ན་སྙན་འབུལ་བས་འཚང་སྙན་ནང་འགེང་མི་དགོས།
༢། རོགས་སྐྱོར་སློབ་ཡོན། (Bursary Scholarship) སློབ་ཡོན་ཧིན་སྒོར་ ༡༠༠༠༠༠ སློབ་ཡོན་གྲངས། ༡༥༠
སློབ་ཡོན་འདིའི་དགོས་དམིགས་གཙོ་བོ་ནི། ཉམ་ཐག་ཨང་ཐོབ་༼ག་པ་༽ཅན་ཁོངས་སུ་ཡོད་པ་དང་། དྭ་ཕྲུག་དང་ཕྱེད་དྭ་ཕྲུག ཁྱོ་ཤུག་གང་གི་ཕྲུ་གུ་གསུམ་པ་ལས་གང་རུང་གཅིག་དང་དེའི་ཡན་གྱི་བུ་ཕྲུག བོད་ནས་རྗེས་འབྱོར་བ་དཀའ་ངལ་ཅན་ལ་སློབ་གྲྭ་སོ་སོ་ནས་ངོས་སྦྱོར་ཡོད་པ། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་དབུས་སའི་ལས་བྱེད་དང་། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་བོད་མིའི་སློབ་སྡེ་ཁག་གི་གཏན་འཇགས་དགེ་ལས་བཅས་ཀྱི་ཕྲུ་གུ དམིགས་བསལ་དགོས་མཁོ་ཅན་བཅས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་བཟང་དུ་གཏོང་ཆེད་རོགས་སྐྱོར་གནང་རྒྱུ་ཞིག་ཡིན།
སློབ་ཡོན་འདི་ཞུ་ལེན་ཆེད་ཁྱོ་ཤུག་གང་གི་ཕྲུ་གུ་གསུམ་ལས་གང་རུང་གཅིག་དང་དེའི་ཡན་གྱི་བུ་ཕྲུག་རྣམས་ནས་འགེང་ཤོག་ ༼འགེང་ཤོག ཁ༢༽ དང་། དེ་མིན་རྣམས་ནས་འགེང་ཤོག་ ༼འགེང་ཤོག ཁ༡༽ འཚེམས་ལུས་མེད་པ་འགེང་དགོས་ཐོག་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ནས་བསྡོམས་འབོར་གྱི་བརྒྱ་ཆ་ ༥༠ ལོན་དགོས་པ་དང། དེའི་ཁོངས་ནས་སློབ་ཕྲུག་ ༡༥༠ ལས་མ་བརྒལ་བ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ་ཡིན།
༣། ཁ་གསབ་སློབ་ཡོན། (Supplementary Scholarship) སློབ་ཡོན་ཧིན་སྒོར་ ༥༠༠༠༠ སློབ་ཡོན་གྲངས། ༢༠༠
སློབ་ཡོན་འདི་ནི་འཚོ་བའི་གནས་སྟངས་འགྲིག་ངེས་ཡོད་པའི་ནང་མིའི་ཕྲུ་གུ་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་ཏུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་འགྱུར་དང་། རོགས་སྐྱོར་སློབ་ཡོན་ཁོངས་སུ་མ་ཚུད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་མཐུན་འགྱུར་ཞུ་ཆེད་ཡིན།
སློབ་ཡོན་འདི་ཞུ་ལེན་ཆེད་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ལས་སློབ་ཕྲུག་ ༢༠༠ ལས་མ་བརྒལ་བ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་འདིའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུ།
༤། སློབ་ཡོན་གྱི་བརྒྱ་ཆ་རྩིས་སྐོར་སྟངས་གཤམ་གསལ།
| བརྒྱ་ཆ་བསྐོར་ཡུལ། | ཕུལ་བྱུང་སློབ་ཡོན། | རོགས་སྐྱོར་དང་ཁ་གསབ་སློབ་ཡོན། |
| འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་རྒྱུགས་འབྲས། | ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་བརྒྱ་ཆ། X ༦༠/༡༠༠ | ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་བརྒྱ་ཆ། X ༧༠/༡༠༠ |
| ཀུན་སྤྱོད་དང་འགོ་ཁྲིད་ནུས་རྩལ། | བརྒྱ་ཆ་ ༡ ནས་ ༡༠ བར། | མེད། |
| སློབ་གྲྭའི་སྤྱི་ཁྱབ་རྒན་བདག | བརྒྱ་ཆ་ ༢ | བརྒྱ་ཆ་ ༢ |
| བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག | བརྒྱ་ཆ་ ༣ | བརྒྱ་ཆ་ ༣ |
| འཛིན་རིམ་བཅུ་གཉིས་བོད་ཡིག་རྒྱུགས་འབྲས།* | ཨང་ཐོབ་བརྒྱ་ཆ། X ༢༥/༡༠༠ | ཨང་ཐོབ་བརྒྱ་ཆ། X ༢༥/༡༠༠ |
| གོང་གསལ་བརྒྱ་ཆ་རྩིས་བསྐོར་བ་ལས་ལོན་དགོས་པའི་བརྒྱ་ཆ། | བརྒྱ་ཆ་ ༧༥ | བརྒྱ་ཆ་ ༥༠ (རོགས་སྐྱོར་སློབ་ཡོན་ཆེད།) |
* འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཡང་ན་ཤེས་རིག་ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ཤིག་ས་གནས་འགོ་འཛིན་ལས་ཁུངས་སོ་སོར་ ༢༠༢༦ ཟླ་ ༦ ཚེས་ ༡༩
ཉིན་གོ་སྒྲིག་ཞུས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་གོང་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། ( ཨང་ཀི་ཇི་ཐོབ་ ) X ༢༥/༡༠༠ =
ཁ༽ གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན། (Post Graduate Scholarship) སློབ་ཡོན་གྲངས། ༡༥༠
ཉེ་བའི་གཙུག་ལག་རབ་འབྱམས་པ་རྣམས་མུ་མཐུད་ཆེད་ལས་རིག་ཚན་སློབ་གཉེར་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་འགྱུར་གནང་རྒྱུ་དང་།སློབ་ཡོན་འདི་ཞུ་ལེན་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱོགས་བསྡོམས་རྒྱུགས་འབྲས་བརྒྱ་ཆ་ ༦༠ ངེས་པར་ལོན་དགོས། སློབ་ཕྲུག་གཅིག་ལ་ལོ་རེར་སློབ་ཡོན་སྒོར་ཁྲི་ལྔ་གནང་རྒྱུ།
ག༽ འབུམ་རམས་ཀྱི་སློབ་ཡོན། (Ph.D. Scholarship) སློབ་ཡོན་གྲངས། ༡༠
མཐོ་སློབ་གང་ཞིག་ཏུ་འབུམ་རམས་ཀྱི་སློབ་འཇུག་ངོས་བཞེས་བྱུང་ན་སློབ་ཡོན་ཞུ་སྤྲོད་གནང་རྒྱུ། སློབ་ཕྲུག་གཅིག་ལ་ལོ་རེར་སློབ་ཡོན་སྒོར་བདུན་ཁྲི་ལྔ་སྟོང་གནང་རྒྱུ།
ང༽ བོད་ཀྱི་མཐོ་རིམ་རིག་གནས་སློབ་ཡོན། སློབ་ཡོན་གྲངས། ༢༥
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་གྲངས་ ༢༠ དང་། གཙུག་ལག་རབ་འབྱམས་ཀྱི་ཆེད་སློབ་ཡོན་གྲངས་ ༥ ཡོད། ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་སྒོར་ཁྲི་ལྔ་དང་། གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་སྒོར་ཁྲི་དྲུག་གནང་རྒྱུ། སློབ་ཡོན་འདིའི་ཐོག་འཚང་སྙན་འབུལ་འདོད་ཡོད་རིགས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་ ཐད་ཀར་འབྲེལ་བ་གནང་དགོས།
ཅ༽ བལ་ཡུལ་ཁུལ་གྱི་བོད་ཕྲུག་ཆེད་དམིགས་བསལ་སློབ་ཡོན། སློབ་ཡོན་གྲངས། ༡༥
བལ་ཡུལ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་ཡོན་གྲངས་ ༡༥ དམིགས་བསལ་གནང་རྒྱུ། སློབ་ཕྲུག་གཅིག་ལ་ལོ་རེར་སློབ་ཡོན་སྒོར་ཁྲི་ལྔ་གནང་རྒྱུ་དང་འཚང་སྙན་འབུལ་འདོད་ཡོད་རིགས་ནས་བལ་ཡུལ་གངས་ཅན་བདེ་རྩར་ཐད་ཀར་འབྲེལ་བ་གནང་དགོས།
ཆ༽ འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལ་བོད་ཀྱི་གསོ་བ་རིག་པའི་སློབ་ཡོན། སློབ་ཡོན་གྲངས། ༡༠
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་ཕྲུག་གཅིག་ལ་ལོ་རེར་སློབ་ཡོན་སྒོར་ཁྲི་ལྔ་གནང་རྒྱུ། སློབ་ཡོན་འདིའི་ཁོངས་སྙན་འབུལ་བ་རྣམས་ནས་ཤེས་རིག་ཁ་གསབ་སློབ་ཡོན་ཁོ་ནའི་ནང་སྙན་ཞུ་འབུལ་གནང་དགོས།
ཇ༽ ཟུར་བཅད་ས་མིག ས་མིག་གྲངས་ ༢༣
Scholarship-2026འབྲེལ་གཏུག་ཞུ་ཡུལ།
- སློབ་ཡོན་ཚན་པའི་འབྲེལ་ལས། 9805688414, 8894163656, 7580020887
- གློག་འཕྲིན་ཁ་བྱང་། [email protected] / [email protected]
དྲྭ་ཐོག་ནས་སློབ་ཡོན་འགེང་ཤོག་འབུལ་སྟངས་ཐད་ཤེས་རིག་སློབ་ཡོན་ཚན་པ་ནས་གཤམ་གསལ་དྲྭ་ཐག་བརྒྱུད་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༠ དང་ ༢༦ ཉིན་སོ་སོར་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ལམ་སྟོན་ཞུ་རྒྱུ་ཡིན་ན། མཉམ་ཞུགས་ངེས་པར་གནང་དགོས།
དྲྭ་ཐག —> https://meet.google.com/xtt-utmt-zjg
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ལ།
