ཟླ་རེའི་གསར་འགྱུར།

བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་བོད་ཀྱི་ཐེབས་རྩ་ནས་ཕྱི་ལོ ༢༠༢༦ ལོའི་བོད་མིའི་ཆེད་ལས་སློབ་ཡོན་འདི་ཉིད་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་གྲངས་ ༥ ལ་སློབ་ཡོན་གནང་རྒྱུ། ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་སློབ་ཕྲུག་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་རོགས་སྐྱོར་ཆེད་ཡིན། གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་འབུལ་ཟིན་དགོས།

དྲྭ་ལམ་སྦྲེལ་ཐག —> https://forms.gle/BGsgMZab8Ur5yen37

སློབཚན་ཁག

འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་སློབ་ཚན་གང་རུང་ཐོག་སློབ་གཉེར་བྱེད་འདོད་ཡོད་པ་ཞིག་ངེས་པར་དགོས།

Master in Medicine (MD/MS), Master in Dental Surgery (MDS), Master in Technology (M.Tech), Master in Business Administration (MBA), Master in Computer Application (MCA), Master in Pharmacy (M Pharm), Master in Physiotherapy (MPT), Master of Law (LLM), Master in Education (M.Ed), Master in Public Health (MPH), Master in Journalism and Mass Communication (MJMC), Master in Fine Arts (MFA), Master in Designing (M.Des), Master in Public Administration (MPA), Master of Library and Information Science (MLISc), Master in Engineering (ME).

སློབ་ཡོན་ཚད་གཞི།

སློབ་ཡོན་འདིའི་ཁོངས་འདེམས་ཐོན་བྱུང་བའི་སློབ་ཕྲུག་སོ་སོས་མཐོ་སློབ་ཏུ་སློབ་ཡོན་ཕུལ་བའི་བྱུང་འཛིན་ནང་གསལ་ལྟར་སློབ་ཡོན་མཐོ་ཚད་ཧིན་སྒོར་འབུམ་གཉིས་བར་འབུལ་རྒྱུ་དང་།  སློབ་ཡོན་མ་ཡིན་པའི་འགྲོ་གྲོན་གཞན་གྱི་ཆེད་དུ་ཧིན་སྒོར་བདུན་ཁྲི་ལྔ་སྟོང་བཅས་འབུལ་རྒྱུ། སློབ་ཡོན་མུ་མཐུད་འཐོབ་པར་སློབ་ཕྲུག་སོ་སོས་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༦༠ ལོན་དགོས།

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡། འཚང་སྙན་འབུལ་མཁན་གང་ཞིག་བོད་མི་ཡིན་དགོས་པ་དང་། དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ཞིབ་ཕྲའི་གནས་ཚུལ་ཁག་ འགེངས་ཤོག་ཀ་པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་ཀྱི་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢། འཚང་སྙན་འབུལ་མི་རྣམས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་གོང་འཁོད་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༥ ལོན་པ་ཞིག་དགོས།  ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་དང་ཡིག་རྒྱུགས་ཨང་ཤོག་བཅས་ཀྱི་ངོ་བཤུས་འབུལ་དགོས།

༣། རང་ཉིད་ཀྱི་མཐོ་རིམ་སློབ་དཔོན་ནམ། ཡང་ན་ལས་རོགས། དགེ་རྒན། སློབ་སྟོན་པ་གང་རུང་གཉིས་ནས་རྒྱབ་གཉེར་ཡི་གེ་འབུལ་དགོས།

༤། རང་ཉིད་ཀྱི་ Personal Statement ཤོག་གྲངས་གཅིག་ལས་མ་ཉུང་བ་འབུལ་དགོས།

༥། རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤོག་གྲངས་གཉིས་ལས་མ་མང་བ་འབུལ་དགོས།

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

༡།  ཤེས་རིག་ལས་ཁུངས་དང་བོད་ཀྱི་ཐེབས་རྩ་གཉིས་ཀྱི་འདེམས་སྒྲུག་ཚོགས་ཆུང་ནས་ངག་རྒྱུགས་བརྒྱུད་མཐའ་མའི་འདེམས་སྒྲུག་གནང་རྒྱུ།

༢།  ངག་རྒྱུགས་བརྒྱ་ཆ་གཅིག་མཚུངས་བྱུང་ཚེ་ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་བྱ་རྒྱུ།

འབྲེལ་གཏུགས་བྱ་ཡུལ།


སྔོན་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་བྱུང་བ།