བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་བ། བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་བ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༧ ནས་ཟླ་གྲངས་བཅོ་བརྒྱད་ཀྱི་བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་དང་། འོས་སྦྱོང་གི་དབུ་འབྱེད་མཛད་སྒོར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་ཆེད་ཕེབས་གནང་ཡོད། ༢༠༢༤ ལོའི་ UWC སློབ་ཡོན་གསལ་བསྒྲགས། ༢༠༢༤ ལོའི་ UWC སློབ་ཡོན་གསལ་བསྒྲགས། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། United World College ( UWC ) ཚོགས་པའི་ཁྱབ་ཁོངས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་བཅོ་བརྒྱད་ནང་ཡོད་པའི་མཐོ་སློབ་ཁག་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་སྦྱོང་ཆེད། ཤེས་རིག་ལས་ཁུངས་ཀྱིས་ལང་ཚོ་དར་བབ་པའི་རྒྱུད་ལ་གོམས་གཤིས་བཟང་པོ་དང་། སྒྱུ་རྩལ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ། ཤེས་རིག་ལས་ཁུངས་ཀྱིས་ལང་ཚོ་དར་བབ་པའི་རྒྱུད་ལ་གོམས་གཤིས་བཟང་པོ་དང་། སྒྱུ་རྩལ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ། ༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ལང་ཚོ་དར་བབ་པའི་རྒྱུད་ལ་གོམས་གཤིས་བཟང་པོ་དང་། སྒྱུ་རྩལ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

ཟླ་རེའི་གསར་འགྱུར།

གསར་གནས།

༢༠༢༣ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གསལ་བསྒྲགས་ཞུ་རྒྱུར། འདི་ལོར་བོད་མིའི་ཆེད་ལས་སློབ་ཡོན་འདི་བཞིན་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ ༥ ལ་སློབ་ཡོན་གནང་རྒྱུ་ཡིན་པས་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་དགོས།

ཕྱི་ལོ་ ༢༠༢༣ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ནས་བཟུང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་ (Ph.D) སློབ་མཐར་ཕྱིན་པའི་བོད་ཕྲུག་སུ་རུང་ལ་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠,༠༠༠།༠༠ གནང་རྒྱུ་ཡིན་པས། ཟླ་ ༨ ཚེས་ ༡༠ ནང་ཚུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས།

༢༠༢༣ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་འགྲུལ་གྱི་ལམ་ནས་སློབ་གཉེར་བྱ་རྒྱུའི་ཆེད་སློབ་ཡོན་ས་མིག་གྲངས་ ༧༥ ཡོད་པའི་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་དུ་དམིགས་པ་ཞིག་ཡིན།

ཤེས་རིག་ལས་ཁུངས་ནས་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།

༄༅།ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༩ དང་ ༢༠ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་དུ་འཚོགས་ཡོད།

ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་རྣམས་ལ་དམིགས་པའི་ཀམ་པུ་ཊར་སློབ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་དམིགས་པའི་ཀམ་པུ་ཊར་སློབ་ཁྲིད་ཀྱི་ཟབ་སྦྱོང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༡༦ ཉིན་མཇུག་སྒྲིལ་ཡོད་པ་དང་། དེ་ཡང་མཇུག་སྡོམ་མཛད་སྒོར་སློབ་ཁྲིད་པ་རྣམས་ལ་མཇལ་དར་དང་བཅས་ཐུགས་རྗེ་ལེགས་འབུལ་ཞུས་པ།

||      གསལ་བསྒྲགས།

Menu