ཟླ་རེའི་གསར་འགྱུར།

གསར་གནས།

ཕ་མའི་དུས་དྲན་གྱི་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་དེ་རིང་བྱམས་བརྩེའི་བདག་ཉིད་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་སྐུ་འཁྲུངས་པའི་ཉིན་མོ་དང་བསྟུན་ཕ་མའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ལུས་ངག་ཡིད་གསུམ་གསོ་སྐྱོང་གནང་མཁན་ཕ་མ་ཡོངས་ལ་ཐོག་མར་ཕ་མའི་དུས་དྲན་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཤེས་རིག་སློབ་ཡོན་ཚན་པ་ནས་རྒྱལ་ས་ལྡི་ལི་དང་བྷ་རོ་ཊར་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྒྱལ་ས་ལྡི་ལི་དང་བྷ་རོ་ཊར་བོད་པའི་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་ཡོན་གོ་རྟོགས་ཀྱི་ལས་གཞི་སྤེལ་གནང་ཡོད།

ཤེས་རིག་ལས་ཁུངས་ནས་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་མ་རྣམས་ལ་དྲྭ་ལམ་བརྒྱུད་ཚོགས་འདུ་བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ཕྱི་ལོ་ ༢༠༢༣ ལོའི་སློབ་ཕྲུག་ཁོངས་ནས་སློབ་ཡོན་ལམ་སྲོལ་གསར་པའི་འོག་འདེམས་ཐོན་བྱུང་བའི་ཕུལ་བྱུང་སློབ་ཡོན་ཐོབ་མཁན་ཐོག་མ་ ༢༤…

སློབ་སྤྱི་ས་མིག་གསལ་བསྒྲགས།

༄༅། །སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་སློབ་སྤྱི་གནས་རིམ་དང་པོའི་ལས་གནས་ས་སྟོང་ཡོད་ན། ཆ་རྐྱེན་ཚང་ཞིང་ཆོད་གན་ཐོག་ཞུགས་བློ་ཡོད་རིགས་ནས་ལས་གནས་ཞུ་སྙན་དང་དགོས་མཁོའི་ཡིག་ཆ་ཁག་གློག་འཕྲིན་ཁ་བྱང་<<[email protected]>>བརྒྱུད་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༡ འགྱངས་མེད་ངེས་འབུལ་དང་། ཕྱི་ལོ་ ༢༠༢༥…

ཤེས་རིག་གི་དྲྭ་ཚིགས་གཞན།

||      གསལ་བསྒྲགས།