ཟླ་རེའི་གསར་འགྱུར།

ཕྱི་ལོ་གསར་ཚེས་ལ་བྱིས་པའི་གླུ་གཞས་འགུལ་བརྙན་དང་སྒྲ་དེབ་གསར་པ།

 

༄༅། །བོད་མིའི་སྒྲིག་འཛགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཚང་མ་ལ་ཕྱི་ལུགས་གནམ་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཕྱི་ལོ་གསར་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱིས་བྱིས་པའི་གླུ་གཞས་འགུལ་བརྙན་བདུན་དང་། བྱིས་སྒྲུང་སྒྲ་དེབ་ཉི་ཤུ་རྩ་གཅིག་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགསདང་། ཡུ་ཊུབ་དྲྭ་བའིནང་དུ་ཤར་གཏོང་ཞུས་ཡོད་པས། མ་འོངས་བོད་ཀྱི་སོན་རྩ་རྣམས་དང་ཕ་མ་རྣམ་པས་གཤམ་འོག་གི་དྲྭ་ཐག་བརྒྱུད་དགྱེས་གཟིགས་ཡོང་བ་ཞུ།

སྤྱིར་འགུལ་བརྙན་དང་སྒྲ་དེབ་རིགས་ནི་བོད་ཕྲུག་རྒན་གཞོན་ཚང་མ་དང་། ལྷག་པར་དུ་བྱིས་པ་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་བཞིན། འདི་ག་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་བྱིས་པ་ཡོངས་ཀྱི་ཆེད་དུ་འགུལ་བརྙན་རིགས་གང་ཐུབ་བཟོ་ཐབས་ཞུ་ཡི་ཡོད་པས། ཡོང་འཆར་བོད་ཀྱི་ལོ་གསར་སྔོན་ཙམ་ལའང་འགུལ་བརྙན་གསར་པ་བཞི་དང་སྒྲ་དེབ་དྲུག་བཅས་འབུལ་རྒྱུ་ཡིན་པས་བོད་པའི་བྱིས་པ་ཡོངས་ཀྱིས་གཟིགས་རྒྱུའི་གོ་སྐབས་ཡོང་བར་སྨོན།

བྱིས་པའི་གླུ་གཞས་བརྙན་ཁག་བདུན།

༡།  ངའི་ལོ་རྒྱུས།

༢།  བོད་ཟླ་བཅུ་གཉིས།

༣།  གཟབ་གཟབ་གནང་།

༤།  ཆེམ་ཆེམ་ཆེམ་ཆེམ།

༥།  དེ་རིང་ང་ཚོ་སྐྱིད་པ་ལ།

༦།  འུག་པ་འུག་པ།

༧།  འབའ་འབའ་ལུག་ནག་པོ།

བྱིས་སྒྲུང་སྒྲ་དེབ་ཉི་ཤུ་རྩ་གཅིག

༡།  དཔལ་སྒྲོན་དང་གསལ་སྒྲོན།

༢།  དུས་འཁོར་དབང་ཆེན།

༣།  བྱང་ཤམ་བྷ་ལར་བསྐྱོད་པ།

༤།  བུ་ཆུང་གཡུ་ལྷ་དང་སྲིན་པོ་གཡག་རྭ།

༥།  བུ་དཔལ་འབྱོར་དང་སྒྱུ་མའི་རུས་སྦལ།

༦།  བོད་ལ་འགྲོ་བ།

༧།  མ་དྲིན་ཅན།

༨།  མ་བྱ་རྫི་མ།

༩།  མུ་ཏིག་འཁྲི་ཤིང་།

༡༠། འགྲུལ་པ་དང་ལམ།

༡༡། རི་བོའི་དཔའ་བོ།

༡༢། ལྷ་མོའི་འཛུམ་མདངས།

༡༣། ལུག་རྫི་པ་སངས་དང་འུར་རྡོ་ཆུ་མིག་དགུ་སྒྲིལ།

༡༤། བུ་མོ་ཧེ་ལེན་དང་རླུང་འཚུབ་དྲག་པོ།

༡༥། གྲོགས་ཕན་བྱེད་པའི་གདོན་འདྲེ།

༡༦། གཟིམ་གཡོག་ནོར་ཆུང་།

༡༧། གྲོགས་པོའི་བརྩེ་དུང་།

༡༨། གུང་ཐང་དཔལ་ལྡན་ལྷ་མོ།

༡༩། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ

༢༠། ༧ཏཱ་ལའི་བླ་མའི་ཁྲུང་ཁྲུང་སྐྱོབ་པ།

༢༡། འོད་སྣང་དང་སེམས་དཀར།

ལས་གཞི་འདི་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་གནང་ཡོད།

 

སྔོན་མ།
བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ལེགས་གྲུབ་ཟིན་པ།
ཕྱི་མ།
འཛིན་རིམ་བདུན་པའི་རྩིས་རིག་སྦྱོང་དེབ་དང་འཛིན་གྲྭ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།