༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་འདི་ག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྒྱ་གར་བ་དང་ཕྱི་རྒྱལ་གྱི་མདུན་ལམ་སློབ་སྟོན་པ་ཁག་གཅིག་དང་བོད་ཁྱིམ་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་སོགས་ཁྱོན་མི་གྲངས་ ༢༠ བརྒལ་བའི་ལྷན་འཛོམས་བྱུང་བའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་ཟབ་སྦྱོང་བ་རྣམས་ཀྱིས་རང་ཉིད་ཕན་ཚུན་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་བ་དང།
དེ་རྗེས་ཆུ་ཚོད་ ༡༡ ཐོག་(Dr.Sachin Jain)ལགས་ཀྱིས་(Revisiting American Counseling Association Codes of Ethics)ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་དོར་ལགས་ཀྱིས་(Cultivating peace and compassion in studenes)དང་(Tibetan Buddhist technique of Mindfulness in increasing concentration)ཞེས་པའི་བརྗོད་གཞི་གཉིས་ཐོག་གསུང་བཤད་གནང།
དེ་བཞིན་ཕྱི་ཚེས་ ༡༢ ཉིན་(Dr.Rta Sommers_Flangan)ལགས་ཀྱིས་(Counseling Difficult youths:Ten Techniques and discussion)ཅེས་པའི་བརྗོད་གཞི་སོགས་མདོར་ན་ཕྱི་ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་འཚོགས་བཞིན་པའི་ཟབ་སྦྱོང་གི་བརྗོད་གཞི་ཁག་བཅུ་གསུམ་ཐོག་དེ་དང་འབྲེལ་ཡོད་ཤེས་ལྡན་མི་སྣ་ཚོས་གསུང་བཤད་གནང་གྲུབ་མཚམས་ཤེས་ཡོན་མདུན་ལམ་སློབ་སྟོན་པ་བསོད་ནམས་པདྨོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག་པ་བཅས། །