ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག གཉའ་ཁྲི་ཚོགས་ཁང་དུ་གཞི་རིམ་བར་མའི་ཨང་རྩིས་སློབ་དེབ་ལ་བསྐྱར་ཞིབ་དང་། གཏན་འབེབས་ཀྱི་ཚོགས་འདུ་བསྐོངས་ཚོགས་གནང་།
ཚོགས་འདུ་ཉིན་གསུམ་རིང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་ལ་ཕབ་པའི་གཞི་རིམ་བར་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལྟར། ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་འཛིན་གྲྭ་དྲུག་པའི་ཨང་རྩིས་ཀྱི་སློབ་དེབ་ལ་བསྐྱར་ཞིབ་དང་གཏན་འདེབས་བྱ་འཆར་འདུག
ཐེངས་འདིའི་ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་འགན་འཁུར་བ་རྣམ་པ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་བོད་ཁྱིམ་དང་དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་བསྐྱར་ཞིབ་ཚོགས་མི་རྣམ་པ། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་མཉམ་ཞུགས་གནང་ཡོད།
ད་ལོའི་ལོ་མཇུག་ཏུ་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པ་དང་། དྲུག་པའི་ཨང་རྩིས་སློབ་དེབ་དཔར་བསྐྲུན་གནང་འཆར་འདུག་པ་བཅས།

སྔོན་མ།
བོད་རིགས་ཚན་རིག་སློབ་ཕྲུག་དགུ་ལ་རྒྱ་གར་རྒྱལ་ཡོངས་ཚན་རིག་ཉམས་ཞིབ་བསྟི་གནས་ཁང་ཁག་གཉིས་ལ་ཉམས་གསོག་གི་གོ་སྐབས་བསྐྲུན་པ།
ཕྱི་མ།
བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་།