ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༣ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་མི་འགྲོ་འདེམས་རྒྱུགས་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་མི་འགྲོ་འདེམས་རྒྱུགས་གནང་ཡོད།

དེ་ཡང་འདེམས་རྒྱུགས་ལྡི་ལི་དང་། བྷེང་ལོར། བལ་ཡུལ་བཅས་སུ་དུས་གཅིག་ཏུ་གནང་ཡོད་པ་དང་། ཐེངས་འདིར་སློབ་ཡོན་གྱི་མཐུན་རྐྱེན་བཞེས་མཁན་མི་གྲངས་ ༥༦ བྱུང་ཡོད། བོད་ཡིག་དང་ཨིན་ཇིའི་ཊོ་ཕེལ་ཡིག་རྒྱུགས་ (TOEFL ITP) བརྒྱུད་མི་འགྲོ་བདམ་ཡོད་ཅིང་། ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་ཟིན་འཕྲལ་མི་འགྲོ་ ༣༠ དྲག་འདེམས་ཀྱིས་ཟླ་བ་ ༠༥ ཚེས་ ༡༠ དང་ ༡༡ ཉིན་རྡ་རམ་ས་ལར་འདྲི་གླེང་བརྒྱུད་མཐའ་མའི་འདེམས་སྒྲུག་གནང་གི་ཡོད་པ་རེད། ཐོག་མར་འདི་ལོའི་ཨ་རིའི་སློབ་ཡོན་ལས་གཞིའི་ཁོངས་སུ་སྙན་ཞུ་འབུལ་མི་ ༦༩ བྱུང་ཡོད་ནའང་། དེ་ཁོངས་མི་དགུ་ལ་འོས་ཆོས་ཚང་མེད་པ་དང་། མི་བཞིས་ཕྱིར་ཐེན་གནང་སྟེ་འདེམས་རྒྱུགས་དངོས་གཞིར་ཞུགས་མི་ ༥༦ བྱུང་འདུག

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་ནི་བཙན་བྱོལ་བོད་མིར་སློབ་ཡོན་ལས་གཞི་ཡོད་ཁོངས་ནས་ལས་གཞི་གལ་ཆེན་ཞིག་ཆགས་ཡོད། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདི་བཞིན་ཨ་རི་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་འཛིན་སྐྱོང་འགན་ཁུར་ཞུ་བཞིན་ཡོད་པ་བཅས།།

སྔོན་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།
ཕྱི་མ།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་ནས་ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་གིས་གཙོས་གནས་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་བ།
Menu