ཟླ་རེའི་གསར་འགྱུར།

བཀའ་བློན་མཆོག་གི་ཐའེ་ལེན་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལ་ཐའེ་ལེན་གྱི་རྒྱལ་ས་བྷེང་ཀོག་ནང་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་ Asian Institute of Technology (AIT) གིས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༡ བར་བསྟི་གནས་ཁང་དེར་གཟིགས་སྐོར་དུ་ཕེབས་པ་ལེགས་གྲུབ་བྱུང་།
དེ་ཡང་བཀའ་བློན་མཆོག་ཨེ་ཤི་ཡའི་འཕྲུལ་རིག་བསྟི་གནས་ཁང་དུ་ཕེབས་འབྱོར་སྐབས་བསྟི་གནས་ཁང་དེའི་གཙོ་འཛིན་ Worsack-Kanok Nukulchai མཆོག་གིས་གཙོས་གཙུག་ལག་སློབ་དཔོན་དང་ལས་བྱེད་བགྲེས་པ་ཁག་ཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས།
སྐབས་དེར་བཀའ་བློན་མཆོག་གིས། འབྱུུང་འགྱུར་བསྟི་གནས་ཁང་འདི་ནས་བཙན་བྱོལ་བོད་མིའི་སློབ་མ་རྣམས་ལ་སློབ་འཇུག་སོགས་ཀྱི་ཐོག་རྒྱབ་སྐྱོར་གནང་བ་དང། བཙན་བྱོལ་བོད་མིའི་ཤེས་ཡོན་གོང་མཐོར་གཏོང་ཆེད་སློབ་གཉེར་དང་། ཟབ་སྦྱོང་། ཉམས་ཞིབ་སོགས་ཀྱི་ཐོག་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན། བསྟི་གནས་ཁང་གི་གཙོ་འཛིན་མཆོག་གིས་གང་ཐུབ་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་ཐོབ།
དེ་བཞིན་བཀའ་བློན་མཆོག་གིས་རྒྱལ་ཁབ་ཁག་ ༢༢ ནས་ཡིན་པ། གཙུག་ལག་སློབ་གྲྭ་ཐོན་པའི་སློབ་མ་ཁག་ཅིག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། བསྟི་གནས་ཁང་དེའི་ཉམས་ཞིབ་ཚན་པའི་འགན་འཛིན་གཞོན་པ་དང་། གཙུག་ལག་སློབ་ཁང་དེའི་ངེས་སྟོན་པ་ལ་ཡང་མཇལ་འཕྲད་གནང་།

སྔོན་མ།
ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
Menu