ཟླ་རེའི་གསར་འགྱུར།

ཞེ་སའི་ཚིག་མཛོད།(༢)

ཞེ་སའི་ཚིག་མཛོད། Vocabulary of honorific terms
ཨང༌། ཞེ་ས། ཕལ་སྐད། དབྱིན་སྐད།
༢༡༡ ཐུགས་ལ་བཅངས་པ། སེམས་ལ་བཞག་པ། Remember. To keep in mind.
༢༡༢ ཐུགས་ཅག་གནང་རོགས། གཟབ་གཟབ་བྱེད་རོགས། Please take care of. Be alert.
༢༡༣ ཐུགས་རྒྱ་ཆེ་བ། བློ་རྒྱ་ཆེ་བ། Broad minded. Liberal.
༢༡༤ ཐུགས་སུ་ཆུད་པ། སེམས་ལ་ངེས་པ། To understand. To keep in mind.
༢༡༥ ཐུགས་འཇགས་གནང་བ། བློ་འཇགས་བྱས་པ། Remember. To keep in mind.
༢༡༦ ཐུགས་དྭོགས་གནང་བ། དྭོགས་པ་བྱས་པ། To feel doubtful. To suspect.
༢༡༧ ཐུགས་སྣང་གནང་བ། དོ་སྣང་བྱས་པ། To pay attention. To show interest.
༢༡༨ ཐུགས་སྤྲོ། སྐྱིད་སྐྱིད། Merriment. A party.
༢༡༩ ཐུགས་སྤྲོ་པོ། སེམས་སྐྱིད་པོ། Happy. Cheerful.
༢༢༠ ཐུགས་སེམས་མ་ཟིན་པ། སེམས་པ་འཆོལ་བ Lunatic. Mentally sick.
༢༢༡ ཐུགས་ཕན་གསོས་པ། ཕན་ཐོགས་པ། Useful. Usefulness 
༢༢༢ ཐུགས་ཕན་གསོས་པོ།  ཕན་ཐོགས་པོ། Useful. Usefulness 
༢༢༣ ཐུགས་ཕམ་པ། བློ་ཕམ་པ། To feel sad. To regret.
༢༢༤ ཐུགས་ལ་བབས་པ། བློ་ལ་འགྲོ་བ། To like. To please.
༢༢༥ ཐུགས་བྲེལ་གནང་བ། བྲེལ་བ་བྱས་པ། To make haste. To hurry.
༢༢༦ ཐུགས་མུག་པ། སེམས་མུག་པ། To feel sad or dejected.
༢༢༧ ཐུགས་སྨོན་གནང་བ། སྨོན་ལམ་བརྒྱབས་པ། To pray. To wish.
༢༢༨ ཐུགས་བརྩེ་ལྡན་པ། བརྩེ་བ་ལྡན་པ། Having affection. Loving.
༢༢༩ ཐུགས་ལ་འཛིན་པ། བློ་ལ་འཛིན་པ། To memorize. To keey in mind.
༢༣༠ ཐུགས་གཡེངས་པ། སེམས་གཡེང་པ། Inattentive. Without concentration.
༢༣༡ ཐུགས་རིག་བཀྲ་བ། རིག་པ་བཀྲ་བ། Brniny. Intelligent. Bright.
༢༣༢ ཐུགས་གཤིས། གཤིས་ཀ། Nature of character.
༢༣༣ ཐུགས་ལོང་མི་འདུག ལོང་མི་འདུག No time to do.Busy.
༢༣༤ ཐུགས་ཟོན་གནང་བ། ཟོན་བྱས་པ། To take precaution. Be alert.
༢༣༥ ཐུགས་གསོ་འབུལ་བ། སེམས་གསོ་གནང་བ། To condole. To console.
༢༣༦ ཐུགས་རུས་ཆེ་བ། སྙིང་རུས་ཆེ་བ། Hard working. One who tries hard.
༢༣༧ ཐུགས་བསམ་བཞེས་པ། བསམ་བློ་བཏང་པ། To think. To consider.
༢༣༨ ཐུགས་སར་ཆེ་བ། སྔ་སར་ཆེ་བ། To be early.
༢༣༩ ཐུགས་བསྲན་ཆེ་བ། བཟོད་བསྲན་ཆེ་བ། One who can bear hard ship. 
༢༤༠ བདག་མོ། སྐྱེ་དམན། Wife of a Tibetan Lama.
༢༤༡ བདག་མོ་བཞེས་པ། སྐྱེ་དམན་བླངས་པ། To take a wife. To get married.
༢༤༢ གདུང་རྒྱུད། རུས་རྒྱུད། Descendant. Scion.
༢༤༣ གདུང་སྒྲོམ། རོ་སྒྲོམ། Coffin. Box for a corpse.
༢༤༤ གདུང་ཐལ། རོ་ཐལ། Ash after cremation of a dead body.
༢༤༥ གདུང་འཛིན། རྒྱུད་པ། Descendent. Scion.
༢༤༦ གདུང་རབས། མི་རབས། Line of generations. Descendant.
༢༤༧ གདུང་རུས། རུས་རྒྱུད། Descendant. Scion.
༢༤༨ གདུང་སྲས། བླ་མའི་ཕྲུ་གུ། Son of a Lama.
༢༤༩ དྲུང་ཡིག་ལགས། དྲུང་ཡིག Clerk. Scribe. Secretary.
༢༥༠ ན་བཟའ། དུག་ལོག Clothes. Garments.
༢༥༡ གནང་བ། སྤྲོད་པ། To give. To grant. 
༢༥༢ གནང་བ། བྱེད་པ། To do. To perform. 
༢༥༣ གནང་བ་གནང་བ། ཆོག་མཆན་སྤྲད་པ། To give permission.
༢༥༤ གནང་མདོག་ཁ་པོ། བྱེད་མདོག་ཁ་པོ། Likely to do or perform.
༢༥༥ གནང་མདོག་ཁ་པོ། སྤྲོད་མདོག་ཁ་པོ། Likely to give or grant.
༢༥༦ གནང་རོགས་གནང༌། སྤྲོད་རོགས། Please give. Please grant.
༢༥༧ གནང་རོགས་གནང༌། བྱེད་རོགས། Please do. Please perform.
༢༥༨ གནང་བྱུང༌། སྤྲད་བྱུང༌། Gave. Granted.
༢༥༩ གནང་བྱུང༌། བྱས་སོང་། Done. Performed.
༢༦༠ གནང་སོང༌། སྤྲད་སོང༌། Gave. Granted.
༢༦༡ གནང་མི་འདུག སྤྲད་མི་འདུག Not given. Not granted.
༢༦༢ གནང་རོགས་སུ་ཡོད། བྱེད་རོགས་སུ་ཡོད། Who is there to assist?
༢༦༣ གནང་གི་རེད། སྤྲོད་ཀྱི་རེད། Will give. Will grant.
༢༦༤ གནང་གི་རེད། བྱེད་ཀྱི་རེད། Will do. Will perform.
༢༦༥ གནང་འདོད་མི་འདུག བྱེད་འདོད་མི་འདུག Not willing to do.
༢༦༦ གནང་འདོད་མི་འདུག སྤྲོད་འདོད་མི་འདུག Not willing to give.
༢༦༧ གནང་རྩིས། སྤྲོད་རྩིས། Willingness to give.
༢༦༨ གནང་རྩིས། བྱེད་རྩིས། Willingness to do.
༢༦༩ གནང་སྲོལ་ཡོད་པ། སྤྲོད་སྲོལ་ཡོད་པ། Precedent to give. 
༢༧༠ གནང་སྒོ།  བྱེད་སྒོ། Things to be done.
༢༧༡ གནང་འཆར།  བྱེད་འཆར། Plan to do.
༢༧༢ མནལ། གཉིད། Sleep.
༢༧༣ མནལ་ཁུག་པ། གཉིད་ཁུག་པ། To fall asleep.
༢༧༤ མནལ་ལམ། གཉིད་ལམ། Dreams.
༢༧༥ པུར། རོ། Corpse. Dead body.
༢༧༦ པུར་ཁུང༌། རོ་ཐབ། Funeral pyre.
༢༧༧ པུར་སྒྲོམ། རོ་སྒམ། Coffin. Box for the corpse.
༢༧༨ པུར་མཆོད་འབུལ་བ། རོ་མེར་བསྲེགས་པ། To cremate.
༢༧༩ པུར་མེ། རོ་མེ། Crematorial fire.
༢༨༠ སྤྱན། མིག Eyes.
༢༨༡ སྤྱན་སྔ་རུ། མདུན་དུ། Before. In front of.
༢༨༢ སྤྱན་ཆབ། མིག་ཆུ། Tears.
༢༨༣ སྤྱན་བསྟར་ཞུས་པ། མིག་ལ་བསྟན་པ། To show.
༢༨༤ སྤྱན་དྲངས་པ། གདན་དྲངས་པ། To invite. To bring.
༢༨༥ སྤྱན་རྣོ་པོ། མིག་གསལ་པོ། Sharp sighted. Good eye sight.
༢༨༦ སྤྱན་ཤེལ། མིག་ཤེལ། Bespectacled. Eye glasses.
༢༨༧ སྤྱལ་གསལ། དམིགས་བསལ། Favourite.
༢༨༨ སྤྱན་སྤུ། མིག་སྤུ། Eye lashes.
༢༨༩ སྤྱན་འབེབས་ཞུས་པ། མིག་ལ་བསྟན་པ། To show.
༢༩༠ སྤྲོ་བོ། དགའ་པོ། Happy. Pleased.
༢༩༡ སྤྲོ་སྐྱིད། དགའ་སྐྱིད། Entertainment. Merriment.
༢༩༢ སྤྲོ་ཁང༌། སྐྱིད་སྐྱིད་ཁང༌། Entertainment house.
༢༩༣ སྤྲོ་སྣང༌། དགའ་སྣང༌། Feeling of happin2ss.
༢༩༤ སྤྲོ་སྨན། སེ་པེན། Chilli.
༢༩༥ ཕུལ་བ། སྤྲད་པ། To offer. To give.
༢༩༦ ཕེབས་སྐྱེལ། སྐྱེལ་མ། Send off. Farewell.
༢༩༧ ཕེབས་ཀོ ཀོ་གྲུ Ferry boat.
༢༩༨ ཕེབས་ཁྲི། མགྲོགས་བྱམས། Palanquine.
༢༩༩ ཕེབས་གྲབས། འགྲོ་གྲབས།  About to go.
༣༠༠ ཕེབས་སྒྲིག འགྲོ་རྒྱུའི་གྲ་སྒྲིག Preparation to go.
༣༠༡ ཕེབས་དོན། ཡོང་དོན། Purpose of coming. 
༣༠༢ ཕེབས་དོན། འགྲོ་དོན། Purpose of going.
༣༠༣ ཕེབས་གདོང༌། འགྲོ་བའི་སྔོན། Before going.
༣༠༤ ཕེབས་གདོང། ཡོང་བའི་སྔོན། Before coming.
༣༠༥ ཕེབས་རྩིས། འགྲོ་རྩིས། Plan to go.
༣༠༦ ཕེབས་བསྟུན། སླེབས་བསྟུན། At the time of coming.
༣༠༧ ཕེབས་སྟོན། སྐྱེལ་སྟོན། Farewell party.
༣༠༨ ཕེབས་ཟམ། ཟམ་པ། Bridge.
༣༠༩ ཕེབས་རོགས། འགྲོ་རོགས། Companion to travel.
༣༡༠ ཕེབས་ལམ་ འགྲོ་ལམ། Way. Path. Road.
༣༡༡ ཕེབས་ཞོར། འགྲོ་ཞོར། While going.
༣༡༢ ཕེབས་ཞོར། ཡོང་ཞོར། While coming.
༣༡༣ ཕེབས་བྱུང༌། སླེབས་བྱུང༌། Came. Arrived. Received.
༣༡༤ ཕེབས་སོང༌། ཕྱིན་སོང༌། Went. Gone.
༣༡༥ ཕེབས་མཚམས། འགྲོ་མཚམས། At the time of going.
༣༡༦ ཕེབས་མཚམས། ཡོང་མཚམས། At the time of coming.
༣༡༧ ཕེབས་བསུ། བསུ་མ། Reception. Welcome.
༣༡༨ ཕེབས་གསལ། འབྱོར་གསལ། As arrived. As received.
༣༡༩ ཕྱག་འཁར། འཁར་རྒྱུག Walking stick.
༣༢༠ ཕྱག་དངུལ། དངུལ། Money. Cash.
༣༢༡ ཕྱག་གྲོན། འགྲོ་གྲོན། Expenses.
༣༢༢ ཕྱག་ཁུག དངུལ་ཁུག Purse. Money bag.
༣༢༣ ཕྱག ལག་པ། Hand.
༣༢༤ ཕྱག་རྒྱུན། ལག་རྒྱུན། Continuation of expertise.
༣༢༥ ཕྱག་ཆ། ལག་ཆ། Tools. Equipments.
༣༢༦ ཕྱག་རྗེས། ལག་རྗེས། Hand prints. Record of deeds.
༣༢༧ ཕྱག་རྟགས། ལག་རྟགས། Presents. Gift. 
༣༢༨ ཕྱག་རྟེན། འབུལ་རྟེན། Offerings. Presents.
༣༢༩ ཕྱག་བཏབ་པ། བཟོས་པ། To construct. To establish.
༣༣༠ ཕྱག་ངར། ལག་ངར། Arm.
༣༣༡ ཕྱག་དམ། ཐེལ་ཙེ། Seal. Stamp.
༣༣༢ ཕྱག་དར། གད་སྙིགས། Rubbish. Refuse. Litter.
༣༣༣ ཕྱག་མདུད། མདུད་པ། Knot.
༣༣༤ ཕྱག་ལྡེ། ལྡེ་མིག Key. 
༣༣༥ ཕྱག་དེབ། དེབ། Book.
༣༣༦ ཕྱག་དྲིལ། དྲིལ་བུ། Bell used by a lama.
༣༣༧ ཕྱག་མདའ། མདའ། Arrow.
༣༣༨ ཕྱག་གདུབ། ལག་གདུབ། Bangles. Rings.
༣༣༩ ཕྱག་མཐིལ། ལག་མཐིལ། Hand palm.
༣༤༠ ཕྱག་སྣེ། ཕྱག་དངུལ། Pocket money.
༣༤༡ ཕྱག་དཔུང།  དཔུང་པ། Shoulder.
༣༤༢ ཕྱག་ཕེབས་གནང།  ཡོང་བ་དགའ་བྱུང། Welcome.
༣༤༣ ཕྱག་དཔེ། དཔེ་ཆ། Holy scripts. Religious books.
༣༤༤ ཕྱག་ཕྲེང༌། ཕྲེང་བ། Rosary. Prayer beads.
༣༤༥ ཕྱག་བྲིས། ཡི་གེ། Letter.
༣༤༦ ཕྱག་སྦག སྦག A Chinese game called Majong.
༣༤༧ ཕྱག་སྦྲེལ། ལག་སྦྲེལ། Hands in glove. Partnership.
༣༤༨ ཕྱག་འཇུག་གནང་བ། ཉེས་རྡུང་བཏང་བ། To punish. To beat.
༣༤༩ ཕྱག་མོ་བསྐྱོན་པ། མོ་བརྒྱབས་པ། To foretell through divination.
༣༥༠ ཕྱག་སྨྱུག སྨྱུ་གུ། Pen. Usually bamboo pen.
༣༥༡ ཕྱག་རྩལ། ལག་རྩལ། Skill. Art. Expertise.
༣༥༢ ཕྱག་ཚགས། ཉར་ཚགས། To keep. Maintain.
༣༥༣ ཕྱག་ཚད། ཐིག་ཚད། Measurement.
༣༥༤ ཕྱག་མཚན། ས་ཡིག། Signature.
༣༥༥ ཕྱག་མཚན། ལྷ་སྐུའི་རྟགས། Symbols of deities.
༣༥༦ ཕྱག་ཚོད། ཆུ་ཚོད། Wrist watch.
༣༥༧ ཕྱག་མཛུབ། མཛུབ་མོ། Finger.
༣༥༨ ཕྱག་བཞེས། ལག་ལེན། Practice. Implementation.
༣༥༩ ཕྱག་བཞེས་བསྟར་བ། ལག་ལེན་བསྟར་བ། To practise. To implement.
༣༦༠ ཕྱག་བཟོ། ལག་བཟོ། Art of craftsmanship. Expertise.
༣༦༡ ཕྱག་རོགས། ལས་རོགས། Assistant. Partner.
༣༦༢ ཕྱག་ལས། ལས་ཀ། Work. Duty.
༣༦༣ ཕྱག་རྫས། ཅ་ལག Things. Wealth.
༣༦༤ ཕྱག་ལེན། ལག་ལེན། Practice.
༣༦༥ ཕྱག་ཤུབས། ལག་ཤུབས། Gloves.
༣༦༦ ཕྱག་ཤན། གྲི Knife. 
༣༦༧ ཕྱག་ཤོ། ཤོ། Dice.
༣༦༨ ཕྱག་བསིལ་གནང་བ། ལག་པ་འཁྲུས་པ། To wash hands.
༣༦༩ ཕྱག་སེན། ལག་པའི་སེན་མོ། Finger nails.
༣༧༠ ཕྱག་སོན། ལག་སོན། To get. To receive.
༣༧༡ ཕྱག་སྲོལ། ལུགས་སྲོལ། Tradition of skill.
༣༧༢ དབུ། མགོ། Head.
༣༧༣ དབུ་སྐྱེས། སྐྲ། Hair. 
༣༧༤ དབུ་སྐྲ། སྐྲ། Hair.
༣༧༥ དབུ་ཁྲིད། འགོ་ཁྲིད། Leader. Officer.
༣༧༦ དབུ་འཁོར། དཔོན་པོ་དང་གཡོག་པོ། Master & servant.
༣༧༧ དབུ་ཉེས། ཁག་གཡོགས། False accusation. Blame.
༣༧༨ དབུ་སྐོར། མགོ་སྐོར། To cheat. To deceive.
༣༧༩ དབུ་གུར། གུར། Tent.
༣༨༠ དབུ་སྙུང་པ། མགོ་ན་བ། To suffer from headache.
༣༨༡ དབུ་འཐོམས་པ། མགོ་འཐོམས་པ། Perplexed. To get puzzled.
༣༨༢ དབུ་ཐོད། དཔྲལ་བ། Forehead.
༣༨༣ དབུ་གདུགས། ཉི་གདུགས། Umbrella.
༣༨༤ དབུ་ལྡུམ། མགོ་རིལ། Clean shaven head.
༣༨༥ དབུ་བླ། བླ་མའི་གཙོ་བོ། Head priest.
༣༨༦ དབུ་རྩེ། རྩེ་མོ། Top or peak.
༣༨༧ དབུ་ཚུགས་པ། འགོ་ཚུགས་པ། To begin. To start.
༣༨༨ དབུ་ཞྭ། ཞྭ་མོ། Hat. Cap.
༣༨༩ དབུ་རིལ། མགོ་རིལ། Clean shaven head.
༣༩༠ དབུ་རུས། མགོ་རུས། Head bone.
༣༩༡ དབུ་མཛད་ལགས། དབུ་མཛད། One who begins the prayer.
༣༩༢ དབུ་རྨོག རྨོག Helmet.
༣༩༣ དབུ་རྨོངས་པ། མགོ་རྨོངས་པ། Perplexed. Puzzled. Ignorant of.
༣༩༤ དབུ་རས། མགོ་རས། Head gear. Turban.
༣༩༥ དབུ་འཕང། མགོ་འཕང། High spirit.
༣༩༦ འབུལ་བ། ཡར་སྤྲོད་པ། To offer.
༣༩༧ འབུལ་སྐྱེས། སྤྲོད་ཆས། Things to offer. 
༣༩༨ འབུལ་ཆས།  སྤྲོད་དངོས། Things to offer. 
༣༩༩ འབུལ་རྟེན། སྤྲོད་དངོས།  Things to offer. 
༤༠༠ འབུལ་རྫས། སྤྲོད་དངོས། Things to offer. 
༤༠༡ འབུལ་དངོས། སྤྲོད་དངོས། Things to offer.
༤༠༢ འབུལ་དངུལ། སྤྲོད་དངུལ། Money to give.
༤༠༣ འབུལ་བརྫོངས་ཞུས་པ། བཏང་པ། Sent. Dispatched.
༤༠༤ འབུལ་ལམ་ཞུས་པ། སྤྲད་པ། Gave. Offered.
༤༠༥ འབུལ་མི། སྤྲོད་མི། Offerer. The giver.
༤༠༦ འབུལ་ཡུལ། སྤྲོད་ཡུལ། Place to give.
༤༠༧ འབུལ་ས། སྤྲོད་ས། To whom to be given.
༤༠༨ འབུལ་བྱང།  སྤྲོད་བྱང། Address of the receiver.
༤༠༩ འབུལ་དོན། སྤྲོད་དོན། Purpose of giving.
༤༡༠ འབུལ་ཡིག སྤྲོད་ཡིག Letter to be delivered.
༤༡༡ ཚེམས། སོ། Teeth.
༤༡༢ ཚེམས་བསྙུང་བ། སོ་ན་བ། To get toothache.
༤༡༣ ཚེམས་ཕྲེང༌། སོ་ཕྲེང༌། Row of teeth.
༤༡༤ ཚེམས་ཤིང༌། སོ་ཤིང༌། A twig used as tooth brush.
༤༡༥ གཟིམ་གནང་བ། ཉལ་བ། To go to bed. To sleep.
༤༡༦ མཚན། མིང༌། Name of a person.
༤༡༧ མཚན་ཐོ། མིང་ཐོ། List of names.
༤༡༨ མཚན་རྟགས། མིང་རྟགས། Signature.
༤༡༩ མཚན་གཞུང༌། མིང་གཞུང༌། List of names. A register of names.
༤༢༠ མཚན་སྙན། སྐད་གྲགས། Fame. Reputation.

དཔར་ཐེངས་དང་པོའི་གླེང་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༣)
བོད་ཀྱི་ཞེ་ས། (ཆུང་ཚེ་རིང)

སྔོན་མ།
ཞེ་སའི་ཚིག་མཛོད།(༡)
ཕྱི་མ།
ཞེ་སའི་ཚིག་མཛོད།(༣)