འཆར་འགོད་ཚན་པ།
འཆར་འགོད་ཚན་པས་བོད་ཕྲུག་གི་ཤེས་ཡོན་དང་སློབ་གྲྭ་འཛུགས་བསྐྲུན་སོགས་ཡར་རྒྱས་ལས་གཞི་སྣ་ཚོགས་ཀྱི་ཆེད་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྒེར་རོགས་ཚོགས་ཁག་ལ་རོགས་དངུལ་འཐབ་འཚོལ་ཆེད་འབྲེལ་ལམ་ཞུ་རྒྱུ་དང་། དེ་བཞིན་འཆར་འགོད་ཚན་པ་བརྒྱུད་ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག་གི་ལས་གཞི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་དོན་གཞིར་བཟུང་ལས་གཞི་མཇུག་སྐྱོང་གིས་ལྡབ་སྐྱོར་མ་ཡོང་པའི་ཆེད་དུ་ལག་བསྟར་གནང་དགོས་ཐོག ལས་གཞིའི་འཆར་གཞི་འཆར་འགོད་ངོ་མ་ཟུར་འབུལ་ལྟར་དུས་ཐོག་ལག་བསྟར་གནང་མིན་གཟིགས་རྟོག་གིས་སྐབས་བསྟུན་ལམ་སྟོན་ཞུ་རྒྱུ།
འཆར་འགོད་ཚན་པའི་ལས་འགན་གཙོ་བོ་ནི །
༡། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་ཤེས་ཡོན་དང་འཛུགས་བསྐྲུན་ཡར་རྒྱས་ལས་གཞི་དག་འཆར་གཞི་བཀོད་སྒྲིག་དང་བསྡུ་རུབ་ཀྱིས་དེ་འབྲེལ་རོགས་ཚོགས་འདྲ་མིན་ནས་རོགས་དངུལ་ཐབས་འཚོལ་ཞུ་རྒྱུ། །
༢། སློབ་གྲྭ་ཁག་ནས་ཕུལ་བའི་འཆར་གཞི་ཁག་ལ་ཞིབ་འཇུག་གིས་བསྐྱར་བཅོས་ཇི་དགོས་བཟོ་བཅོས་ཞུ་རྒྱུ། །
༣། ལས་འཆར་ཞིབ་འཇུག་དང་བཀའ་འཁྲོལ་ཆེད་དབུས་འཆར་བྱུས་ཚོགས་ཆུང་ལ་དུས་ཐོག་འབུལ་རྒྱུ།
༤། ལས་གཞིའི་གནས་སྟངས་དུས་མཚམས་སོ་སོར་རོགས་ཚོགས་ལ་སྙན་སེང་ཞུ་རྒྱུ།
༥། ལས་གཞིར་ཞིབ་འཇུག་གིས་དམིགས་ཡུལ་གཞིར་བཟུང་ལས་གཞི་ལག་བསྟར་ཚུལ་བཞིན་སྒྲུབ་མིན་ངེས་གཏན་བཟོ་རྒྱུ།
༦། རོགས་ཚོགས་ཁག་ལ་རོགས་དངུལ་ཕྱི་གསལ་ནང་གསལ་དང་འགན་འཁྲི་མཚོན་ཆེད་ལས་གཞི་སྒྲུབ་མུས་དང་བསྒྲུབས་མཚམས་ཀྱི་སྙན་ཐོ་དང་། འདྲ་པར། རྩིས་ཁྲ་བཅས་འབུལ་རྒྱུ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བཙན་བྱོལ་ལ་ཡོད་པའི་བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད་ འབད་བརྩོན་ཞུས་མུས་ཀྱང་། དངུལ་འདང་མིན་གྱིས་རྐྱེན་པས་ཤེས་ཡོན་ཡར་རྒྱས་དང་ཤེས་རིག་གི་དམིགས་ཡུལ་བསྒྲུབ་རྒྱུའི་ཐད་འགོག་རྐྱེན་འཕྲད་བཞིན་པར་བརྟེན། གཤམ་འཁོད་ཤེས་རིག་ལས་གཞི་གང་རུང་ལ་རོགས་དངུལ་ཆ་ཚང་ངམ་ཆ་ཤས་ཙམ་ཞིག་མཐུན་འགྱུར་གནང་སྐྱོང་ཡོང་བའི རེ་བསྐུལ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། །
ཨང་གྲངས། |
ལས་གཞིའི་མིང་། |
སློབ་གྲྭའི་མིང་། |
དངུལ་འབོར། |
༡ | དགེ་ལས་ཀྱི་ལས་ཤག་བཟོ་བཅོས་དང་གསང་སྤྱོད་གསར་རྒྱག | སཾ་བྷོ་ཊ་པུ་རུ་ཝ་ལ། | ༢༠༢, ༥༣༠། |
༢ | དགེ་ལས་ཤག་གི་གསང་སྤྱོད་བཟོ་བཅོས། | སཾ་བྷོ་ཊ་དྷོ་ལན་ཇི། | ༢༦༦, ༢༣༣། |
༣ | དགེ་ལས་ཀྱི་ལས་ཤག་ཏུ་ནང་ཆས་གསར་ཉོ། | སཾ་བྷོ་ཊ་རཱ་ཝང་ལ། | ༢༥༦,༦༥༠། |
༤ | ཀམ་པུ་ཊར་འཛིན་གྲྭར་ཀམ་པུ་ཊར་གསར་ཉོ། | སཾ་བྷོ་ཊ་མེའོ། | ༩༣༦,༨༤༢། |
༥ | དཔེ་མཛོད་ཡར་རྒྱས། | སཾ་བྷོ་ཊ་མེའོ། | ༢༦༥,༢༥༤། |
༦ | ཡིག་ཚང་དུ་པར་སྐྲུན་འཕྲུལ་འཁོར་གསར་ཉོ། | སཾ་བྷོ་ཊ་མེའོ། | ༡༤,༧༩༢། |
༧ | དགེ་ལས་ཀྱི་ལས་ཤག་བཟོ་བཅོས། | སཾ་བྷོ་ཊ་དཔེ་སྟོན་སློབ་གྲྭ། | ༢༠༩,༦༥༧། |
༨ | སློབ་གྲྭའི་རྭ་བ་གསར་རྒྱག། | སཾ་བྷོ་ཊ་ལོ་ཝར་སིང་། | ༢,༧༨༧,༢༣༤། |
༩ | དགེ་ལས་ཀྱི་ལས་ཤག་ཏུ་གློག་རྒྱུན་སྒྱུར་ཆས་གསར་ཉོ། | སཾ་བྷོ་ཊ་ཀོ་ལེ་གྷལ། | ༦༩༡,༩༥༨། |
༡༠ | འཛིན་ཁང་རྙིང་པ་རྣམས་དགེ་ལས་ཀྱི་ལས་ཤག་ཏུ་བཟོ་བཅོས་ཞུ་རྒྱུ། ། | སཾ་བྷོ་ཊ་གུ་རུ་པུ་ར། | ༥༢༠,༢༡༠། |
༡༡ | སློབ་གྲྭའི་ཁང་པའི་ཕྱི་ལ་ཚོན་རྩི་གཏོང་རྒྱུ། | སཾ་བྷོ་ཊ་གུ་རུ་པུ་ར། ། | ༧༤༧,༣༦༨། |
༡༢ | ཨང་རྩིས་ཁྲིད་ཆས་གསར་ཉོ་དང་འཛིན་ཁང་བཟོ་བཅོས། | སཾ་བྷོ་ཊ་གྷོ་ཌན་གང་། | ༡༡༤,༦༩༣ |
༡༣ | སི་སྤོལ་རྩེད་ཐང་བཟོ་བཅོས། | སཾ་བྷོ་ཊ་ཅན་དྷི་གྷི་རི། | ༦༣༤, ༢༡༡། |
༡༤ | དགེ་ལས་ཀྱི་ལས་ཤག་གསར་རྒྱག | སཾ་བྷོ་ཊ་སྦེལ་ཀོབ། | ༥,༤༠༤,༤༦༨། |
༡༥ | འཛིན་ཁང་རྙིང་པ་བཟོ་བཅོས། | སཾ་བྷོ་ཊ་སྦེལ་ཀོབ། | ༤,༡༦༧,༦༦༠། |
༡༦ | འཛིན་ཁང་གི་ཐོག་བཟོ་བཅོས། | སཾ་བྷོ་ཊ་ཀོ་ལེ་གྷལ། ། | ༡,༩༢༡,༥༠༠། |
༡༧ | འཛིན་ཁང་གི་སྒོ་དང་སྒེའུ་ཁུང་བཟོ་བཅོས། | སཾ་བྷོ་ཊ་ཀོ་ལེ་གྷལ། ། | ༦༨༣,༨༦༧། |
༡༨ | འཛིན་ཁང་ལ་ཚོན་རྩི་གཏོང་རྒྱུ། | སཾ་བྷོ་ཊ་ཀོ་ལེ་གྷལ། ། | ༦༡༥,༣༠༢། |
༡༩ | དགེ་ལས་ཀྱི་ལས་ཤག་བཟོ་བཅོས། | སཾ་བྷོ་ཊ་སི་ཝི་པི་སྦེ ལ་ཀོབ། ། | ༡,༩༠༧,༣༠༢། |