ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་དྲུག་ཞུ་དག་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་བྱིས་སྒྲུང་གསར་རྩོམ་བཞི་དང་བོད་སྒྱུར་བྱིས་སྒྲུང་གཉིས་བཅས་ཁྱོན་བྱིས་སྒྲུང་དྲུག་ཞུ་དག་ལེགས་གྲུབ་གནང་ཟིན་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཞུ་དག་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་ཟུང་དྲུང་དགེ་འདུན་དོན་ཡོད་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་རྩོམ་སྒྲིག་ཚན་པའི་འགན་འཁུར་བ་སྡེ་འགན་ངག་དབང་བསྟན་འཛིན་ལགས་དང་བྱིས་སྒྲུང་རྩོམ་སྒྲིག་པ་ཚེ་རིང་དཔལ་འཛོམས་ལགས།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་བྱིས་སྒྲུང་རྩོམ་པ་པོ་ཉི་མ་འཚོ་ལགས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་རྩོམ་སྒྲིག་པ་བསོད་ནམས་རྒྱལ་ལགས་བཅས་ཕེབས་ཡོད། ཁོང་རྣམ་པས་བྱིས་སྒྲུང་དྲུག་ཞིབ་ཚགས་ཀྱིས་ཞུ་དག་གནང་ཡོད།

བྱིས་སྒྲུང་དྲུག་སྟེ། ང་དང་ཨ་མ། ནད་པའི་སེམས་གཏམ། བཙན་པོ་དང་དགོན་སྡེ། གྲོགས་པོ་གསུམ། ཤིང་སྡོང་སྟེང་འཛེགས་མི་ཐུབ་པའི་གདོན་འདྲེ།   ཚེ་སྲོག་གི་ཆུ་མིག་བཅས་ཡིན།

གོང་གསལ་ཞུ་དག་ཚོགས་འདུ་འདིའི་འགྲོ་གྲོན་ཡོངས་རྫོགས་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀོ་ལི་གྷལ་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༥ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།
Menu