Post Views: 466
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༩ ནས་ཟླ་ ༦ ཚེས་ ༢ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་། ཌེ་ན་ཌ་ (DANIDA) རོགས་ཚོགས་ཀྱི་མཐུན་འགྱུར་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚུ་ཚོད་ ༩།༠༠ སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས། ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་མཐུན་སྦྱོར་བ་ཁྱོན་མི་གྲངས་ ༣༨ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་ཟབ་སྦྱོང་གི་ངོ་སྤྲོད་གསུང་བཤད་གནང་དོན།
ད་ཐེངས་ཟབ་སྦྱོང་ཉིན་གྲངས་ལྔའི་ཁྲོད་ཉིན་གསུམ་རིང་སྰི་ཤེས་ཡོན་སློབ་གསོའི་ཐོག་སྦྱོང་བརྡར་དང་། ཉིན་གཉིས་རིང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གནང་རྒྱུའི་ལས་རིམ་ཞིག་བང་བསྒྲིགས་ཡོད། ཟབ་སྦྱོང་གི་མཐུན་སྦྱོར་བ་གཙོ་བོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། རྒན་བརྩོན་འགྲུས་བསམ་འཕེལ་ལགས་རྣམ་གཉིས་ཆགས་བསྡད་ཡོད། གཞན་ཡང་མཉམ་ཞུགས་པའི་ཁོངས་ནས་རྩ་བའི་དེ་སྔ་དྲྭ་ཐོག་ནས་སྦྱོང་བརྡར་གནང་མྱོང་མཁན་མི་གྲངས་ ༤༣ དང་། དེའི་ཁྲོད་མི་གྲངས་ ༥ ཞིག་སྒེར་གྱི་ཛ་དྲག་གནས་སྟངས་རྐྱེན་པའི་དགོངས་པ་ཞུ་དགོས་བྱུང་ཡོད། ད་ཆ་ཟབ་སྦྱོང་ཐོག་བལ་ཡུལ་གངས་ཅན་བདེ་རྩ་དང་། སམ་བྷོ་ཊ་བོད་སློབ་ཚོགས་པ། མ་སུ་རི་བོད་ཁྱིམ། རྡ་ས་བོད་ཁྱིམ་བཅས་བོད་པའི་སློབ་སྡེ་ཁག་བཞི་དང་། གཞན་ཡང་ལ་དྭགས་མི་མང་སློབ་གྲྭ་ནས་དགེ་རྒན་གཉིས། གཏོང་ལེན་སློབ་གྲྭའི་ལས་བྱེད་གཅིག ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་གཅིག་བཅས་ཁྱོན་མི་གྲངས་ ༣༨ མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།
ཚང་མས་མཁྱེན་གསལ་ལྟར་སཱི་ཤེས་ཡོན་སློབ་གསོའི་དྲྭ་ཐོག་གི་སྦྱོང་བརྡར་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ནས་འགོ་འཛུགས་ཀྱིས་ད་བར་ཟླ་བ་བདུན་ཕྱིན་ཞིང་། ཟླ་བ་རེ་རེའི་ནང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་མཐུན་སྦྱོར་བ་ཚོས་ཟབ་ཁྲིད་གནང་ཡོད་པ་མ་ཟད། སོ་སོའི་ངོས་ནས་ཀྱང་དྲྭ་ཐོག་བརྒྱུད་ལྟ་ཀློག་སྦྱོང་སོགས་གནང་བར་བརྟེན་ད་ཆ་ཟླ་གྲངས་བདུན་ནང་སཱི་ཤེས་ཡོན་སློབ་གསོའི་ནང་དོན་ཐོག་ལ་གང་འཚམ་ཡག་པོ་ཆགས་བསྡད་ཡོད་རེད། རྣམ་པ་ཚོ་ལ་ཡོང་རྒྱུའི་ཟླ་བ་གཅིག་གཉིས་རྗེས་ལ་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་ལག་ཁྱེར་ཐོབ་ཀྱི་ཡོད་སྟབས། ད་ལན་ཉིན་གྲངས་ལྔའི་རིང་མཐུན་སྦྱོར་གནང་སྟངས་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཞིག་ཡིན། དེ་སྔོན་ཉིན་གྲངས་གཉིས་རིང་དྲྭ་ཐོག་བརྒྱུད་མཐུན་སྦྱོར་བར་སྦྱོང་བརྡར་གནང་བའི་སྐབས་ཞུས་པ་བཞིན་རྣམ་པ་ཚོའི་ངོས་ནས་སཱི་ཤེས་ཡོན་སློབ་གསོའི་ནང་དོན་དང་མཐུན་སྦྱོར་གནང་སྟངས། གཞན་ཡང་གང་ཅིའི་ཐོག་ཧ་ལས་པ་ཡག་པོ་གནང་ཡོད། ད་བར་རྣམ་པ་ཚོས་སྐུ་ལས་ཧ་ཅང་བསྐྱོན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པས། བོད་མིའི་སྒྲིག་འཛུགས་དང་སྒེར་གྱི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན།
སཱི་ཤེས་ཡོན་སློབ་གསོ
འི་གནད་དོན་སྐོར་ལ་ད་ལྟ་མདོར་
བསྡུས་ཤིག་ཞུ་རྒྱུ་ཡིན། སཱི་ཤེས་ཡོན་ལུགས་སྲོལ་དེ་བཞིན་
ང་ཚོ་ནང་པའི་སྤྱི་ཚོགས་ནང་འབྲེ
ལ་བ་གང་འདྲ་ཆགས་ཀྱི་ཡོད་སྐོར་ཕྱི
ས་སུ་ཟབ་སྦྱོང་དངོས་གཞིའི་ཐོག་
ཞུ་ཆོག་གི་རེད།
ཐེངས་འདིར་ཟབ་སྦྱོང་ཐོག་ཕེབས་པ་
རྒན་ལགས་ཆ་ཚང་སཱི་ཤེས་ཡོན་སློབ་
གསོའི་མཐུན་སྦྱོར་བ་ཤ་སྟག་ཡིན་
སྟབས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞུ
་མི་དགོས་པར་ཚང་མས་མཁྱེན་གསལ་རེ
ད། འོན་ཀྱང་སཱི་ཤེས་ཡོན་སློབ་གསོ་
དེ་ཉིད་དེ་རིང་ཁ་སང་གི་སྤྱི་ཚོ
གས་ཁྲོད་གལ་ཆེ་ཆུང་ཇི་ལྟར་ཡིན་
སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡི
ན། རྩ་བའི་དེང་དུས་ཀྱི་ཤེས་ཡོན་ནང་
བརྗོད་གཞི་འདྲ་མིན་ཚན་རིག་དང་། སྐད་ཡིག་ལ་སོགས་མང་དག་ཅིག་དགོས་
ངེས་ཅན་ཆགས་ཀྱི་ཡོད། འོན་ཀྱང་འཛམ་གླིང་གི་ཤེས་ཡོན་ཁྱ
ད་ལས་པའི་ཐོག་མཉམ་ཞུགས་གནང་མཁན་
ཚོས་དེང་དུས་ཀྱི་ཤེས་ཡོན་གཅིག་
པུས་ཏག་ཏག་ཅིག་འདང་གི་མེད་པའི་
མཐོང་ཚུལ་ཞིག་གཟིགས་ཏེ་ལོ་ ༣༠ ལྷག་ཙམ་འགྲོ་ཡི་ཡོད། ཕྱི་ལོ་ ༡༩༨༥ ནས་བཟུང་སློབ་ཕྲུག་ཚོར་ཤེས་ཡོན་
ཁྲོད་(Emotional Learning) སེམས་མྱོང་གི་སྐོར་ལ་སློབ་སྦྱོ
ང་སྤྲོད་དགོས་སྐོར་ཐོག་དགོངས་ཚུ
ལ་ཆེན་པོ་བྱུང་བ་རེད། གལ་ཏེ་སློབ་ཕྲུག་རྣམས་ལ་སེམས་མྱོ
ང་གི་སྐོར་ལ་སློབ་སྦྱོང་གི་མཐུ
ན་འགྱུར་མེད་ཚེ་ཤེས་ཡོན་ཡར་རྒྱ
ས་ག་ཚོད་ཕྱིན་ཡང་། རང་སོ་སོའི་སེམས་རྒྱུད་སྟངས་འཛི
ན་ནན་པོ་བྱེད་མ་ཐུབ་ཚེ་སྤྱི་སྒེ
ར་གཉིས་ལ་དཀའ་ངལ་འཕྲད་ཀྱི་ཡོད་
སྟབས་སེམས་མྱོང་གི་ཐོག་ལ་སྟངས་
འཛིན་གནང་ཐུབ་རྒྱུའི་རྣམ་དཔྱོད་
དེ་ཉིད་ཧ་ཅང་གལ་ཆེ་བ་ཆགས་པར་བརྟེ
ན་ནུབ་ཕྱོགས་ལ་བྱུང་བ་རེད། འདས་པའི་ལོ་སུམ་ཅུ་སོ་གྲངས་རིང་
མར་བལྟས་ཚེ་སེམས་མྱོང་སྐོར་གྱི་
སློབ་སྦྱོང་གི་སྒྲོམ་གཞིར་ནུས་
རྩལ་ལྔ་གཞིར་བཟུང་བསླབ་གཞི་བརྒྱ
་ཕྲག་མང་པོ་བཟོས་ཏེ་ཕྱིས་སུ་སློ
བ་ཕྲུག་ཚོར་ཕན་ཐོགས་ཇི་ཡོད་སྐོ
ར་སློབ་ཕྲུག་ས་ཡ་གཅིག་ལ་ཉམས་ཞི
བ་བྱས་པ་བརྒྱུད་གཞན་ཕན་གྱི་སྤྱོ
ད་ལམ་སོགས་ཀྱི་ཐད་ཧ་ཅང་བཟང་དུ་
ཕྱིན་པར་བརྟེན། ད་ལྟའི་ཆར་ཆོས་ལུགས་ལ་མ་བརྟེན་
པའི་བཟང་སྤྱོད་དེ་བཞིན་ནུབ་ཕྱོ
གས་རྒྱལ་ཁབ་ཁག་ཏུ་གང་འཚམ་ཁྱབ་ཆེ
ན་པོ་བྱུང་ཡོད།
འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲི
ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་
ཆེན་པོ་མཆོག་གི་དགོངས་གཞི་ལྟར་(
Social, Emotional and Ethical Learning)སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་སཱི་ཤེས་ཡོན་
སློབ་གསོ་དེ་བཞིན་གཏིང་ཟབ་པོ་
དང་རྒྱ་ཆེ་བ། ཆ་ཚང་བ་ཞིག་ཆགས་ཀྱི་ཡོད་པ་ཙམ་མ་
ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་
གར་ནང་སཱི་ཤེས་ཡོན་སློབ་གསོའི་
རླབས་ཆེན་གྱི་ཕན་ཐོགས་ཆེན་པོ་བྱུ
ང་གི་ཡོད་པ་རེད།
ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་
མགོན་ཆེནཔོ་མཆོག་དབུ་བཞུགས་ཐོག་
ཧི་མཱ་ཅལ་མངའ་སྡེའི་གཞུང་དང་པི་
ར་མལ་ཐེབས་རྩ་ (Piramal Foundation) བཅས་ཟུང་འབྲེལ་ཐོག་ནས་ཧི་མཱ་ཅལ་
དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུ
ང་གི་སློབ་གྲྭ་ཡོངས་རྫོགས་ནང་སཱི
་ཤེས་ཡོན་གྱི་སློབ་གསོའི་བསླབ་
གཞིའི་ལག་བསྟར་གནང་རྒྱུའི་གན་ཡི
ག་ཅིག་འཇོག་ཡོད།
འཛམ་གླིང་གི་འགྲོ་བ་མིའི་ཐོག་ནས་སཱི་ཤེས་ཡོན་སློབ་གསོ་དེ་ནི་ཞེ་དྲག་གལ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་ཡོངས་གྲངས་རེད་འདུག ད་ལྟའི་ཆར་རྒྱལ་ཁབ་ ༤༠ ལྷག་ཙམ་ནང་ལག་བསྟར་འགྲོ་བཞིན་པ་རེད། ད་ཆ་བོད་པའི་སློབ་གྲྭ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ང་ཚོའི་ཐོག་ནས་རྩ་ཆེན་པོ་ཞིག་བརྩིས་ཀྱི་ཡོད་ལ་རྣམ་པ་ཚོའི་ངོས་ནས་ཀྱང་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་ཟབ་སྦྱོང་ཐོག་མཉམ་ཞུགས་ཀྱིས་ཕྱིར་སློབ་གྲྭར་ཕེབས་པའི་སྐབས་དགེ་ལས་སློབ་ཕྲུག་རྣམས་ལ་སློབ་ཁྲིད་བྱེད་པ་དེ་ནི་མི་རིགས་གཅིག་གི་ཞབས་ཞུ་སྒྲུབ་པ་དེ་ལས་གལ་ཆེ་བ་ཞིག་མེད། བྱས་ཙང་དེར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
དེ་རྗེས་དབུ་འབྱེད་མཛད་སྒོའི་སྐུ
་མགྲོན་གཙོ་བོ་བོད་མིའི་སྒྲིག་
འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་
དྲུང་ཆེ་འཇིགས་མེད་རྣམ་རྒྱལ་
ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་གི་བརྗོད་གཞི་འདི་དང་འབྲེ
ལ་བའི་ཐོག་རྣམ་པ་ཚོས་མ་མཁྱེན་པ་
དང་གསན་མ་མྱོང་བ་དེ་འདྲ་དམིགས་
བསལ་ང་ལ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་འགན་ཞིག་ཡོད་པའི་ཐོག་
ལས་རིམ་གྱི་ས་བཅད་མ་སྟོང་ཙམ་ཚི
ག་ཁ་ཤས་ཤིག་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་དང་། དེ་བཞིན་གོང་ལ་དགེ་བཤེས་ལགས་ཀྱི
ས་གསུངས་པ་ལྟར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོ
ད་སློབ་སྤེལ་གྱི་ལས་གཞི་དེ་ཉིད་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
ན་པོ་མཆོག་གི་དགོངས་གཞི་ཡིན་པ་
དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་
ལས་ཁུངས་ལ་ཆ་བཞག་ན་བཙན་བྱོལ་བོ
ད་མིའི་གཞི་རིམ་གྱི་ཤེས་ཡོན་སྲི
ད་བྱུས་ནང་གསལ་པོར་བཀོད་ཡོད། ཤེས་ཡོན་གྱི་དགོས་དམིགས་སྤྱི་
མར་བགྲང་བའི་སྐབས་ལ་དོན་ཚན་གཅི
ག་མིའི་ཤེས་རབ་ལྷག་པར་དུ་བྱམས་
བརྩེ་ལ་བརྟེན་ནས་བཟང་སྤྱོད་དང་། གསར་གཏོད་ཀྱི་སྒྱུ་རྩལ་གོང་ནས་
གོང་དུ་སྤེལ་རྒྱུ་དང་བླང་དོར་གྱི
་གནད་ལ་དཔྱད་པ་ཡང་དག་པ་བྱེད་ཐུ
བ་པ། གཞན་གྱི་རོགས་སྐྱོར་ལ་བརྟེན་མི་
དགོས་པར་སོ་སོ་རང་ཉིད་ཀྱི་རྐང་
ཐོག་ལངས་ཐུབ་པ་ཤེས་ཡོན་གྱི་དགོ
ས་དམིགས་སྤྱི་དང་། ལྷག་པར་དུ་བྲེ་བྱག་བོད་མིའི་ཤེ
ས་ཡོན་གྱི་དགོས་དམིགས་བགྲང་བའི་
སྐབས་བོད་ཀྱི་ཐུན་མིན་ཆོས་དང་རི
ག་གཞུང་། ལེགས་བྱང་ལ་བརྟེན་པའི་ཁྱད་ནོར་
སྐྱེ་འགྲོ་ཡོངས་ལ་ཕན་པར་བྱེད་ཆེ
ད་གང་འདྲ་གནང་དགོས་སྐོར་ཐོག་ལ་
གསལ་པོ་འཁོད་ཡོད། ང་ཚོའི་དུས་དང་རྣམ་པ་ཀུན་ཏུ་ཟབ་
སྦྱོང་དེ་ལྟ་བུ་གལ་ཆེན་པོ་བརྩི་
ཡི་ཡོད།
རྩ་བའི་ཆོས་དང་། རིག་གཞུང་། ལེགས་བྱང་དང་ཡུལ་སྲོལ་གོམས་གཤི
ས་ནི་སྐབས་རེ་གཞས་དང་ཞབས་བྲོ། ཆས་གོས། གླུ་གཞས། ཟ་མ་མཆོད་སྟངས་ལ་སོགས་མང་པོ་ཞི
ག་རིག་གཞུང་ཁོངས་གྲངས་ཀྱི་ཡོད། དེ་དག་རྣམས་རིག་གཞུང་གི་རྣམ་པ་
གཅིག་རེད། རིག་གཞུང་ནི་སོ་སོའི་བསམ་བློ་
དང་རྒྱུད་ལ་སྦྱར་བ་ལ་གསུང་གི་ཡོ
ད། བོད་ཀྱི་ཐུན་མིན་ཆོས་དང་། རིག་གཞུང་རྣམས་སྐྱེ་འགྲོ་སྤྱི་
ལ་ཕན་ཐུབ་ཐབས་གནང་ཕྱོགས་ཐོག་ཤེ
ས་ཡོན་སྲིད་བྱུས་ནང་གསལ་པོ་འཁོ
ད་ཡོད། དེའི་འོག་ནས་ཆོས་ལུགས་ལ་མ་བརྟེ
ན་པའི་བཟང་སྤྱོད་ཀྱི་སློབ་སྤེལ་
གནང་ཕྱོགས་ཤེས་རིག་ལས་ཁུངས་ཀྱི་
གལ་ཆེན་པོ་བརྩིས་ཏེ་ད་ལྟ་ཟབ་སྦྱོ
ང་གོ་སྒྲིག་གནང་མཁན་གྱི་ཚན་པའི་
འགན་འཛིན་ནས་གསུངས་པ་ལྟར་ད་བར་
མཐུན་སྦྱོར་བ་ཁྱོན་མི་གྲངས་ ༦༡ ཁོངས་ནས་དེ་སྔ་ཐོབ་ཟིན་པ་ ༢༢ དང་མཐུན་སྦྱོར་བའི་ལག་ཁྱེར་ཐོབ་
ལ་ཉེ་བ་ ༣༩ ཆགས་བསྡད་ཀྱི་འདུག ཤེས་ཡོན་བསྟི་གནས་སློབ་གྲྭ་ཁག་
གི་ནང་གལ་ཆེ་དོན་ཆེར་བརྩིས་ཏེ་
བར་ལམ་ཤེས་རིག་ལས་ཁུངས་ཀྱི་ངོས་
ནས་སློབ་གྲྭ་ཁག་གི་སློབ་ཁྲིད་ཀྱི
་རེའུ་མིག་བསྐྱར་ཞིབ་ཀྱིས་སློབ་
གྲྭའི་ནང་བདུན་ཕྲག་གཅིག་ནང་ཉུང་
མཐར་ཚོགས་ཐེངས་གཅིག་རིང་སཱི་ཤེ
ས་ཡོན་སློབ་གསོ་ཐོག་སློབ་ཁྲིད་
གནང་རོགས་ཞེས་འབོད་སྐུལ་སྔ་ཕྱི་
རིམ་པ་མང་པོ་ཞུས་ཡོད། ད་ཆ་སློབ་གྲྭ་མང་པོ་ཞིག་ལ་གནང་
གི་ཡོད།
གཞན་ཡང་གཞི་རིམ་སློབ་གྲྭ་ཙམ་མི
ན་པར་མཐོ་སློབ་འགྲིམས་བཞིན་པའི་
སློབ་ཕྲུག་ཚོ་ལ་དེ་ལྟ་བུའི་གོ་
རྟོགས་དགོས་པ་ལྟར་བར་ལམ་ཤེས་རི
ག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེ
ན་པའི་བཟང་སྤྱོད་ཀྱི་རྒྱུད་སྟོ
ན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་
རྒྱལ་མཚན་ལགས་མཐོ་སློབ་ཏུ་ཆེད་
ཕེབས་ཀྱིས་གོ་རྟོགས་ཀྱི་སློབ་
གསོ་དང་བསམ་ཚུལ་བརྗེ་ལེན་སོགས་
ལས་གཞི་མང་པོ་ཞིག་སྤེལ་ཡོད། གང་ལྟར་སཱི་ཤེས་ཡོན་སློབ་གསོ་དེ
་ང་ཚོས་གལ་ཆེན་པོ་བརྩིས་ཀྱི་ཡོ
ད། འོན་ཀྱང་ཤེས་རིག་ལས་ཁུངས་ལ་ལས་
དོན་སྣ་ཚོགས་གནང་དགོས་པའི་འགན་
དབང་བཀུར་ཡོད་སྟབས། ཟུར་དུ་ཚན་པ་ཕྱེ་ཐུབ་མེད། གང་ལྟར་མི་གསུམ་བཞིས་འགན་འཁྱེར་
བའི་ཐོག་གནང་གི་ཡོད། དུས་རྒྱུན་དཔེ་ལ་ཞུས་པ་བཞིན་ཐབ་
ཆུང་ཆུང་མེ་ཚ་པོ་ལྟར་རེད།
འབྲེལ་ཡོད་ཚན་པའི་ལས་འགན་གཙོ་བོ
་ནི་གཞི་རིམ་སློབ་གྲྭ་ཁག་གི་བསླ
བ་གཞིའི་རྩ་འཛིན་བཟོས་གནང་རྒྱུ་
དང་། དེ་གཞི་ལ་བཞག་པའི་ཐོག་ནས་སློབ་
དེབ་རྩོམ་སྒྲིག་གནང་རྒྱུ་སོགས་
ཐུགས་འགན་མང་པོ་ཞིག་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཆོ
ས་ལུགས་ལ་མ་བརྟེན་པའི་བཟང་སྤྱོ
ད་སློབ་གསོ་དེ་ནང་བཞིན་རིགས་ལམ་
རྣམ་གཞག་ཐོག་ལའང་འབད་བརྩོན་ཞུ་
ཡི་ཡོད། གང་ལྟར་སློབ་ཕྲུག་ཚོ་ལ་ཆུང་དུས་
ནས་དཔྱད་པ་བྱེད་ཐུབ་པའི་བསམ་བློ
་ཞིག་བསྐྲུན་དགོས་རྒྱུ་ཧ་ཅང་གལ་
ཆེན་པོ་ཞིག་རེད། ཆུང་དུས་ནས་དྲི་བ་དྲིས་ལན་གནང་
རྒྱུའི་གོམས་གཤིས་ཤིག་སྦྱར་ཐུབ་
ཚེ་མི་ཚེ་གང་བོར་ཕན་ཐོགས་ཀྱི་ཡོ
ད་པ་བརྗོད་མི་དགོས་པ་རེད།
སློབ་གྲྭ་ཁག་ལ་རྒན་ལགས་རྣམས་ནས་
དེའི་ཐོག་ལ་ཤུགས་བསྐྱོན་རྒྱུ་
གལ་ཆེན་པོ་ཞིག་མཐོང་གི་འདུག སཱི་ཤེས་ཡོན་སློབ་གསོ་དང་སྲོལ་
རྒྱུན་གྱི་སློབ་སྦྱོང་གཞན་སོགས་
སློབ་གཉེར་གནང་བའི་སྐབས་གང་ཟག་
གི་རྒྱུད་ལ་སྦྱར་ཏེ་ཉམས་ལེན་
གནང་ཐུབ་ཚེ་དེ་ཁྱབ་ཆེ་རུ་འགྲོ་
བ་མ་ཟད་སོ་སོའི་མི་ཚེའང་དོན་དང་
ལྡན་པ། བདེ་སྐྱིད་ལྡན་པ། བྱམས་བརྩེའི་སྤྱི་ཚོགས་ཤིག་བསྐྲུ
ན་ཐུབ་རྒྱུར་དགེ་མཚན་ཆེན་པོ་ཞི
ག་ཡོང་གི་རེད།སཱི་ཤེས་ཡོན་སློབ་གསོ་དེའི་བརྒྱུ
ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་
ཆེན་པོ་མཆོག་གི་དགོངས་གཞི་བསྒྲུ
བ་ཐུབ་པ་དང་། བོད་མིའིི་ངོས་ནས་འཛམ་གླིང་གི་
ཤེས་ཡོན་ཐོག་ལ་རླབས་ཆེན་གྱི་
ཞབས་འདེགས་ཆེན་པོ་ཞིག་བསྒྲུབ་ཐུ
བ་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
མཐར་ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་སྡེ་ཚན་འགན་འཛིན་ཀརྨ་བདེ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་སྟེ་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད་པ་བཅས།།
ཟབ་སྦྱོང་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །