༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བར་བཞག་སློབ་ཡོན་གྲངས་ ༢༠ ཡོད་པའི་གསལ་བསྒྲགས་ནི། འཛིན་རིམ་བཅུ་གཉིས་ནང་ཚན་རིག་སློབ་ཚན་ཐོན་ཏེ་ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པའི་ཚུད་རྒྱུགས་གྲ་སྒྲིག་གནང་བློ་ཡོད་རིགས་ནས་སྨན་པའི་བར་བཞག་སློབ་ཡོན་ཆེད་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པར་དྲྭ་ཐོག་ཁོ་ནའི་བརྒྱུད་འབུལ་དགོས། འཚང་སྙན་འབུལ་ཆེད་གཤམ་འཁོད་དྲྭ་ལམ་སྦྲེལ་ཐག་གམ་གསང་ཐིག་ལ་བཤེར་འབེབས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༡༤ ཚོུད་ ༥།༠༠ ནང་ཚུན་སྙན་ཞུ་ཕུལ་ཟིན་དགོས།
https://forms.gle/Pz7JzPgZu7mg6Kqq7
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
༡། ཤེས་རིག་སློབ་ཡོན་འགེངས་ཤོག་ ༼ ཀ་པ་༽ ཞིབ་བཀང་གིས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་དག་མཆན་ཞུས་ཏེ་འབུལ་དགོས།
༢། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་འབུལ་དགོས།
༣། ཤེས་རིག་སློབ་ཡོན་སྒྲིག་གཞི་གཞིར་བཟུང་རྩིས་བསྐོར་གྱིས་ཉུང་མཐར་རྒྱ་ཆ་ ༦༠ དང་འཛིན་རིམ་བཅུ་གཉིས་ཚན་རིག་ ༼PCB༽ ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས། ༼ཕྱི་ལོ་ ༢༠༢༣ ལོར་ཐོན་པའི་སློབ་ཕྲུག་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།༽
༤། བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༥། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གནང་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༦། འཛིན་རིམ་བཅུ་གཉིས་ལ་བོད་ཡིག་སློབ་ཚན་མེད་རིགས་སྙན་ཞུ་འབུལ་འདོད་ཡོད་རིགས་ལ་འདི་ནས་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཚད་མཉམ་ཡིག་རྒྱུགས་གོ་སྒྲིག་གནང་རྒྱུ།
༧། NEET ཚུད་རྒྱུགས་བཏང་ཡོད་ཚེ་དེའི་རྒྱུགས་འབྲས་འབུལ་དགོས། ༼གདམ་ཀ༽
༨། དྲྭ་ཐོག་སློབ་སྦྱོང་གནང་མཁན་རིགས་ལ་སློབ་ཡོན་འདི་མི་ཐོབ།
༩། སློབ་ཡོན་ཞུས་ཐོབ་རྗེས་རྒྱུ་མཚན་ཡང་དག་མེད་པར་སློབ་མཚམས་བཞག་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ།
སློབ་ཡོན་དངུལ་འབོར། སློབ་ཡོན་ཧིན་སྒོར་སྟོང་ཕྲག་ལྔ་བཅུ་ཐམ་པ་གནང་རྒྱུ།
ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༤ ལ།
འདྲི་རྩད་དང་འབྲེལ་གཏུག་གནང་ཡུལ།
འབྲེལ་ཡོད་ལས་བྱེད་ཀྱི་ལག་ཐོགས་ཁ་པར་ཨང། ༦༢༣༠༣༣༥༨༤༤, ༩༨༠༥༦༨༨༤༡༤, ༩༨༨༢༣༢༢༧༩༧
གློག་འཕྲིན་ཁ་བྱང། [email protected], [email protected]
GY 2023 TIbetan