ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་༡༨ ཀྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚད་མཉམ་སློབ་སྦྱོང་ཆེད་ཕྱི་ལོ་༢༠༢༡ལོའི་ UWC Horizon Foundation སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ལྷན་ཚོགས་དང་ཟུང་འབྲེལ་ཐོག་རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ་ཡིན་པས། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༢༢ འགྱངས་མེད་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་འབུལ་དགོས།

https://forms.gle/9c55TRMV3NsBmrDz8

 

སློབ་ཡོན་གྱི་ཆ་རྐྱེན་འོས་ཆོས་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

  1. འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དཔྱ་དངུལ་ཕྱི་ལོ་༢༠༢༠     བར་གཙང་ཕུལ་ཟིན་པ་དགོས། འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ བཀའ་འཁྲོལ་ཡོད་པའང་དགོས། གལ་ཏེ་ལོ་ན་མ་ཟིན་པའི་རྐྱེན་གྱིས་ལག་དེབ་བཟོས་མེད་པའང་གསར་བཟོ་ཆེད་ཕུལ་ཡོད་ཚེ་གནས་ཡུལ་ས་གནས་འགོ་འཛིན་ནས་ “འགེངས་ཤོག(ཀ་པ)“པའི་ཐོག་རྒྱུ་མཚན་ཁ་གསལ་འགོད་དགོས།(འགེངས་ཤོག་དེ་དག་ཞིབ་བཀང་གིས་དྲྭ་ཐོག་བརྒྱུད་འགོད་འབུལ་ཞུ་དགོས།)
  2. འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཅིག་ནས་ཡིན་པའི་ཐོག་ཕྱི་ལོ་༢༠༠༣ ཟླ་༩  ཚེས་༡ ནས་ཕྱི་ལོ་༢༠༠༥ ཟླ་༩ ཚེས་༠༡ བར་སྐྱེས་པའི་སྐྱེས་ཚེས་ལག་འཁྱེར་འབུལ་དགོས། (ཕྱི་ལོ་༢༠༢༡     ཟླ་༩ཚེས་༠༡ ཉིན་རང་ལོ་༡༦ ནས་༡༨ བར་སོན་པ་དགོས།)
  3.  འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན་འཚང་སྙན་གྱི་མཐའ་མའི་དུས་བཀག་རྗེས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་ཡིག་ཡིག་རྒྱུགས་ནང་ཞུགས་དགོས། (འཚང་སྙན་འབུལ་མི་འཛིན་རིམ་བཅུ་པ་དང་བཅུ་གཅིག་རྣམས་ནས་འཛིན་རིམ་དགུ་པ་དང་བཅུ་པ་སོ་སོའི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས།)
  4. UWC འཚང་སྙན་འགེངས་ཤོག་གསུམ་ཞིབ་བཀང་གིས་འབུལ་དགོས།
  • Application Form༼  སློབ་ཕྲུག་དོ་བདག་སོ་སོས་འགེང་དགོས། ༽
  • Parents Declaration Form ༼   སློབ་ཕྲུག་སོ་སོའི་ཕ་མའམ་འགན་ཁུར་བ་སུ་ཡིན་ནས་འགེང་དགོས། ༽
  • School Declaration Form ༼   སློབ་གྲྭའི་འགན་འཛིནའམ་འཛིན་གྲྭའི་དགེ་རྒན་ནས་འགེང་དགོས་པ་དང་། སློབ་གྲྭའི་འགན་འཛིན་ནས་མིང་རྟགས་དང་ལས་དམ་འཁོད་དགོས། ༽

མཆན།

  1. གོང་འཁོད་ Application Form དང་། Parents Declaration Form གཉིས་ལག་བྲིས་མ་ཡིན་པར་ངེས་པར་དུཀམ་པུ་ཊར་ཡིག་འབྲུའི་ཐོག་འགེངས་འབུལ་ཞུ་དགོས།
  2.  ཕྱིར་བསྐྱོད་ལག་དེབ་སེར་པོ་(IC)ཕྱི་ལོ་༢༠༢༡ ཟླ་༦ ནང་ཚུད་ཐོན་ཐབས་དགོས་པ་དོ་བདག་སོ་སོ་ནས་འགན་འཁུར་བཞེས་གནང་རྒྱུ། བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་ལ་བཅར་འདྲིར་ཞུགས་དགོས་ཤིང་།བཅར་འདྲིའི་དུས་ཚོད་དང་འཚོགས་ཡུལ་རྗེས་སུ་བརྡ་ལན་འབུལ་རྒྱུ།

དོགས་འདྲི་ཞུ་ཡུལ།

བསོད་ནམས་བཟང་མོ།                [email protected]
བློ་བཟང་དར་རྒྱས།                      [email protected]

ཤེས་རིག་སློབ་ཡོན་ཚན་པ་ནས་ཕྱི་ལོ་༢༠༢༠ ཟླ་༡༠ ཚེས་༢༠ ལ།

Department of Education, CTA
Gangchen Kyishong, Dharamsala – 176215
District Kangra, Himachal Pradesh, India
Phone no. +91.01892.226695 and 222721
Website: www.sherig.org, www.lamton.org

སྔོན་མ།
ཕྱི་ལོ་ ༢༠༢༠ བར་བཞག་ལོའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་བོད་པའི་སློབ་ཕྲུག་གཉིས་ཀྱིས་བརྒྱ་ཆ་མཐོ་པོ་བླངས་པར་འཚམས་འདྲི་གནང་བ།