ཟླ་རེའི་གསར་འགྱུར།

བྱིས་པའི་འགུལ་བརྙན་གསར་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན། ཤེས་རིག་ལས་ཁུངས་ནས་བོད་པའི་བྱིས་པ་ཚོའི་ཆེད་དུ་གསར་བཟོ་ཞུས་པའི་ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ་ལེའུ་དགུ་པ། ≪རྐུན་མ་རྫབ་ཆེན་བཟུང་བ།≫ ཞེས་པ་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་། ཡུ་ཊུབ་དྲྭ་བརྙན་ནང་དུ་ཤར་གཏོང་ཞུས་ཡོད་ལ། གཤམ་གྱི་དྲྭ་ཐག་བརྒྱུད་གཟིགས་རྒྱུ་ཡོད་པས། མ་འོངས་བོད་ཀྱི་སོན་རྩ་རྣམས་དང་རང་རིགས་ཕ་མ་རྣམ་པས་དགྱེས་གཟིགས་ཡོང་བ་ཞུ།

གཏམ་བཟང་ཞུ་རྒྱུར། འཆར་ལ་ཉེ་བའི་བྱིས་པའི་ཉིན་མོར་བྱིས་པའི་གླུ་གཞས་འགུལ་བརྙན་གསུམ་ཤར་གཏོང་ཞུ་རྒྱུ་ཡིན་པས་ལྷན་རྒྱས་ནས་ཐུགས་སྣང་ཡོང་བ་ཞུ།

འགུལ་བརྙན་འདི་དག་གི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ (USAID) ཡིན།

ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན།

༡། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ། ལེའུ་དགུ་པ། ≪རྐུན་མ་རྫབ་ཆེན་བཟུང་བ།≫

སྔོན་མ།
བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་པ།
ཕྱི་མ།
བྱིས་སྒྲུང་གསར་ཐོན་གྱི་གསལ་བསྒྲགས།