ཟླ་རེའི་གསར་འགྱུར།

གསར་གནས།

དྷ་ས་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་དང་ཨལོ་ཀིཊ་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ལྡི་ལི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དུ་དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཉིན་གཅིག་གི་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་ཞུས།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན་པ།

༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་ཡོད།

གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡༠  ཚེས་ ༣༠ ནས་ ཟླ་ ༡༡ ཚེས་…

ཕྱི་ལོ་ ༢༠༢༤ ལོའི་ UWC སློབ་ཡོན་དུས་བཀག་ཕར་འགྱང་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། United World College ( UWC ) ཚོགས་པ་ནས་ལམ་སྟོན་ཕེབས་དོན་བཞིན་ ( UWC )…

བྱང་ཤར་ཁུལ་དང་ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འགོ་འཛུགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ལམ་སྟོན་འོག་བྱང་ཤར་ཁུལ་དང་ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དེ་བཞིན་ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༢ ཉིན་སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ནང་འགོ་འཛུགས་གནང་ཡོད།

ཤེས་རིག་གི་དྲྭ་ཚིགས་གཞན།

||      གསལ་བསྒྲགས།