ཟླ་རེའི་གསར་འགྱུར།

དགེ་རྒན་གྱི་ལས་རིགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་རིམ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༦ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སུ་ཇ་བོད་ཁྱིམ་སློབ་གྲྭར་དགེ་རྒན་ཁྱོན་གྲངས་ ༢༥ ཙམ་ལ་དགེ་རྒན་ལས་རིགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་རིམ་གསར་པ་ཞིག་འགོ་འཛུགས་གནང་།
    དེ་ཡང་ལས་རིམ་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་འཇམ་དབྱངས་རྒྱལ་མཚན་ལགས་དང་སྐལ་བཟང་དབང་འདུས་ལགས། སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས། དེ་བཞིན་ལས་རིམ་འདིའི་ནང་དང་བླང་གིས་མཉམ་ཞུགས་གནང་མཁན་དགེ་རྒན་བཅས་ཚང་འཛོམས་ཐོག ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྣམ་པས་ལས་གཞི་འདི་བཞིན་གལ་ཆེན་ཡིན་སྐོར་དང་དགེ་རྒན་སོ་སོ་ཡར་རྒྱས་གཏོང་རྒྱུར་དགེ་རྒན་རང་ཉིད་ལ་འགན་འཁྲི་ཆེན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
    དགེ་རྒན་ཡར་རྒྱས་གཏོང་རྒྱུའི་ལས་རིམ་དེ་ནི་དགེ་རྒན་ཚོས་འགན་འཁྱེར་ཏེ་སློབ་གྲྭ་རང་ལ་གཞི་བཅོལ་བའི་སྒོ་ནས་དེང་དུས་ཀྱི་དགེ་རྒན་ཡར་རྒྱས་གཏོང་རྒྱུའི་ལས་གཞི་གལ་ཆེ་ཞིག་ཡིན་འདུག་པ་དང་། ཐེངས་འདིའི་ལས་རིམ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་ཌོག་ཊར་ཀམ་ལ་ཝི་མུ་ཀུན་ཌ་ Dr. Kamala V. Mukunda ལགས་ཀྱིས་བརྩམས་པའི་“What did you ask at school today?”ཞེས་པའི་དཔེ་དེབ་ལ་གཞིར་བཞག་སྟེ་གསར་གཏོད་ཀྱི་ལས་རིམ་དེ་ལག་བསྟར་གནང་རྒྱུ་ཡིན་པ་དང། ཐེངས་འདིའི་ལས་རིམ་དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀའི་རིག་གནང་སྟེ། མ་འོངས་པར་འདི་ལྟ་བུའི་ལས་རིམ་སློབ་གྲྭ་གཞན་ཁག་གི་ནང་འགོ་འཛུགས་གནང་རྒྱུ་ཡིན་འདུག་པ་བཅས།།
 

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་མཇུག་སྒྲིལ་བ།
ཕྱི་མ།
དགེ་འོས་བ་རྣམས་ལ་ཀེལ་རོག་དགེ་འོས་གཙུག་ལག་སློབ་ཁང་དུ་སྦྱོང་བརྡར་སྤྲད་པ།