ཟླ་རེའི་གསར་འགྱུར།

རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ ནས་ཚེས་ ༢༥ བར་ཉིན་གྲངས་གསུམ་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་རྩོམ་སྒྲིག་པ་རྣམས་ལ་སློབ་དེབ་ཇུས་འགོད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།
གོང་ཚེས་ཉིན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། ཟབ་སྦྱོང་སྤྲོད་མཁན་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ཟབ་སྦྱོང་དུ་ཞུགས་མཁན་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་དེབ་རྩོམ་སྒྲིག་པ་རྣམས་དང་། ལྡི་ལི་ཤེས་རིག་པར་ཁང་གི་པར་སྐྲུན་འགན་འཛིན་དང་ལས་རོགས་བཅས་ཚོགས་འཛོམས་ཀྱིས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ནས་ཕེབས་བསུ་དང་ངོ་སྤྲོད་ཞུས་རྗེས། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དེབ་ཅིག་བཟོ་སྒྲིག་ལ་བྱེད་པ་ཚང་དགོས་པའི་རྩ་དོན་ཁག་དང་། དེབ་ཀྱི་ཤོག་བུ་གཏན་འབེབས་བྱེད་སྟངས། བྱིས་པའི་སེམས་ཁམས་དང་མཐུན་པའི་ཚོན་ཁྲ་འདེམས་སྟངས་བཅས་རྩ་བའི་ཤེས་བྱ་ཁག་ངོ་སྤྲོད་བྱས་པ་དང་། དེབ་ཀྱི་གཞི་རྩའི་བཟོ་འགོད་བྱེད་སྟངས་དང་། ཤོག་བྱང་བཟོ་སྒྲིག་བྱེད་སྟངས། པར་བཟོ་སྟངས་བཅས་ཟབ་ཁྲིད་གནང་རྒྱུ་དང་། དེའི་རྗེས་སུ་ཤེས་རིག་ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་ཀྱིས་སློབ་དེབ་སྒྲིག་སྐབས་བྱིས་པའི་བསམ་བློ་དང་འཚམས་པའི་སྦྱོང་ཚན་དང་དྲི་བ་འགོད་སྟངས་བཅས་ཀྱི་ཟབ་ཁྲིད་གནང་བ་བཅས།

སྔོན་མ།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་གསུང་བཤད།
ཕྱི་མ།
སློབ་གྲྭའི་སྡེ་ཁག་གི་འགན་འཛིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་བ།
Menu