[toc]
པ་ཡི་སྡེ་ཚན།
༡) དཔགས། ༢) དཔག ༣) དཔོག ༤) དཔོགས།
བྱེད་འབྲེལ། རྒྱུ་མཚན་སོགས་ལ་བརྟེན་ནས་གོ་ཐུབ་པའི་དོན། གཏིང་དཔག་དཀའ། དེ་ལ་བརྟེན་ནས་དཔོག་བཞིན། དཔགས་ནས་ལྟ་བུའོ།།
དཔོད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། དཔེ་ཚིག་འབྲི་རུ་འཇུག་པའི་དོན། དཔོད་བྲིས་བྱས། ངས་དཔོད་པ་བྲིས་ལྟ་བུའོ།།
དཔར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། རྗེས་ཤུལ་བཏོད་པའི་དོན། རྐང་རྗེས་དཔར། རི་མོ་དཔར། བརྡ་རྙིང་སྤར་ཡང་བྲིས། པར་དང་དཔར་འདྲ། པར་དུ་བསྐྲུན་ལྟ་བུའོ།།
༡) དཔྱས། ༢) དཔྱ། ༣) དཔྱ། ༤) དཔྱོས།
བྱེད་འབྲེལ། འཕྱ་སྨོད་བྱེད་པའི་དོན། མི་སྐྱོན་དཔྱས་ན་རང་སྐྱོན་མཐོང༌། དཔྱས་ནས་འཕྱ་བ་བྱུང༌། ཡང་དཔྱ་ཁྲལ་ལྟ་བུའང་ཡོད་དོ།།
༡) དཔྱངས། ༢) དཔྱང༌། ༣) དཔྱོང༌། ༤) དཔྱོངས།
བྱེད་འབྲེལ། ཐུར་དུ་མར་ཕྱངས་པའི་དོན། མཆོད་རྫས་དཔྱངས། ཐོག་ནས། ཐག་པ་དཔྱང་དགོས། དཔྱངས་པ་དང་འཕྱངས་པ་འདྲའོ།།
༡) དཔྱད། ༢) དཔྱད། ༣) དཔྱོད། ༤ )དཔྱོད།
བྱེད་འབྲེལ། བརྟག་དཔྱད་བྱེད་པའི་དོན། དཔྱོད་མཁན། དཔྱད་བྱ། དཔྱད་ནས། རིགས་པས་དཔྱད། བཟང་ངན་དཔྱོད་ལྟ་བུ་བ་བསམ་གཞིགས་བྱེད་པའི་དོན།
སྤ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བརྒྱན་པའམ་སྤྲས་པའི་དོན། ཡོན་ཏན་གྱིས་སྤ་ལྟ་བུའོ།། སྤ་བཀོང་ལྟ་བུའང་ཡོད་དོ།།
༡) སྤགས། ༢) སྤག ༣) སྤོག ༤) སྤོགས།
བྱེད་འབྲེལ། གནས་སྤོ་བའི་དོན། གནས་ནས་སྤགས། གནས་སྤགས་ཀྱི་གཞི་ལྟ་བུ་དང༌། ཟ་རྒྱུ་སྤགས་དང་སྤག་གང་ཡང་འཐུས། ཟས་ཚལ་དང་སྤགས་ཏེ་ལྟ་བུའོ།།
༡) སྤར། ༢) སྤར། ༣) སྤོར། ༤) སྤོར།
བྱེད་འབྲེལ། ཚད་མཐོ་རུ་གཏོང་བའི་དོན། ཤུགས་སྤར། གོམ་ཚད་སྤོར་ལྟ་བུ་དང༌། མེ་སྤར་བ། སྤར་ཁ། པར་ལ་སྤར་འབྲི་སྲོལ་བཅས་ཡོད་དོ།།
༡) སྤངས། ༢) སྤང༌། ༣) སྤོང༌། ༤) སྤོངས།
བྱེད་འབྲེལ། དོར་བའམ་བོར་བའི་དོན། སྤོང་མཁན་གྱི་སྤང་བྱ་སྤངས་ནས། གཞན་ལ་སྤོངས་ཤིག་གསུངས། ཡང་སྤང་ལེབ། སྤང་རི་ལྟ་བུ་ཡོད།
༡) སྤུངས། ༢) སྤུང༌། ༣) སྤུང༌། ༤) སྤུངས།
བྱེད་འབྲེལ། བསྡུས་ནས་བྱུར་བུར་བཞག་པའི་དོན། འབྲས་སྤུངས། ས་སྤུངས། སྤུང་དགོས། སྤུང་བཞིན། སྤུངས་ནས་ཕུང་པ་བྱུང༌།
སྤུད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བརྒྱན་པའི་བརྡ་རྙིང༌། བརྒྱ་ཆ་སྤུད། རིན་ཆེན་སྤུད་པ། སྤྲས་པ། སྤུད་པ། བརྒྱན་པ། སྤ་བ་བཅས་འདྲ།
སྤུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། འཕུར་དུ་འཇུག་པའི་དོན། བྱ་ཚང་ནས་སྤུར། སྤུར་ཆས་ནི་དུར་རྫས། རོ་ལ་སྤུར་དང་པུར་གང་ཡང་འཐུས།
སྤེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། འཕེལ་དུ་འཇུག་པའི་དོན། གོང་དུ་སྤེལ། འཆད་སྤེལ། བཅད་ལྷུག་སྤེལ་མ། ལུགས་སྲོལ་སྤེལ་ལྟ་བུའོ།།
༡) སྤོས། ༢) སྤོ། ༣) སྤོ། ༤) སྤོས།
བྱེད་འབྲེལ། གོ་ས་འགྱུར་འཇུག་པའི་དོན། གོམ་པ་སྤོས། གནས་སྤོ། ཕན་ཚུན་སྤོ་བཞིན་ལྟ་བུ་དང༌། ཡང་ལྷུན་པོའི་སྤོ། སྤོ་ཐོ། སྤོ་བོ། ནད་སྤོ་ཡོར་བཅས་ཡོད།
སྤོབས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གདེང་ཚོད་ཡོད་པའི་དོན། བྱེད་སྤོབས། བཤད་སྤོབས། སྤོབས་པ་ཆེན་པོ་ལྟ་བུའོ།།
སྤྱང། ( གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རིག་པ་རྣོ་བའི་དོན། རིག་པ་སྤྱང༌། སྤྱང་གྲུང༌། མི་སྤྱང་པོ། སྤྱང་ཀི་ལྟ་བུའོ།།
༡) སྤྱད། ༢) སྤྱད། ༣) སྤྱོད། ༤) སྤྱོད།
བྱེད་འབྲེལ། བེད་སྤྱོད་པའི་དོན། བཟའ་བཏུང་ལ་ལོངས་སྤྱོད། བདེ་ལ་སྤྱོད། སྤྱད་བྱ། སྤྱོད་བྱེད། སྤྱད་ཟད་ལྟ་བུའོ།།
༡) སྤྱིངས། ༢) སྤྱིང༌། ༣) སྤྱིང༌། ༤) སྤྱིངས།
བྱེད་འབྲེལ། ཆུ་སོགས་ལ་བྱིང་དུ་འཇུག་པའི་དོན། སོག་མ་ཆུར་སྤྱིང་མི་ཐུབ། རྡོ་ཆུའི་ནང་སྤྱིངས། གྲུ་རྒྱ་མཚོར་མ་སྤྱིངས་པར་འགྲོ་ཐུབ། ཆུར་སྤྱིང་པ། བྱིང་བ། ནུབ་པ་བཅས་འདྲ།
༡) སྤྱུགས། ༢) སྤྱུག ༣) སྤྱུག ༤) སྤྱུགས།
བྱེད་འབྲེལ། གཞན་དུ་སྐྲོད་པའི་དོན། མི་ངན་གནས་ནས་སྤྱུག་དགོས། ཇག་པ་སྤྱུག སྤྱུག་བཞིན། སྤྱུགས་ནས། ཡུལ་ནས་སྐྲོད་པ། བཏོན་པ་འདྲ།
༡) སྤྱོས། ༢) སྤྱོ། ༣) སྤྱོ། ༤) སྤྱོས།
བྱེད་འབྲེལ། བཀའ་བཀྱོན་གཏོང་བའི་དོན། ཚིག་གིས་སྤྱོ་བ། བཟང་པོ་བྱས་པ་ལ་སྤྱོ་མི་རུང༌། སྡིག་པ། གཤེ་གཤེ་གཏོང་བ། བཀྱོན་པ་བཅས་འདྲ།
སྤྱོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བྱོན་དུ་འཇུག་པའི་དོན། ཚུར་སྤྱོན། ད་ལྟ་སྤྱོན། སྤྱོན་ནས། བྱོན་པ་འབྱུང། ཕེབས་པ་བཅས་དང་འདྲའོ།།
སྤྲང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཟས་འཚོལ་བའི་དོན། སྤྲང་པོ་ལ་ཟས་སྦྱིན། སློང་བ་པོ་དང༌། སྤྲང་པོ་འདྲ། སྤྲང་བ་དང༌། སློང་བ་འདྲའོ།།
སྤྲས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བརྒྱན་པའི་དོན། རྒྱན་ཆ་སྤྲས། སྤྲས་པ། སྤུད་པ། བརྒྱན་པ་བཅས་འདྲ།
༡) སྤྲིངས། ༢) སྤྲིང༌། ༣) སྤྲིང༌། ༤) སྤྲིངས།
བྱེད་འབྲེལ། རིང་དུ་གཏོང་བའི་དོན། ཡི་གེ་སྤྲིངས། བཤེས་པའི་སྤྲིང་ཡིག སྤྲིང་མཁན། སྤྲིངས་ནས། སྤྲིང་པ། བསྐུར་བ། གཏོང་བ་འདྲ།
༡) སྤྲུགས། ༢) སྤྲུག ༣) སྤྲུག ༤) སྤྲུགས།
བྱེད་འབྲེལ། ཡལ་ག་སོགས་གཡོ་འགུལ་བྱེད་པའི་དོན། ཁམ་སྡོང་སྤྲུག་དགོས། རྒྱ་ལྕང་མ་སྤྲུགས། ཤིང་ལོ་སྤྲུགས་ན་ཟག གདན་སྤྲུགས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག་ལྟ་བུའོ།།
སྤྲུལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། རྣམ་པ་བསྒྱུར་བའི་དོན། སྟག་ཏུ་སྤྲུལ། རྣམ་སྤྲུལ། མཆོག་སྤྲུལ། སྤྲུལ་བ། རྫུ་འཕྲུལ་སྟོན་པ་འདྲའོ།།
༡) སྤྲོས། ༢) སྤྲོ། ༣) སྤྲོ། ༤) སྤྲོས།
བྱེད་འབྲེལ། འོད་འཕྲོ་བའི་དོན། འོད་ཟེར་སྤྲོས་ལྟ་བུ། སྤྲོས་བྲལ། སྤྲོ་བ་ནི་དགའ་བ། སྤྲོ་རིང་པོ། སྤྲོ་ལངས་ལྟ་བུ་ཡོད་དོ།།
ཕ་ཡི་སྡེ་ཚན།
ཕངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སེར་སྣ་བྱེད་པའི་དོན། སྦྱིན་རྒྱུ་ཕངས། ལུས་ཕངས་མེད་བཏང༌། བརླགས་པ་ཕངས་སོང༌། ཕངས་པ་མེད་པར་གཏང་བར་བྱ་ལྟ་བུའོ།།
ཕན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གྲོགས་བྱེད་པའི་དོན། ནད་ལ་ཕན། ཕན་ཐོགས། རང་ལ་ཕན་ལྟ་བུའོ།།
འཕིགས། (གཟུགས་མི་འགྱུར་བ།) བྱེད་མེད། ཐོག་ཏུ་ཁེལ་བའི་དོན། འཕིགས་པར་སྨྲ་བ། གཞུང་དོན་འཕིགས་པ། གྱང་འཕིགས་པའམ་ཕུག་པ་འདྲ། ཕེབས་པར་སྨྲ་བ། འཕིགས་པར་སྨྲ་བ། བག་ཕེབས་པར་སྨྲ་བ། དམིགས་ཕུག་པའམ་འཕིགས་པར་སྨྲ་བ་ཡིན།
༡) ཕབ། ༢) དབབ། ༣) འབེབས། ༤) ཕོབས།
བྱེད་འབྲེལ། མར་འབབ་པའི་དོན། ཆར་པ་ཕབ། བཀའ་ཕབ། ཁྲི་ནས་ཕབ་པའམ་ཕོགས་ཀྱང་ཡོད། གཏན་འབེབས། ཆར་པ་དབབ་ཏུ་གསོལ། ཁུར་ཕོབས་ཤིག་ལྟ་བུའོ།།
༡) ཕུག ༢) དབུག ༣) འབིགས། ༤) ཕུགས།
བྱེད་འབྲེལ། བུ་ག་རྡོལ་བའི་དོན། ཁུང་ཕུག འབིགས་བྱེད་གསོར། དབུག་བྱ་ཤིང༌། ཕུག་ནས་ལྟ་བུ་དང༌། བྲག་ཕུག ལ་ཕུག་ལྟ་བུ་ཡོད་དོ།།
༡) ཕུད། ༢) འཕུད། ༣) འཕུད། ༤) ཕུད།
བྱེད་འབྲེལ། ཕྱིར་བཏོན་པའི་དོན། མི་གྲས་ནས་ཕུད། ཕྱིར་འཕུད་བཞིན། ལྷམ་ཕུད་ལྟ་བུ་དང༌། ཡང་གཙུག་ཕུད། ཇ་ཕུད་ལྟ་བུ་ཡོད་དོ།།
༡) ཕུབ། ༢) དབུབ། ༣) འབུབ། ༤) ཕུབས།
བྱེད་འབྲེལ། ཐོག་བཀབ་པའི་དོན། གུར་ཕུབ། ལྕགས་ཤོག་དབུབ་དགོས། འབུབས་བཞིན། ད་དུང་ཕུབས་ཤིག་ལྟ་བུའོ།།
༡) ཕུར། ༢) འཕུར། ༣) འཕུར། ༤) ཕུར།
བྱེད་འབྲེལ། བྱ་གནམ་དུ་འཕུར་ལྟ་བུ་ལྡིང་བའི་དོན་དང༌། མིག་མ་འཕུར། མགོ་ཕུར་ལྟ་བུ་མཉེད་པའི་དོན། ཕུར་མཉེད་ལྟ་བུའོ།།
༡) ཕུལ། ༢) དབུལ། ༣) འབུལ། ༤) ཕུལ།
བྱེད་འབྲེལ། སྤྲད་པའི་ཞེ་ས་ཡིན། མཆོད་པ་འབུལ། དབུལ་བྱ། ཕུལ་ནས་ལྟ་བུ་དང༌། བྲེ་ཕུལ་དང༌། ཕུལ་བྱུང་ལྟ་བུ་ཡོད་དོ།།
འཕེར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཐུབ་པའི་དོན། དོ་ཟླ་འཕེར། འཕེར་ངེས་མི་འཐུས། འགོ་བྱེད་འཕེར། འདི་ལས་བྱེད་འཕེར་བ་མི་འདུག་ལྟ་བུའོ།།
༡) འཕོས། ༢) འཕོ། ༣ )འཕོ།
བྱེད་མེད། སྤོ་བའི་དོན། ཚེ་འཕོས་ཏེ་སྐྱེ་བ་ལེན། ཤི་འཕོ་མ་ཐག ལྷ་ལས་འཕོས་ནས། འཕོས་ནས། སྤོས་ནས་འདྲ།
༡) ཕོག ༢) འཕོག ༣) འཕོག
བྱེད་མེད། འཁེལ་བའི་དོན། སེམས་ལ་ཕོག ཕོག་ཐུག་སོང༌། མདའ་འབེམ་ལ་ཕོག རེས་མོས་ང་ལ་ཕོག འཕོག་འོང་ལྟ་བུའོ།།
༡) ཕོག ༢) དབོག ༣) འབོགས། ༤) ཕོགས།
བྱེད་འབྲེལ། མར་བཞག་པའི་དོན། རྟ་སྒ་ཕོགས་ཤིག ཁུར་དབོག་དགོས། གདམ་ངག་འབོགས། འབོགས་མཁན། ཕོགས་ནས། ཁྲི་ལས་ཕོག་པ་དང་ཕབ་པ་ཡོད༌།
ཕེབས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འགྲོ་འོང་གི་ཞེ་ས་ཡིན། ཡར་ཕེབས་ནང་དུ་ཕེབས་ལྟ་བུའོ།།
༡) འཕངས། ༢) འཕང༌། ༣) འཕེན། ༤) ཕོངས།
བྱེད་འབྲེལ། རྒྱག་པའི་དོན། མདའ་འཕངས། རྡོ་འཕེན། ལས་ཀྱིས་འཕངས། འཕེན་མཁན། འཕང་བྱ། འཕངས་ནས་ལྟ་བུ་དང༌། དབུལ་ཕོངས། འཕོངས་ནི་རྐུབ་སྟེ། འཕོངས་སྟེག འཕོངས་ར་ནི་གྲལ་སྒོར་མོ་ལ་ཟེར།
ཕོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ནུས་པའི་དོན། བསམ་ཕོད། བཤད་ཕོད། བྱེད་ཕོད་ལྟ་བུའོ།།
༡) ཕྱགས། ༢) ཕྱག ༣) འཕྱག ༤) ཕྱོགས།
བྱེད་འབྲེལ། གད་བདར་བྱེད་པའི་དོན། གད་ཕྱགས། ལྷ་ཁང་ཕྱགས་ཏེ་གཙང་མ་སོང༌། འཕྱག་མཁན། ཕྱག་རྒྱུ། ཕྱགས་ནས་ལྟ་བུའོ།།
༡) ཕྱར། ༢) འཕྱར། ༣) འཕྱར། ༤)ཕྱོར།
བྱེད་འབྲེལ། རླུང་ལ་འཕྱར། ཐལ་བ་འཕྱར། འཕྱར་མཁན། ཕྱར་ནས་ལྟ་བུ་བར་སྣང་ནས་མར་གཏོར་བའི་དོན་ནོ།།
༡) ཕྱིས། ༢) དབྱི། ༣ ) འབྱིད། ༤) ཕྱིས།
བྱེད་འབྲེལ། ཐལ་བ་སོགས་དག་པར་བྱེད་པའི་དོན། དབྱི་བྱ། ཕྱིས་ནས་ལྟ་བུ་དང༌། དབྱི་ནི་སེམས་ཅན་དབྱི་པགས་ལྟ་བུ་དང༌། ཕྱིས་སུ་བྱོན་ལྟ་བུའང་ཡོད་དོ།།
༡) ཕྱུང༌། ༢) དབྱུང༌། ༣) འབྱིན། ༤)ཕྱུངས།
བྱེད་འབྲེལ། བཏོན་པའི་དོན། སུན་འབྱིན། སུན་ཕྱུང༌། དབྱུང་བྱ། འབྱིན་བྱེད། ཕྱུང་ནས། གནས་ནས་ཕྱུང༌། གནས་དབྱུང༌། མིང་གི་ཁོངས་ནས་ཚིག་ཕྱུང་ནས། ལྟ་བུའོ།།
ཕྱེད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཁ་ཕྱེ་བའི་དོན། མི་ཕྱེད་པའི་དད་པ། མི་ཕྱེད་པའི་རྡོ་རྗེ། གཅིག་བགོས་པའི་ཆ་ལ་ཕྱེད་ཟེར། མི་ཕྱེད་པ་ཁ་མ་བྲལ་བའི་དོན་ནོ།།
ཕྱོགས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཁ་གཏད་པའི་དོན། ཉི་མར་ཕྱོགས། ཕྱོགས་གཏོགས། མངོན་དུ་ཕྱོགས། མདུན་དུ་ཕྱོགས། རྒྱབ་ལ་ཕྱོགས་ལྟ་བུའོ།།
༡) ཕྲལ། ༢) དབྲལ། ༣) འབྲལ། ༤) ཕྲོལ།
བྱེད་འབྲེལ། སོ་སོར་བྲལ་འཇུག་པའི་དོན། ཤ་རུས་ཕྲལ། ཤོག་བུ་དབྲལ། གཉེན་དང་འབྲལ། དགྲ་དང་ཕྲོལ་ཅིག་ལྟ་བུའོ།། འབྲལ་ནི་བྲལ་བའི་ད་ལྟ་བའང་འགྲོ།
༡) ཕྲད། ༢) འཕྲད། ༣) འཕྲད།
བྱེད་མེད། འཛོམས་པའི་དོན། མ་བུ་འཕྲད། གྲོགས་དང་འཕྲད། ཚིག་ཕྲད། འཕྲད་བཞིན་པ། ཕྲད་ནས་ལྟ་བུའོ།།
༡) ཕྲི། ༢) དབྲི། ༣) འབྲིད། ༤) ཕྲིས།
བྱེད་འབྲེལ། ཉུང་དུ་གཏོང་བའི་དོན། ཆུ་ཁ་ཕྲིས་ཤིག སྣོན་ཕྲི་དགོས། མང་དྲགས་ན་འབྲི་མཁན་གྱིས་དབྲི་བྱའི་དངོས་པོ་ཕྲི་ནས་ལྟ་བུའོ།།
༡) ཕྲོགས། ༢) དབྲོག ༣) འཕྲོག ༤) ཕྲོགས།
བྱེད་འབྲེལ། བཙན་གྱིས་ལེན་པའི་དོན། ཇག་པས་ནོར་ཕྲོགས་སོང༌། དབྲོག་ཡོང༌། འཕྲོག་བཞིན་པ། ཡིད་འཕྲོག དངུལ་འཕྲོག་ལྟ་བུ་དང༌། ད་ལྟ་བ་དང་མ་འོངས་པ་ཉིས་ཀར་འཕྲོག་བྲིས་ཀྱང་ཆོག དབྲོག་མ་འོངས་པར་འབྲི་སྲོལ་གཞན་གསུངས་པ་འདུག
༡) བྲད། ༢) དབྲད། ༣) འབྲད། ༤) ཕྲོད།
བྱེད་འབྲེལ། རྡར་རྡར་བྱེད་པའི་དོན། སེན་མོས་བྲད། དབྲད་དགོས། འབྲད་བཞིན། ས་བྲད། སྒལ་པར་བྲད། པགས་ནད་བྱུང་ན་དབྲད་དགོས་ལྟ་བུའོ།།
༡) བྲབས། ༢) བྲབ། ༣) འབྲབ། ༤) ཕྲོབས།
བྱེད་འབྲེལ། དབྱུག་པ་སོགས་ལན་མང་རྒྱག་པའི་དོན། རྟ་ལ་ལྕག་གིས་བྲབས་ན་རྒྱུག འབྲབ་མཁན། བྲབ་བྱ། བྲབས་ནས་ལྟ་བུའོ།།
འཕྲེང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཆགས་པའི་དོན། ཡིད་འཕྲེང་བའི་གཏམ། སེམས་འཕྲེང་བཞིན་ལྟ་བུའོ།།
༡) འཕགས། ༢) འཕག ༣) འཕག
བྱེད་མེད། མཐོ་རུ་སོང་བའི་དོན། ཁྱད་པར་འཕགས། འཕགས་པའི་གང་ཟག མཁའ་ལ་འཕག་བཞིན། འཕག་ཚ་གློད་ལྟ་བུའོ།།
འཕན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སྐྱོན་ཞུགས་པའི་དོན། འཕན་ཟིལ་རིན་ཆེན་ལ་ལྟ་ཡི། ལྟ་བུའོ།། གས་ཆག་ཡོད་པའི་དོན།
འཕར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མང་དུ་སོང་བའི་དོན། འཕར་ཆག ཡར་འཕར། སྒོ་འཕར་ལྟ་བུའོ།།
ཕམ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། རྒྱལ་ཤོར་བའི་དོན། དམག་ཕམ། རྒྱལ་ཕམ། ཚོང་ཕམ་ལྟ་བུའོ།།
འཕུང༌། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། བརླག་པར་བྱེད་པའི་དོན། འཕུང་བྱེད། གྲོགས་ངན་གྱིས་འཕུང་ལྟ་བུའོ།།
འཕུལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སྐྱུར་བའམ་འབུད་པའི་དོན། གཡང་དུ་འཕུལ། འཕུལ་བྱེད་ལྔ༌། ཐོག་ནས་འཕུལ་ཏེ་འོག་ཏུ་ཟག་ལྟ་བུའོ།།
འཕེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གོང་དུ་རྒྱས་པའི་དོན།
༡) འཕྱས། ༢ )འཕྱ། ༣) འཕྱ། ༤) འཕྱོས།
བྱེད་འབྲེལ། བརྙས་སྨོད་བྱེད་པའི་དོན། བྱེད་སྟངས་འཕྱ། གཞན་ལ་མ་འཕྱོས། སྤྱོད་ངན་ལ་ཀུན་གྱིས་འཕྱ་ཡོང་ལྟ་བུའོ།།
༡) འཕྱངས། ༢) འཕྱང༌། ༣) འཕྱང༌།
བྱེད་མེད། ཐོག་ནས་མར་འཕྱང་བའི་དོན། མགོ་ནས་ལེན་བུ་འཕྱང་ལྟ་བུ་དང༌། འཕྱང་མོ་སྙུག་ནི་ཐེ་ཚོམ་ཟ་བའི་དོན་ནོ།།
འཕྱན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འཁྱམ་པའི་དོན། འཁོར་ལོ་འཕྱན། ཀུན་ཏུ་འཕྱན་ལྟ་བུའོ།།
༡) ཕྱིས། ༢) ཕྱི། ༣) ཕྱི།
བྱེད་མེད། དུས་ལས་འདས་པའི་དོན། འགྲོ་ཕྱི་འོང༌། ཕྱིས་སོང་ལྟ་བུའོ།།
༡) འཕྱིངས། ༢) འཕྱིང༌། ༣) འཕྱིང༌།
བྱེད་མེད། ཕན་ཚུན་འཛིང་བའི་དོན། སྐྲ་འཕྱིང༌། བལ་འཕྱིངས་ནས། འཕྱིང་པ་ཆགས། འཕྱིང་བ། འཐམ་པ། འབྱར་བ་ནམས་འདྲའོ།།
༡) འཕྱུགས། ༢) འཕྱུག ༣) འཕྱུག
བྱེད་མེད། ནོར་འཁྲུལ་སོང་བའི་དོན། ལས་ཀ་ལ་མ་འཕྱུགས་ལྟ་བུ་དང༌། འཕྱུག་པ། འཆུག འཕྱུགས། འཆུགས་བཅས་འདྲའོ།།
འཕྱུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རྡོག་རྡོག་ཡར་ལུད་པའི་དོན། རྦ་རླབས་གྱེན་དུ་འཕྱུར། འོ་མ་བསྐོལ་ནས་འཕྱུར། འཕྱུར་བ། བྱུར་བ། བྱུར་བུ་འདྲའོ།།
༡) འཕྱེས། ༢) འཕྱེ། ༣) འཕྱེ།
བྱེད་མེད། ནུར་ནས་འགྲོ་བའི་དོན། སྦྲུལ་ལ་ལྟོ་འཕྱེ་ཟེར། འཕྱེ་བ་ནི་རྐང་མེད་དང༌། འཕྱེ་བོ་ནི་ཞ་བོ་ལ་ཟེར།
༡) འཕྱོས། ༢) འཕྱོ། ༣) འཕྱོ།
བྱེད་མེད། ཐོག་ཏུ་ལྡིང་བའི་དོན། སོག་མ་ཆུ་ཡི་སྟེང་དུ་འཕྱོ། རྟ་མཆོག་རླུང་ལྟར་འཕྱོ་ནས་ལྟ་བུ་དང༌། འཕྱོས་མ་ནི་ལག་རྟགས་རྔན་པ་ལ་ཟེར།
འཕྱོར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རྒྱན་གོས་དང་འདོད་བྱེད་པའི་དོན། གོས་འཕྱོར་པོ་གྱོན། གཟབ་མཆོར་དང་གཟབ་འཕྱོར། འཕྱོར་པོ་དང་མཆོར་པོ་འདྲའོ།།
༡) འཕྲས། ༢) འཕྲ། ༣) འཕྲ།
བྱེད་འབྲེལ། རྡོག་ལྕག་གཞུས་པའི་དོན། རྟས་འཕྲ་རྒྱག འཕྲ་རེས་བྱེད། འཕྲ་བ། རྐང་པ་གཡུགས་པ་དང་འདྲ་མཚུངས་ཡོད། འཕྲ་ཤགས། ཕྲ་རྒྱན་ལྟ་བུ་ཡོད།
༡) འཕྲིགས། ༢) འཕྲིག ༣) འཕྲིག
བྱེད་མེད། བརྟགས་པའི་དོན། གཞུང་དོན་འཕྲིགས་སུ་ཆུད་ལྟ་བུ་དང༌། འཁྲིག་སྤྱོད་དང༌། མཁྲིག་ནད་ནི་ཁ་འཁྲིའོ།།
༡) འཕྲུགས། ༢) འཕྲུག ༣) འཕྲུག ༤) འཕྲུགས།
བྱེད་འབྲེལ། ཟ་འཕྲུག་བྱེད་རེས་བྱེད་པའི་དོན། རྟས་འཕྲུག་རེས་བྱེད། ཟ་འཕྲུག་ལངས། འཕྲུག་ནི་ཆ་དང་ཟུང་ལ་གོ་བ། ལྔ་འཕྲུགས་ལྟ་བུ་ཡང་ཡོད། འཁུ་འཕྲིག་ནི་རྣམ་རྟོག་ལ་གོ། སེན་མོས་འཕྲུགས་པ་ལྟ་བུའོ།།
འཕྲུལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སྣང་ཆ་བསྒྱུར་བའི་དོན། ཆོ་འཕྲུལ། རྣམ་འཕྲུལ། འཕྲུལ་འཁོར་ལྟ་བུ་དང༌། འདི་བྱེད་འབྲེལ་ཚིག་གསུངས་པ་འདུག
༡) འཕྲོས། ༢) འཕྲོ། ༣) འཕྲོ།
བྱེད་མེད། ཉི་འོད་འཕྲོ། འོད་ཟེར་འཕྲོས་ཏེ་ལྟ་བུ་ཕོག་པ་དང༌། འཕྲོ་ལུས་ལྟ་བུ་ལྷག་མ་ལུས་པ་དང༌། འཕྲོས་བཤད་ལྟ་བུ་དེའི་ཞར་བྱུང་བཤད་པ། འཕྲོ་བརླག་སོང་བ་ལྟ་བུ་བེད་མེད་སོང་ལྟ་བུའོ།།
འཕྲོད་པ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འབྱོར་བའི་དོན། ཡི་གེ་འཕྲོད། དོན་འཕྲོད། རྒྱུགས་འཕྲོད། སྤྲད་ནས་འཕྲོད་པ། གོ་བརྡ་འཕྲོད་པ་ལྟ་བུའོ།།
བ་ཡི་སྡེ་ཚན།
༡) བངས། ༢) བང༌། ༣) བང༌།
བྱེད་མེད། རླན་གཤེར་སོང་བའི་དོན། ཀོ་བ་བངས། སྦངས་ནས་བང་ལྟ་བུའོ།། བོངས་ཚོད་ནི་མིང་རྐྱང་ངོ༌།།
༡) བབས། ༢) བབ། ༣) འབབ།
བྱེད་མེད། དམའ་སར་ལྷུང་བའི་དོན། ཆར་པ་བབས། ཚོང་རིན་བབ་འོང༌། བློ་ལ་བབས། ཕབ་ནས་བབས་ལྟ་བུའོ།།
བམ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རུལ་པ་སོང་བའི་དོན། བམ་ཤ། རོ་བམ་འདུག་ལྟ་བུ་དང་ཡང་བམ་ཆ་དང༌། བམ་པོ་དང་པོ་ལྟ་བུ་ཡོད་དོ།། སྦོམས་ཏེ་བམ་པའམ་ཆུན་པོ་ལའང་གོ།
༡) འབགས། ༢) འབག ༣) འབག
བྱེད་མེད། མི་གཙང་བ་འདྲེས་པའི་དོན། འབག་བཙོག དྲི་མས་འབག་ལྟ་བུའོ།།
འབད། (གཟུགས་མི་འགྱུར་བའི་བྱ་ཚིག) འབུངས་པ། བརྩོན་པ། རྟུན་པ་བཅས་འདྲའོ།།
འབར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མེ་ལྟ་བུ་རང་བཞིན་གྱིས་འབར་བའི་དོན། མེ་འབར། སྤར་ནས་འབར་ལྟ་བུའོ།།
༡) བལ། ༢) འབལ། ༣) འབལ།
བྱེད་མེད། འཐེན་ནས་རྩ་བ་བཏོན་པའི་དོན། ལ་ཕུག་འབལ་དགོས། སྐྲ་འབལ། ཁ་སྤུ་འབལ། ཤིང་སྡོང་བལ་ནས་སླར་ཚུགས་ཞེས་པ་ལྟ་བུ། འབལ་འབོལ་ནི་མཁྲེགས་པོ་མེད་པ་ཟེར།
༡) བུད། ༢) འབུད། ༣) འབུད། ༤) བུད།
བྱེད་འབྲེལ། ཕྱིར་འདོན་པའི་དོན། ཕྱིར་འབུད་བྱེད། སོ་བུད། སྐྲ་བུད། བུད་མེད། རྐང་ཚིགས་བུད། དུང་འབུད་བཞིན། བུད་ཤིང་ནི་མེའི་ནང་བཅུག་ནས་ཕྱིར་ལྷག་པ་དོན་ཡོད་པ་ལ་བུད་ཤིང་ཟེར་སྙམ། ཡང་མེ་བུས་པ་དང་དུང་བུས་པ་ཡོད།
བུབ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཁ་འོག་ཏུ་ཕྱོགས་པའི་དོན། སྣོད་ཁ་བུབ། སྦུབ་ནས་བུབ་པ་ལྟ་བུའོ།། ཁ་འབོག་པ་ཡང་ཡོད། འབོག་ཅིང་བརྒྱལ་བར་འགྱུར་བ་ཡོད་གསུངས་པ་ལྟར་རོ།།
དབེན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མེད་པའི་དོན། རྒྱུ་ནོར་དབེན། བྱེད་ཐབས་དབེན། དབེན་པའི་གནས་ལྟ་བུའོ།།
བེམ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ཚོར་བ་ཉམས་པའི་དོན། སྒྲ་ཆེན་གྱིས་རྣ་བ་བེམ། རྐང་ལག་བེམ། བེམ་པོ་ནི་སེམས་མེད་ལ་ཟེར། མལ་ཆས་བེམ་ཡང་ཡོད། སྦྲིད་པ་དང་བེམ་པ་འདྲའོ།།
བོར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། དོར་བའི་དོན། སྤྱི་དོན་རིས་སུ་བོར། རྟ་བོར། གཡག་བོར་ལྟ་བུའོ།།
༡) བོས། ༢) འབོད། ༣) འབོད། ༤) བོས།
བྱེད་འབྲེལ། བརྡ་གཏོང་བའི་དོན། སྐད་འབོད། འབོད་སྐུལ། འབོད་སྒྲ། བོས་ནས་ལྟ་བུ་དང༌། མ་འོངས་པར་བོད་བྱས་ཀྱང་འཐུས།
དབུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཕུར་བའི་དོན། སྨན་དབུར། དབུར་ལྕགས་ལྟ་བུའོ།།
༡) འབུངས། ༢) འབུང༌། ༣) འབུང༌།
བྱེད་མེད། བརྩོན་པའི་དོན། འབད་འབུངས་ལྟ་བུའོ།།
འབུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཚུར་འབུར་ཐོན་པའི་དོན། འབུར་དོད། རི་མོའི་འབུར་ལྟ་བུའོ།།
༡) འབུས། ༢) འབུ། ༣) འབུ།
བྱེད་མེད། ཐོག་མ་ཡར་སྐྱེས་པའི་དོན། ཤིང་ལོ་འབུས། རྩ་འབུས་ནས། འབུས་འཇོམས་མ་བྱེད་ལྟ་བུའོ།།
བྱང༌། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། གོམས་པའི་དོན། ཡི་གེ་བྱང༌། སྦྱངས་ནས་བྱང༌། བྱང་ཆུབ། ཉེས་པ་བྱང་ལྟ་བུ་དག་པའི་དོན་ནོ།།
༡) བྱབས། ༢) བྱབ། ༣) བྱབ། ༤) བྱོབས།
བྱེད་འབྲེལ། རླུང་གིས་ཕྱགས་འཇུག་པའི་དོན། བྱབས་ཁྲུས་ཞུས། རླུང་གཡོས་ཀྱིས་བྱབ་དགོས། བྱོབས་ཤིག་ལྟ་བུའོ།། ཐུར་དུ་འཐེན་པའམ་འདྲེན་པའི་རྣམ་པ་ཞིག་ཡིན།
བྱམས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། བདེ་བ་ཐོབ་འདོད་པའི་དོན། བྱམས་པོ་བྱེད། བྱམས་སེམས། མས་བུ་ལ་བྱམས། བྱམས་བརྩེ་ལྟ་བུའོ།།
༡) བྱས། ༢) བྱ། ༣) བྱེད། ༤) བྱོས།
བྱེད་འབྲེལ། ལས་སྒྲུབ་པའི་དོན། བྱེད་མཁན། བྱ་རྒྱུ། བྱས་ན། ཁྱོད་ཀྱིས་བྱོས་ཤིག་ལྟ་བུ་དང༌། བྱ་ནི་དུད་འགྲོ། བྱ་དེ། བྱ་ར། བྱ་མ་རྟ་ལྟ་བུ་ཡོད་དོ།།
༡) བྱི། ༢) འབྱི། ༣) འབྱི།
བྱེད་མེད། སྤུ་སོགས་འབུད་པའི་དོན། མི་རྒན་སྐྲ་བྱི། ལུག་རྒན་བལ་བྱི་ནས་ཕྱི་བ་དང་དབྱི་མ་དགོས་པར་རང་བཞིན་གྱིས་འདག་པའི་དོན། ཡང་བྱི་བ་དང་བྱི་རུ། བྱི་དོར། བྱི་ལ་ལྟ་བུ་ཡོད་དོ།།
༡) བྱིང༌། ༢) འབྱིང༌། ༣) འབྱིང༌།
བྱེད་མེད། ཆུ་སོགས་སུ་ནུབ་པའི་དོན། འདམ་དུ་བྱིང༌། བྱིང་ན་གནས་པ། བྱིང་རྒོད། སྡུག་བསྔལ་གྱི་རྒྱ་མཚོར་བྱིང༌། སྤྱིངས་ནས་བྱིང་བ་ལྟ་བུའོ། །ཕལ་ཆེར་བྱིངས་ལ་ས་ཡང་འཇུག་ཐོབ།
༡) བྱིན། ༢) སྦྱིན། ༣) སྦྱིན།
བྱེད་འབྲེལ། སྤྲོད་པའི་དོན། ནོར་སྦྱིན་བཞིན། སྦྱིན་རྒྱུ། བྱིན་ནས་ལྟ་བུ་དང༌། བྱིན་ནི་མཐུ་དང༌། བྱིན་གྱིས་རླབས་ལྟ་བུ་དང༌། བྱིན་པ་སྟེར་བ་སྤྲོད་པ་འདྲ།
༡) བྱུགས། ༢) བྱུག ༣) འབྱུག ༤) བྱུགས།
བྱེད་འབྲེལ། བསྐུས་པའི་དོན། སྐྲ་ལ་སྣུམ་བྱུགས། རྨ་ལ་སྨན་བྱུགས། འབྱུག་མཁན། བྱུག་པ། བྱུགས་ནས་ལྟ་བུའོ།།
༡) བྱུང༌། ༢) འབྱུང༌། ༣) འབྱུང༌།
བྱེད་མེད། ཡོད་པར་གྱུར་བའི་དོན། དགའ་པོ་བྱུང༌། བདེ་སྐྱིད་འབྱུང༌། འབྲས་བུ་བྱུང་ལྟ་བུ་དང༌། བྱུང་རྒྱལ་ནི་ཁུངས་མེད་ཡིན། སྐྱེ་བ་དང་བྱུང་བ་འདྲའོ།།
༡) བྱེས། ༢) བྱེ། ༣) འབྱེ།
བྱེད་མེད། འབྱར་བ་ལས་བྲལ་བའི་དོན། ཤ་པགས་འབྱེ། བྱེས་འབྱོར། འབྱེ་བཞིན། བྱེ་དགོས། བྱེས་ནས་ལྟ་བུ་ཡོད་དོ།། ཕྱེ་ནས་བྱེ་བ་བྱུང་ངོ༌། །བྱེ་བ་གྲངས། བྱེ་མ་ལྟ་བུའང་ཡོད།
༡) བྱེར། ༢) འབྱེར། ༣) འབྱེར།
བྱེད་མེད། བྲོས་པའམ་འཐོར་བའི་དོན། ད་ལྟ་ཅི་ཕྱིར་འབྱེར་བར་བྱེད། ལྟ་བུ་དང་རྔོན་པ་སླེབས་དུས་རི་དྭགས་འབྱེར་ཡོང་ལྟ་བུའོ།།
༡) བྱོས། ༢) བྱོ། ༣) འབྱོ། ༤) བྱོས།
བྱེད་འབྲེལ། གཅིག་ནས་གཅིག་ཏུ་འཕོ་འཇུག་པའི་དོན། སྣོད་དུ་བྱོ་དགོས། བུམ་པ་གང་བྱོའི་ཚུལ་དུ། གཞན་དུ་བྱོ་དགོས་ལྟ་བུའོ།།
བྱོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འགྲོ་འོང་གི་ཞེ་ས། བྱོན་པ་ལེགས། རང་བྱོན། ཚུར་བྱོན། ད་ལྟ་མ་འོངས་ལ་འབྱོན་བྲིས་ཀྱང་འཐུས།
༡) འབྱོགས། ༢) འབྱོག ༣) འབྱོག ༤) འབྱོགས།
བྱེད་འབྲེལ། ཞོ་ལྟ་བུ་ལྕེས་ལྡག་པའི་དོན། ཞེ་འབྱོག ཐུག་པ་འབྱོགས། སྡེར་མ་འབྱོགས། ཕོར་པ་འབྱོགས་ནས་བཞག་ལྟ་བུའོ།།
༡) བྱོལ། ༢) བྱོལ། ༣) བྱོལ། ༤) འབྱོལ།
བྱེད་མེད། བཟུར་ནས་ཡོང་བའི་དོན། བླང་ཆེན་སྨྱོན་པ་ལ་ལམ་བྱོལ་དགོས། བཙན་བྱོལ། བྱོལ་སོང༌། ལམ་བྱོལ་ལྟ་བུའོ།།
༡) དབྱུགས། ༢) དབྱུག ༣) དབྱུག ༤) དབྱུགས།
བྱེད་འབྲེལ། འཕེན་པའམ་སྐྱུར་བའི་དོན། ཕན་མི་ཐོགས་པ་དབྱུག་དགོས། ཆུ་ལ་རྡོ་དབྱུགས། འགན་ཕར་དབྱུགས་ཚུར་དབྱུགས། གྲི་ལྟ་བུ་ལག་པ་དང་འབྲེལ་ནས་གཡོ་འགུལ་ལ་གཡུགས་དང་གཡུག ལག་པ་དང་བྲལ་ནས་འཕེན་པ་ལ་དབྱུགས་དང་དབྱུག་གསུང་མཁན་འདུག་པས་ཁྱད་པར་དཔྱད།
༡) ཕྱེ། ༢) དབྱེ། ༣) འབྱེད། ༤) ཕྱེས།
བྱེད་འབྲེལ། སྒོ་སོགས་ཕྱེ་བའི་དོན། སྒོ་འབྱེད། རྣམ་དབྱེ་ཕྱེ་ནས། དབྱེ་བ། དབྱེ་ན། ཕྱེས་ཤིག་ལྟ་བུའོ།།
༡) འབྱོངས། ༢) འབྱོང༌། ༣) འབྱོང༌། ༤) འབྱོངས།
བྱེད་མེད། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། ལྟ་བུ་འབྱོན་པ་བྱང་བའམ་ཐུབ་པའི་དོན་དང༌། ཇ་འབྱོང༌། ཆང་འབྱོང་ལྟ་བུ། མིད་པའི་དོན། མིད་པ་ལ་འབྱོང་འགྲོ་ཟེར་མཁན་ཡང་ཡོད། བཤལ་བའི་དོན་དུ་གོ་གསུངས་པའང་འདུག འཇོང་དང་འདྲ།
༡) འབྱམས། ༢) འབྱམ། ༣) འབྱམ།
བྱེད་མེད། ཁྱབ་འཇུག་པའི་དོན། རབ་འབྱམས། སྨན་ལུས་ལ་འབྱམས། འབྱམས་ཀླུས་ལྟ་བུའོ།།
འབྱར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཕན་ཚུན་སྦྱར་ནས་འབྱར་བ་ཡིན། བུ་མ་འབྱར་ལྟ་བུའོ།།
འབྱོར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཚང་བ་བྱུང་བའི་དོན། ཡི་གེ་འབྱོར། དལ་འབྱོར་ལྟ་བུའོ།།
༡) བྲན། ༢) འབྲན། ༣) འབྲན། ༤) བྲོན།
བྱེད་འབྲེལ། འདེབས་པའམ་གཏོར་བའི་དོན། མེ་ཏོག་ལ་ཆུ་བྲན། ཆུ་བྲན་ནས་འཕྱིང་པ་དབུར། བྲན་དུ་བཀོལ་ལྟ་བུའོ།།
༡) བྲལ། ༢) བྲལ། ༣)འབྲལ།
བྱེད་མེད། ཁ་བྲལ་བའི་དོན། བདེ་བ་དང་མི་འབྲལ་བ། སྡུག་བསྔལ་དང་བྲལ། སྐྱོན་དང་བྲལ། སྤྲོས་བྲལ་ལྟ་བུའོ།།
༡) བྲིས། ༢) བྲི། ༣) འབྲི། ༤) བྲིས།
བྱེད་འབྲེལ། རི་མོ་སོགས་བཀོད་པའི་དོན། རི་མོ་བྲི། ཡི་གེ་འབྲི་མཁན། བྲི་བྱ། བྲིས་ནས། བྲིས་ཤིག་ལྟ་བུ་དང༌། ཁ་བྲི་བ་ཡང་ཡོད། འདིའི་སྐུལ་ཚིག་ལ་ཕྲིས་བྲིས་པ་ཡོད་ཀྱང་མི་རིགས་ཏེ། ལྔ་ནས་གསུམ་ཕྲིས་ཞེས་པ་དང་ཁུར་ཕྲིས་ཞེས་པ་གཉིས་ལ། གསུམ་བྲིས་པ་དང༌། ཁུར་པོ་བྲིས་པར་གོ་ན་ཤིན་ཏུ་ནོར་བ་ཆེན་པོ་ཡིན།
བྲིན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མཁོ་མཁན་མང་བའི་དོན། ནོར་བུ་གཞན་དུ་བྲིན་པ་ཙམ། ལྟ་བུ་དང༌། ཚོང་བྲིན། མ་བྲིན། མ་བྲིན་པ་ལྷག་ལྟ་བུའོ།།
༡) བྲིམས། ༢) བྲིམ། ༣) འབྲིམ། ༤) འབྲིམས།
བྱེད་འབྲེལ། སྐལ་རྔན་ལྟ་བུ་བགོས་པའི་དོན། མགྲོན་པོ་ལ་ཟས་བྲིམས། བྲིམ་དགོས། བཟའ་བཏུང་འབུལ་མཁན་ལ་འབྲིམ་པ་ཟེར།
༡) འབྲངས། ༢) འབྲང༌། ༣) འབྲང༌།
བྱེད་མེད། རྗེས་སུ་འགྲོ་བའི་དོན། སྟོན་པའི་རྗེས་འབྲང༌། རིགས་པའི་རྗེས་འབྲང༌། མེས་པོའི་རྗེས་སུ་འབྲངས་ནས་ལྟ་བུའོ།།
༡) བྲིད། ༢) འབྲིད། ༣) འབྲིད། ༤) བྲིད།
བྱེད་འབྲེལ། སླུ་བའི་དོན། ངན་པས་ཐོག་མ་ཚིག་གི་འབྲིད། ལྟ་བུ་དང༌། འབྲིད་ཟས་ཀྱིས་བྲིད་ནས་ཉ་བཟུང༌། འདྲིད་པ་དྲིད་པ་བཅས་དང་འདྲ།
འབྲེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཕན་ཚུན་འཐུད་པའི་དོན། རྟེན་འབྲེལ། འབྲེལ་འཐུད། གྲོགས་ངན་དང་འབྲེལ། འབྲེལ་བ་ཆད་ལྟ་བུའོ།།
༡) བྲུས། ༢) བྲུ། ༣) འབྲུད། ༤) བྲུས།
བྱེད་འབྲེལ། ཚང་སོགས་རྐོ་བའི་དོན། ས་བྲུས་ནས། དོང་འབྲུ་བཞིན། མཚང་བྲུ། དྲུ་བ་དང་དྲུས་པ་བཅས་དང་འདྲའོ།།
འབྲུབ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཆུ་སོགས་རྒྱས་པའི་དོན། ཆུ་བོ་འབྲུབ། མཚོ་འབྲུབ་ལྟ་བུ་དང༌། ཆུ་འབྲུག་པའང་བྲིས་འདུག་པས་དཔྱད་ན་གཉིས་ཀ་རུང༌།
༡) བྲུབས། ༢) བྲུབ། ༣) འབྲུབ། ༤) བྲུབས།
བྱེད་འབྲེལ། ནང་དུ་བཅུག་པའི་དོན། བཙོན་དུ་བྲུབས། བ་ལང་ནང་དུ་བྲུབ་དགོས། འབྲུབ་བཞིན་ལྟ་བུའོ།།
བྲུལ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འཐོར་བའི་དོན། སྟོན་ཀར་ཤིང་ལོ་བྲུལ། རྣམ་ཐར་དུ་གསུང་གླེང་བྲུལ་ཙམ་ཡིན་གསུངས་པ་འཐོར་བུ་བ་ཡིན་ཟེར་བའི་དོན།
༡) བྲེགས། ༢) བྲེག ༣) འབྲེག ༤) བྲེགས།
བྱེད་འབྲེལ། མང་པོ་མཉམ་དུ་གཅོད་པའི་དོན། སྐྲ་བྲེགས། རྩ་འབྲེག་བཞིན། ཤིང་ལོ་བྲེགས་ཤིག་ལྟ་བུ། ཤིང་སྡོང་བཅད་པ་ཡིན་ཡང་བྲེགས་པ་མིན།
བྲེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མི་ཁོམ་པའི་དོན། ལས་ཀ་བྲེལ་བ་ཚ་པོ། བྲེལ་ཟིང་ལྟ་བུའོ།།
བྲེད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། འཇིགས་པའི་དོན། བྲེད་ཤ་ཐོན་པའི་མིག་བསྒྲད་ནས། བྲེད་སྐད་ཤོར་ལྟ་བུའོ།།
༡) བྲེས། ༢) བྲེ། ༣) བྲེ། ༤) བྲེས།
བྱེད་འབྲེལ། བརྐྱངས་པའི་དོན། ཀླད་ལ་བླ་བྲེ་བྲེས། སྦྲེལ་ནས་བཞག་པའི་དོན་དང༌། བྲེ་ནི་འཇལ་བྱེད། བྲེ་མོའི་གཏམ་ལྟ་བུའོ།།
བྲོ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། བྲོ་བ་ཚོར་བའི་དོན། དགོད་བྲོ། ངུ་བྲོ། ཚ་བྲོ། ཁ་བྲོ། ལྟ་བུ་དང༌། བྲོ་འཁྲབ་ལྟ་བུའང་ཡོད་དོ།།
བྲོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། དགའ་བའི་དོན། བློ་བྲོད། རྩེད་མོ་བྲོད་པོ་བྱུང༌། སོས་འབྲད་པའི་སྐུལ་ཚིག་བཅས།
༡) བྲོས། ༢) བྲོས། ༣) འབྲོས།
བྱེད་མེད། ཤོར་འགྲོ་བའི་དོན། བཙོན་ནས་བྲོས། བྲོས་འབྱོར་ཐུབ། བྲོས་པ་སྐུལ་ཚིག་ཡིན་གསུངས་པའང་འདུག
༡) བླགས། ༢) བླག ༣) བློག ༤) བློགས།
བྱེད་འབྲེལ། ཉན་པའི་དོན། གཏམ་སྙན་རྣ་བ་བླག་ལྟ་བུ་དང༌། ཡང་བདེ་བླག་ཏུ་ཐོབ། བཙོ་བླག་མཁན། མིག་ཆུ་བླག་ཡོད་གསུངས། བརྡ་རྙིང༌། བླགས་ཆེ་ནི་ཕམ་ཉེས་ཆེ་གོ་གསུངས།
༡) བླངས། ༢) བླང༌། ༣) ལེན། ༤) ལོངས།
བྱེད་འབྲེལ། ལག་ལེན་བསྟར་བའི་དོན། ཆོས་ཉམས་སུ་བླངས། བླང་བྱ། ལེན་མཁན། ལོངས་ཤིག་ལྟ་བུའོ།།
བླས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཕན་ཚུན་བསྣོལ་ནས་སྦྲེལ་བའི་དོན། སྲེ་བོ་བླས། སྐྲ་བླས།
༡) བླུས། ༢) བླུ། ༣) བླུ། ༤) བླུས།
བྱེད་འབྲེལ། ཚབ་སྦྱིན་ཏེ་ཉོ་བའི་དོན། སྐུ་འདྲ་བླུས། སྲོག་བླུ་ལྟ་བུ་ཉོ་བའི་ཞེ་ས་འདྲ་པོ་ཡིན། ཉེས་ཅན་བཙོན་ནས་བླུས་ལྟ་བུའོ།།
བླུད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། བཏུང་བ་སྟེར་བའི་དོན། རྟ་ཆུ་བླུད། ཇ་བླུད། ཆང་བླུད་ལྟ་བུའོ།།
༡) བླུགས། ༢) བླུག ༣) བླུག ༤) བླུགས།
བྱེད་འབྲེལ། ནང་དུ་བཅུག་པའི་དོན། ཕོར་པར་ཇ་བླུག མེ་ཏོག་ལ་ཆུ་བླུག་བཞིན། རྣ་བའི་ནང་སྨན་བླུགས་ནས་ལྟ་བུའོ།།
༡) རྦད། ༢) རྦད། ༣) རྦོད། ༤) རྦོད།
བྱེད་འབྲེལ། ངར་ལངས་འཇུག་པའི་དོན། ཁྱི་རྦད་ན་རི་དྭགས་དེད། དམག་རྦད་དགོས་ལྟ་བུ་དང༌། བློ་ཐག་རྦད་དེ་བཅད་ལྟ་བུའང་ཡོད་དོ།།
སྦོས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། རླུང་ཞུགས་པའི་དོན། གྲོད་པ་སྦོས། རྐྱལ་པ་རླུང་གིས་སྦོས། སྒང་ཕུག་ནང་ཕུ་རྒྱག་ན་སྦོས་ལྟ་བུའོ།།
༡) སྦས། ༢) སྦ། ༣) སྦེད། ༤) སྦོས།
བྱེད་འབྲེལ། གསང་གནས་ལ་འཇོག་པའི་དོན། མ་མཐོང་སར་སྦས། སྦེད་མཁན། སྦ་བྱ། སྦས་ནས། སྦ་བཞེད་ལྟ་བུ་དང་ཤིང་གི་རྦ་ལའང་འཇུག་གོ།།
༡) སྦགས། ༢) སྦག ༣) སྦག ༤) སྦོགས།
བྱེད་འབྲེལ། མི་གཙང་བའི་སྐྱོན་ཞུགས་པའི་དོན། དྲི་མས་སྦག་བཞིན། རྫས་ངན་གྱི་སྦགས་ནས་ལྟ་བུ་དང༌། སྦག་རྒྱག་ལྟ་བུ་རྩེད་མོ་ལའང་འཇུག
༡) སྦངས། ༢) སྦང༌། ༣) སྦོང༌། ༤) སྦོངས།
བྱེད་འབྲེལ། བང་དུ་འཇུག་པའི་དོན། ཆུའི་ནང་སྦང༌། སྦངས་ནས་བངས། སྦོང་མཁན་ལྟ་བུ་དང༌། སྦང་མ་ལྟ་བུའང་ཡོད་དོ།།
༡) སྦམས། ༢) སྦམ། ༣) སྦོམ། ༤)སྦོམས།
བྱེད་འབྲེལ། ཆུན་པོ་བཟོ་བའི་དོན། སྤོས་ཆ་སྦོམས། སྦམས་ནས་བམ་ཆ་བྱུང༌། རྩ་ལྟ་བུ་ཆ་བམ་བསྡམས་པའི་དོན་ནོ།།
སྦར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། མེ་ལྟ་བུ་འབར་དུ་འཇུག་པའི་དོན། སྒྲོན་མེ་སྦར། གློག་ཞུ་སྦར་ལྟ་བུ་དང༌། སྦར་བ། སྤར་བ་འདྲའོ།།
སྦིར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། གསང་དོན་གང་བྱུང་བཤད་པའི་དོན། དམག་དོན་དགྲ་ལ་སྦིར། སྦིར་གཏམ་མ་ཤོད་ལྟ་བུའོ།།
༡) སྦུབས། ༢) སྦུབ། ༣) སྦུབ། ༤) སྦུབས།
བྱེད་འབྲེལ། ཁ་སྦུབ་པའི་དོན། ཁ་སྦུབས་ནས་ཉལ། དཀར་ཡོལ་ཁ་སྦུབས། སྦུབས་ནས་བུབས་པ་བྱུང༌། ལྟ་བུའོ།།
༡) སྦྱངས། ༢) སྦྱང༌། ༣) སྦྱོང༌། ༤) སྦྱོངས།
བྱེད་འབྲེལ། རྩོལ་བ་ཡང་ཡང་བྱེད་པའི་དོན། ཡི་གེ་སྦྱངས་ཤིག སྦྱངས་ནས། སྦྱང་དགོས། སློབ་སྦྱོང༌། སྦྱངས་ནས་བྱང་ལྟ་བུའོ།།
༡) སྦྱར། ༢) སྦྱར། ༣) སྦྱོར། ༤) སྦྱོར།
བྱེད་འབྲེལ། འབྱར་འཇུག་པའི་དོན། དཔེ་སྦྱར། ངོ་སྦྱོར། འཚོ་བ་སྦྱར། སྦྱོར་མཁན། སྦྱར་བྱ། སྦྱར་ནས། སྦྱོར་ཅིག་ལྟ་བུའོ།།
༡) སྦྲགས། ༢) སྦྲག ༣) སྦྲག ༤) སྦྲོགས།
བྱེད་འབྲེལ། མཉམ་དུ་ལེན་པའི་དོན། དབང་དང་སྦྲགས་ནས་འཁྲིད། རྩ་འགྲེལ་སྦྲགས་ནས་བཤད། སྦྲག་ཁང་ལྟ་བུའོ།།
སྦྲིད། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། ལུས་ཀྱི་ཚོར་བ་མི་གསལ་བའི་དོན།
སྦྲུམ། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། མངལ་དུ་ཆགས་པའི་དོན། བུད་མེད་མངལ་སྦྲུམ། སྦྲུམ་མ། སྦྲུམ་ནས་ལྟ་བུའོ།།
༡) སྦྲེངས། ༢) སྦྲེང༌། ༣) སྦྲེང། ༤) སྦྲེངས།
བྱེད་འབྲེལ། གྲལ་དུ་སྒྲིག་པའི་དོན། སེར་སྦྲེང༌། ར་སྦྲེང༌། ཏམ་བུ་ར་སྦྲེངས་ལྟ་བུའོ།།
སྦྲེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སྡེབ་པའི་དོན། གཉིས་སམ་གསུམ་སྦྲེལ་ལམ། རྨོན་དོར་མཉམ་ཤིང་གིས་སྦྲེལ། ཟུང་དུ་སྦྲེལ། སྦྲེལ་ནས་འབྲེལ་ལྟ་བུའོ།།
༡) སྦྲུས། ༢) སྦྲུ། ༣) སྦྲུ། ༤) སྦྲུས།
བྱེད་འབྲེལ། རྫི་བའི་དོན། སྤགས་སྦྲུས། ཐུད་སྦྲུ་བཞིན། ཟན་སྦྲུས་ལྟ་བུའོ།།
མ་ཡི་སྡེ་ཚན།
མིད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། མིད་པའི་ནང་གཏོང་བའི་དོན། ཟས་མིད། བྱས་འབྲུ་མིད། མིད་ལམ་ལ་མིད་པ་ཟེར་རོ།།
མིན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མ་ཡིན་པའི་དོན། ལྷ་མིན། འདྲེ་མིན། མ་ཡིན་པའི་ཚིག་སྡུད་མིན་ཡིན་ནོ།།
མུག (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། འུག་ཐུག་པའི་དོན། བྱ་རྒོད་མུག་ནས་མི་འཆི། ཡིད་མུག་ལྟ་བུ་དང་ནད་མུག་ནི་མུ་གེ་ཞེས་པའི་ཚིག་སྡུད་ཡིན་ནོ།།
མུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སོས་མ་ཆོད་པས་བཅའ་བའི་དོན། སོ་མེད་ཀྱང་རྙིལ་གྱིས་མུར། རུས་པ་མུར། ཟས་མུར། དམུར་དང་འདྲའོ།།
མེར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། གང་བའི་དོན། དབྱར་དུས་མཚོ་མེར། ཞེ་མེར་ལངས་ལྟ་བུའོ།།
མོལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བཤད་པའི་དོན། བཀའ་མོལ། གྲོས་མོལ། གླེང་མེོལ་ལྟ་བུའོ།།
མོས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། འདོད་པ་ཡོད་པའི་དོན། ཆོས་ལ་མོས། མོས་མཐུན། བློ་མོས་ལྟ་བུའོ།།
དམུལ། ( གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཅུང་ཟད་བགད་པའི་དོན། འཛུམ་དམུལ་ཏེ་གཏམ་བཤད་ལྟ་བུའོ།།
དམུས། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་འབྲེལ། ཐང་ཆད་པའི་དོན། སྡུག་པོ་འདི་འདྲ་བྱུང་ཡང་ད་དུང་མི་དམུས་པ། དམུས་ལོང་ནི་དང་པོ་ནས་ལོང་བ། རྨུས་དང་དམུས་འདྲའོ།། སྔར་གྱི་སྐྱོན་ལ་ཡིད་ཐང་ཆད་པའི་དོན་ཡིན་ནོ།།
དམོད། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། ཚིག་ངན་གྱིས་དམོད་མོ་བྱེད་པའི་དོན། དམོད་པ་དང་སྨོད་པ་འདྲའོ།།
དམིགས། (གཟུགས་མི་འགྱུར་བ།) བྱེད་འབྲེལ། སེམས་གཏོད་པའི་དོན། ཡུལ་ལ་དམིགས། ཁོ་ལ་དམིགས། དམིགས་ཡུལ་ལྟ་བུའོ།།
༡) རྨྱངས། ༢) རྨྱང༌། ༣ )རྨྱོང༌། ༤) རྨྱོང༌།
བྱེད་འབྲེལ། རྐང་ལག་རྐྱོང་ཤད་བྱེད་པའི་དོན། ཉལ་ནས་ལངས་ཏེ་རྨྱང༌། བྱ་རྨྱོང་བྱས་ཏེ་བལྟམས་ལྟ་བུའོ།།
མྱགས། (གཟུགས་མི་འགྱུར་བའི་བྱ་ཚིག) བྱེད་མེད། རུལ་ཏེ་འདམ་འབག་སོང་བའི་དོན།
མྱུལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཉུལ་འཇུག་པའི་དོན། ངན་པས་ཁ་མྱུལ། ཉུལ་པ་མྱུལ་པ་འདྲ།
༡) མྱངས། ༢) མྱང། ༣) མྱོང༌། ༤) མྱོངས།
བྱེད་འབྲེལ། ཡུལ་ཚོར་བའི་དོན། མྱོང་ཚོར། བྲོ་བ་མྱང༌། མྱང་བྱ། མྱོང་བྱེད་ལྟ་བུ་དང༌། མྱོང་ནི་རུས་དང༌། མྱང་འབྲས་ལྟ་བུ་ཡོད་དོ།།
༡) མྱུགས། ༢) མྱུག ༣) མྱུག ༤) མྱུགས།
བྱེད་འབྲེལ། སྔོག་པའི་དོན། མུན་ནག་ཏུ་ལག་པ་མྱུགས། ཁ་མྱུགས། ཁང་པ་ནང་མྱུག་བཞིན་ལྟ་བུ་དང༌། ཉུག་མྱུག་འདྲ།
རྨས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། སྣད་པའི་དོན། གཡུལ་དུ་རྨས། སྟག་རྨས་མ། མདའ་ཁོག་ནས་རྨས། རྨས་པ། རྨ་བཟོ་བ་འདྲའོ།།
༡) རྨིས། ༢) རྨི། ༣) རྨི། ༤) རྨིས།
བྱེད་འབྲེལ། གཉིད་ཀྱི་རྐྱེན་གྱིས་འཁྲུལ་སྣང་བྱུང་བའི་དོན། རྨི་ལམ་རྨིས། རྨི་བཞིན་པ། རྨིས་ཏེ་ལྟ་བུའོ།།
༡) རྨུགས། ༢) རྨུག ༣) རྨུག ༤) རྨུགས།
བྱེད་འབྲེལ། སོ་བཏབ་པའི་དོན། བྱི་བས་རྨུག ཁྱིས་རྨུག་ཡོང༌། བྱི་བས་ཕྱེ་བའི་ལུས་ལ་རྨུགས། སེམས་འབྱུང་རྨུགས་པ་ལྟ་བུ་ཡོད་དོ།།
རྨེལ། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། བལ་རྨེས། ལྕགས་རྨེལ་ལྟ་བུ་རིམ་པར་རིང་དུ་གཏོང་པའི་དོན།
རྨོངས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་མེད། མི་ཤེས་པའི་དོན། ཤེས་བྱ་ལ་རྨོངས། རྨོངས་པ་མ་རིག་པ་ལྟ་བུའོ།།
༡) རྨོས། ༢) རྨོ། ༣) རྨོད། ༤) རྨོད།
བྱེད་འབྲེལ། ཐོང་གི་ས་སློག་པའི་དོན། ཞིང་རྨོ་བཞིན། རྨོད་མཁན་རྨོས་ཏེ་ཕྲུ་སློག རྨོན་པ་ནི་མཛོ་གཡག་ཡིན།
སྨོན། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། རེ་བ་བྱེད་པའི་དོན། བཀྲིས་པར་སྨོན། ཐུགས་སྨོན། སྨོན་ལམ་ལྟ་བུའོ།།
སྨོས། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། སྨྲ་བའི་དོན། ཁྱོད་ཀྱིས་སྨོས་ཤིག ལྟ་ཅི་སྨོས། སྨོས་མ་དགོས་ལྟ་བུ།
༡) སྨྲས། ༢) སྨྲ། ༣) སྨྲ། ༤ )སྨྲོས།
བྱེད་འབྲེལ། བཤད་པའི་དོན། ཇི་སྐད་སྨྲས་པ། སྨྲ་བ་ཉུང་ལྟ་བུའོ།།
སྨྱུང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། ཉུང་དུ་གཏོང་བའི་དོན། ལྟོ་སྨྱུང༌། སྨྱུང་གནས་ལྟ་བུ་དང༌། སྨྱུང་བུ་འབིགས་བྱེད། སྙུང་བ་དང་འདྲ།
སྨྱུར། (གཟུགས་མི་འགྱུར་བའི་བྱ་ཚིག)
བྱེད་འབྲེལ། མྱུར་པོ་གཏོང་བའི་དོན། ལས་སྨྱུར། མྱུར་དང་སྨྱུར་འདྲ། འགྲོ་སྨྱུར་ལྟ་བུའོ།།
༡) སྨྱོས། ༢) སྨྱོ། ༣) སྨྱོ།
བྱེད་མེད། སྨྱོ་འོང༌། སྨྱོ་བཞིན། སྨྱོས་ནས་སྨྱོན་པ་ཆགས་ལྟ་བུའོ།། མྱོས་པ་ནི་མི་འགྱུར་བ་ལས་དོན་འདྲ་མཚུངས་ཡིན།