ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༡ ཉིན་ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཀ་སྦུག་སམ་བྷོ་ཊ་གཏན་སློབ་ཏུ་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་རེད།

ཟབ་སྦྱོང་ཐོག་རྒྱ་གར་ཡོངས་ནས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་ནས་དགེ་རྒན་གྲངས་ ༣༢ མཉམ་ཞུགས་ཐོག་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་ཁྲིད་གནང་ཡོད། སྐབས་དེར་ཟབ་ཁྲིད་པ་རྣམས་ནས་ཐབས་ལམ་འདྲ་མིན་བརྒྱུད་དགེ་རྒན་རྣམས་ལ་སློབ་ཁྲིད་གནང་བའི་ཐོག ཟབ་སྦྱོང་བ་རྣམས་སྡེ་ཚན་སོ་སོར་ཆ་བགོས་བྱས་ཏེ་གོ་བསྡུར་སྦྱངས་བཤད་གནང་བ་མ་ཟད། དོགས་འདྲི་ཇི་ཡོད་ལ་ཟབ་ཁྲིད་པ་རྣམས་ནས་ལན་འདེབས་གསལ་བཤད་གནང་ཡོད།

ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཉིན་གྲངས་གསུམ་གྱི་ཟབ་སྦྱོང་གི་སྙན་ཐོ་སྒྲོགས་སྦྱང་དང་འབྲེལ། ཀ་སྦུག་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ཚེ་རིང་མཚོ་མོ་ལགས་ཀྱིས་གཙོས་པའི་དགེ་ལས་རྣམས་ནས་ཟབ་སྦྱོང་སྐབས་མཐུན་གྲོགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།

ཐེངས་འདིའི་ཟབ་སྦྱོང་ལ་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ནས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་སློབ་མ་རྣམས་ལ་ཚན་རྩིས་འཕྲུལ་གསུམ་གྱི་ཤེས་ཡོན་ལྟ་སྐོར་གོ་སྒྲིག་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༣ ལོར་སྨན་པའི་བར་བཞག་སློབ་ཡོན་གསལ་བསྒྲགས།
Menu