༄༅། །ཤེས་རིག་དཔར་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན་བསྐྱངས་པའི་འགན་ལྷན་ཚོགས་གཙོ་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དབུ་བཞུགས་འོག ཚོགས་གཞོན་དིལླཱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བྲོང་ཆུང་དངོས་གྲུབ་ཚེ་རིང་མཆོག ཚོགས་མི་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དིལླཱི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་གྱི་སྐུ་ཚབ། ཤེས་དཔར་འགན་འཛིན་དང་། དྲུང་ཆེ་དང་སྤྱི་ཁྱབ་རྩིས་པ་གཅིག་ལྕོགས་བཅས་དིལླཱི་དོན་གཅོད་ཚོགས་ཁང་དུ་གྲོས་གཞི་དོན་ཚན་བཅུ་གཉིས་ཐོག་བཀའ་བསྡུར་བྱུང་བ་དང་། རྩིས་ལོ་ ༢༠༡༧༌༌༌༢༠༡༨ སྔོན་རྩིས་སྒོར་ ༣༠༧༥༣༡༣༩།༠༠ བཀའ་འཁྲོལ་བསྩལ་བའི་གནས་ཚུལ་སྙིང་བསྡུས་སུ། དིལླཱི་ཤེས་དཔར་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ལ། །