Posts by Staff Editor

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༦ ནས་ ༢༩ བར་ཨ་རུ་ནཱཅལ་མངའ་ཁོངས་བོད་མིའི་གཞིས་ཁག་ལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་ལྟར། འདི་ཟླའི་ཚེས་ ༡༨ ཉིན་དིལླཱི་ནས་མཁའ་ལམ་བརྒྱུད་ཌེབ་རུ་གར་གནམ་ཐང་དུ་ཕེབས་འབྱོར་གྱིས་ཏེ་ཛུ་ས་གནས་འགོ་འཛིན་གྱིས་ཕེབས་བསུ་ཞུས་ནས་ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་ཕྱི་དྲོ་ཚོུད་ ༧ ཐོག་ཕེབས་པ་དང་ས་འཐུས་ཚོགས་གཙོ་དང་རང་བདེན་ཚོགས་གཙོ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། མཉམ་འབྲེལ་དྲུང་ཆེ། ས་གནས་དབུ་མའི་ལམ་གྱི་འགན་འཛིན། ས་གནས་འགོ་འཛིན་ལས་ཁང་གི་ལས་བྱེད། གཞིས་གྲོང་གི་སྤྱི་མི་ལྔ་བཅས་ནས་ཕེབས་སུ་འཚམས་འདྲི་ཞུས། ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་གཞིས་ཆགས་མཉམ་ལས་ཁང་། ཡན་ལག་སྨན་རྩིས་ཁང་། འཕྲོད་བསྟེན་ཡན་ལག་སྨན་ཁང་། (more…)

Menu