༄༅། །འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༡༦ ནས་སློབ་ཕྲུག་གྲངས་༡༦༦༢ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༦༡༦ དངོས་སུ་འཛུལ་ཞུགས་བྱས་ཡོད་པ་དང། དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༤༡༡ ཡིག་རྒྱུགས་འཕྲོད་ཡོད། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༥༨ དང། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་༤༧། དེ་བཞིན་སློབ་ཕྲུག་གྲངས་༤༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད། འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་༨༧་༣༡ ཡིན་པ་དང་། དེའི་ནང་ནས་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༥་༩༦ དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༨་༦༣ བཅས་ཡིན་འདུག བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཨང་རིམ་གཤམ་གསལ།
བོད་སློབ་སྤྱི་ཡོངས་ཀྱི་བརྒྱ་ཆའི་གྲུབ་འབྲས་རེའུ་མིག | |||
ཨང་། | སློབ་གྲྭའི་མིང། | རྒྱུགས་འཕྲོད་བརྒྱ་ཆ། | སྔ་ལོའི་རྒྱུགས་འཕྲོད་བརྒྱ་ཆ། |
༡ | དོན་གྲུབ་གླིང་ནེ་རུ་རྗེས་དྲན། | ༡༠༠ | ༧༨་༢༦ |
༢ | གོ་པལ་པུར་བོད་ཁྱིམ། | ༡༠༠ | ༡༠༠ |
༣ | སེ་ལ་ཁུ་བོད་ཁྱིམ། | ༡༠༠ | ༡༠༠ |
༤ | མ་སུ་རི་བོད་ཁྱིམ། | ༩༩་༣༢ | ༨༩་༠༢ |
༥ | སྤོན་ཊ་གཏན་སློབ། | ༩༨་༡༨ | ༩༦་༩༧ |
༦ | ཌལ་ཧོར་གཏན་སློབ། | ༩༦་༣ | ༡༠༠ |
༧ | སྦེལ་ཀོབ་བོད་ཁྱིམ། | ༩༥་༧༦ | ༩༥་༨༣ |
༨ | ཀ་སྦུག་གཏན་སློབ། | ༩༥་༤༥ | ༩༧་༨༧ |
༩ | མོན་གྷོ་གཏན་སློབ། | ༩༡་༣༧ | ༡༠༠ |
༡༠ | སིམ་ལ་གཏན་སློབ། | ༩༠་༦༣ | ༨༨་༤༦ |
༡༡ | སྦེལ་ཀོབ་གཏན་སློབ། | ༨༩་༦༦ | ༡༠༠ |
༡༢ | ཧ་སྤུར་གཏན་སློབ། | ༨༥་༩༦ | ༡༠༠ |
༡༣ | ཌོ་ལན་ཇི་གཏན་སློབ། | ༨༡་༢༥ | དེ་སྔ་འཛིན་རིམ་བཅུ་གཉིས་མེད། |
༡༤ | རྡོར་གླིང་གཏན་སློབ། | ༧༣་༠༣ | ༧༨་༠༥ |
༡༥ | མ་སུ་རི་གཏན་སློབ། | ༧༡་༢༦ | ༧༨་༦༥ |
༡༦ | རྡ་སྟེང་བོད་ཁྱིམ། | ༦༡་༢༤ | ༨༦་༢༢ |
ཚན་རིག་གི་བརྒྱ་ཆའི་གྲུབ་འབྲས་རེའུ་མིག | ||||
ཨང། | སློབ་གྲྭ། | སློབ་ཕྲུག་གྲངས། | རྒྱུགས་འཕྲོད་ཚད། | ཆ་སྙོམས་ཀྱི་བརྒྱ་ཆ། |
༡ | སེ་ལ་ཀུ་ཡི་བོད་ཁྱིམ། | ༦༣ | ༡༠༠ | ༨༢་༤༡ |
༢ | མ་སུ་རི་བོད་ཁྱིམ། | ༢༤ | ༡༠༠ | ༧༦་༤༨ |
༣ | བྷེལ་ཀོབ་བོད་ཁྱིམ། | ༩༩ | ༡༠༠ | ༧༡་༡༧ |
༤ | ཀ་སྦུག་གཏན་སློབ། | ༢༢ | ༩༥ | ༦༦་༣༧ |
༥ | མོན་གྷོ་གཏན་སློབ། | ༣༩ | ༩༢ | ༦༦་༣༨ |
༦ | ཧ་པུར་གཏན་སློབ། | ༣༦ | ༨༡ | ༦༣་༠༦ |
༧ | མ་སུ་རི་གཏན་སློབ། | ༧༥ | ༧༦ | ༦༡་༢ |
འབྱུང་རིག་གི་བརྒྱ་ཆའི་གྲུབ་འབྲས་རེའུ་མིག | ||||
ཨང། | སློབ་གྲྭ། | སློབ་ཕྲུག་གྲངས། | རྒྱུགས་འཕྲོད་ཚད། | ཆ་སྙོམས་ཀྱི་བརྒྱ་ཆ། |
༡ | མ་སུ་རི་བོད་ཁྱིམ། | ༡༠ | ༡༠༠ | ༧༥་༢༦ |
༢ | དོན་གྲུབ་གླིང་སློབ་གྲྭ། | ༨ | ༡༠༠ | ༦༥་༣༣ |
༣ | བྷེལ་ཀོབ་བོད་ཁྱིམ། | ༦༦ | ༨༩ | ༦༢་༦༨ |
༤ | མོན་གྷོ་གཏན་སློབ། | ༤༥ | ༨༧ | ༥༤་༦ |
༥ | རྡོར་གླིང་གཏན་སློབ། | ༤༣ | ༧༠ | ༥༡་༡༨ |
༦ | མ་སུ་རི་གཏན་སློབ། | ༦༢ | ༦༩ | ༥༣་༡༨ |
༧ | དྷ་སྟེང་བོད་ཁྱིམ། | ༢༠༩ | ༦༡ | ༥༢་༡༧ |
སྒྱུ་རྩལ་གྱི་བརྒྱ་ཆའི་གྲུབ་འབྲས་རེའུ་མིག | ||||
ཨང། | སློབ་གྲྭ། | སློབ་ཕྲུག་གྲངས། | རྒྱུགས་འཕྲོད་ཚད། | ཆ་སྙོམས་ཀྱི་བརྒྱ་ཆ། |
༡ | གོ་པལ་པུར་བོད་ཁྱིམ། | ༢༦༣ | ༡༠༠ | ༦༨་༥ |
༢ | དོན་གྲུབ་གླིང་སློབ་གྲྭ། | ༤ | ༡༠༠ | ༥༧་༥༥ |
༣ | མ་སུ་རི་བོད་ཁྱིམ། | ༡༡༢ | ༩༩ | ༧༠་༨ |
༤ | སྤོན་ཊ་སཾ་བྷོ་ཊ་སློབ་གྲྭ | ༥༥ | ༩༨ | ༦༦་༩༣ |
༥ | ཊལ་ཧོར་གཏན་སློབ། | ༢༧ | ༩༦ | ༦༤་༥༩ |
༦ | ཧ་པུར་གཏན་སློབ། | ༢༡ | ༩༥ | ༦༢་༩༩ |
༧ | ཀ་ལོན་སྦུག་གཏན་སློབ། | ༤༤ | ༩༥ | ༥༧་༧༩ |
༨ | བྷེལ་ཀོབ་དབུས་སློབ། | ༢༩ | ༩༠ | ༥༥་༦ |
༩ | སིམ་ལ་གཏན་སློབ། | ༨ | ༨༨ | ༦༣་༥༣ |
༡༠ | མོན་གྷོ་གཏན་སློབ། | ༣༡ | ༨༧ | ༤༨་༢༦ |
༡༡ | ཌོ་ལན་ཇི་གཏན་སློབ། | ༣༢ | ༨༡ | ༥༤་༤ |
༡༢ | རྡོར་གླིང་གཏན་སློབ། | ༣༥ | ༧༡ | ༥༦་༦༡ |
༡༣ | མ་སུ་རི་གཏན་སློབ། | ༣༧ | ༦༥ | ༥༠་༩ |
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བོད་སློབ་ཁག་གི་ནང་ནས་རྩེ་ཕུད་སོན་པའི་སློབ་མ།
ཚན་རིག་སྡེ་ཚན་ཁོངས།
དང་པོ། འཕྲིན་ལས་ཚེ་རིང་བླ་མ། བརྒྱ་ཆ་ ༩༢་༨། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭ།
གཉིས་པ། བསྟན་འཛིན་ཀུན་བཟང། བརྒྱ་ཆ་ ༩༢་༦། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭ།
གསུམ་པ། བསྟན་འཛིན་དབང་ཕྱུག བརྒྱ་ཆ་ ༩༡་༨། མོན་གྷོ་གཏན་སློབ།
ཚོང་རིག་སྡེ་ཚན་ཁོངས།
དང་པོ། བསྟན་འཛིན་འཕྲིན་ལས། བརྒྱ་ཆ་ ༩༠་༤། མ་སུ་རི་བོད་ཁྱིམ།
གཉིས་པ། ཚེ་བརྟན་སྒྲོལ་མ། བརྒྱ་ཆ་༨༧་༢། བྷེལ་ཀོབ་དབུས་སློབ།
གསུམ་པ། སྐལ་བཟང། བརྒྱ་ཆ་༨༤་༨། མ་སུ་རི་བོད་ཁྱིམ་སློབ་གྲྭ།
སྒྱུ་རྩལ་སྡེ་ཚན་ཁོངས།
དང་པོ། བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤། མ་སུ་རི་བོད་ཁྱིམ་སློབ་གྲྭ།
གཉིས་པ། ཕུན་ཚོགས་དོན་གྲུབ། བརྒྱ་ཆ་༩༢། མ་སུ་རི་བོད་ཁྱིམ་སློབ་གྲྭ།
གསུམ་པ། མགོན་པོ་བཀྲ་ཤིས། བརྒྱ་ཆ་༨༩་༢། མ་སུ་ར་བོད་ཁྱིམ་སློབ་གྲྭ།
གསལ་བཤད།
(མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་༩༥ ཡན་ལོན་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་བའི་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་ ༡༠༠༠༠༠།༠༠ ཐོབ་མཁན་ཁོངས་སུ་ཚུད་ཡོད། སློབ་ཡོན་འདིའི་དགོས་དམིགས་གཙོ་བོ་ནི་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་གོང་སྤེལ་དང། རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པོ་ཡོང་ཆེད་ཡིན)