༄༅། །འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་(AISSCE) ནང་བོད་པའི་སློབ་གྲྭ་ཁག་ ༡༧ གྱི་སློབ་ཕྲུག་གྲངས་ ༡༤༣༡ འཛུལ་ཞུགས་བྱས་ཡོད་པ་དང་། དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༣༠༦ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༠༠ ཡོད། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢༥ བཅས་བྱུ་་་ང་འདུག་པས། རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡།༢༦ ཡིན་པ་དང། དེའི་ནང་བུ་ཡིག་རྒྱུགས་གཏོང་མཁན་གྲངས་ ༦༩༡ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༦༠༣ བྱུང་བས་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧།༢༦ དང་། བུ་མོ་ཡིག་རྒྱུགས་གཏོང་མཁན་གྲངས་ ༧༤༠ ཡོད་ཁོངས་ནས་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༧༠༣ བྱུང་བས་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༥ བཅས་ཡིན་སྟབས། འདི་ལོ་ཡང་བུ་ལས་བུ་མོ་བརྒྱ་ཆ་མཐོ་བ་བླངས་ཡོད།
རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བཞི་ཡོད་པ་ནི། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭ་དང་། སྦིར་སུ་ཇཱ་བོད་ཁྱིམ། ཌལ་ཧོར་གཏན་སློབ། གྷོ་པལ་སྤུར་བོད་ཁྱིམ་བཅས་ཡིན།
ཕྱི་ལོ་༢༠༡༤ ལོ་ཡི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཨང་། | སློབ་གྲྭ | ཕྲུག་གྲངས། | རྒྱུགས་འཕྲོད་ཚད བརྒྱ་ཆ། | |
ད་ལོ། | སྔ་ལོ། | |||
༡ | སེ་ལ་ཀུ་ཡེ་བོད་ཁྱིམ། | ༦༦ | ༡༠༠ | ༡༠༠ |
༢ | སྦིར་སུ་ཇཱ་བོད་ཁྱིམ། | ༡༣༤ | ༡༠༠ | ༠ |
༣ | ཊལ་ཧོར་གཏན་སློབ། | ༣༩ | ༡༠༠ | ༩༣.༧༥ |
༤ | གོ་པལ་པུར་བོད་ཁྱིམ། | ༡༧༦ | ༡༠༠ | ༡༠༠ |
༥ | མ་སུ་རི་བོད་ཁྱིམ། | ༡༤༠ | ༩༩.༢༨ | ༩༩.༣༩ |
༦ | རྡོར་གླིང་གཏན་སློབ། | ༣༤ | ༩༦.༧༧ | ༧༧.༡༤ |
༧ | མོན་གྷོ་ཊི་གཞིས་སློབ། | ༡༤༠ | ༩༢.༥ | ༨༢.༧༨ |
༨ | སྤོན་ཊ་སཾ་སློབ། | ༢༦ | ༩༢.༣༡ | ༨༧.༥ |
༩ | ཀ་སྦུག་གཏན་སློབ། | ༧༦ | ༩༡.༨༩ | ༥༣.༡༣ |
༡༠ | བྷེལ་ཀོབ་བོད་ཁྱིམ། | ༢༢༥ | ༩༣.༤༩ | ༩༥.༧༦ |
༡༡ | སིམ་ལ་གཏན་སློབ། | ༤༠ | ༨༨.༨༩ | ༨༦.༨༤ |
༡༢ | མ་སུ་རི་གཏན་སློབ། | ༡༧༣ | ༨༧.༥༧ | ༧༩.༧༣ |
༡༣ | དྷོ་ལན་ཇི་གཏན་སློབ། | ༤༩ | ༨༣.༦༧ | ༧༨.༧༩ |
༡༤ | བྷེལ་ཀོབ་གཏན་སློབ། | ༢༡ | ༨༠.༩༥ | ༡༠༠ |
༡༥ | དྷ་སྟེང་བོད་ཁྱིམ། | ༡༥༦ | ༧༨.༥༢ | ༨༢.༡༤ |
༡༦ | ཧར་པུར་གཏན་སློབ། | ༥༤ | ༧༦.༤༧ | ༦༩.༠༥ |
༡༧ | དོན་གྲུབ་གླིང་ཉིན་སློབ། | ༡༩ | ༢༦.༣༢ | ༨༧.༥ |
ཁྱོན་བསྡོམས། | ༡༤༩༩ | ༩༡.༢༦ | ༨༦.༧༡ |
རྒྱུགས་འབྲས་རྩེ་ཕུད།
ཚན་རིག་རྩེ་ཕུད།
- མཱི་ཆིས་ཀཱོ་ཡཱ་མཱ་སཱ་ཀཱི། སེ་ལ་ཀུཡེ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༣།
- བསྟན་འཛིན་ཀུན་བཟང་། སེ་ལ་ཀུཡེ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢་༦།
- བསྟན་འཛིན་སྒྲོལ་མ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡་༨།
ཚོང་རིག་རྩེ་ཕུད།
- བསྟན་འཛིན་སེང་གེ། མོན་གྷོ་གཏན་སློབ། བརྒྱ་ཆ་ ༩༡་༤།
- བསྟན་འཛིན་བདེ་ཆེན། དྷ་སྟེང་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡༌༢།
- ཀརྨ་ཚེ་བརྟན། མ་སུ་རི་གཏན་སློབ། བརྒྱ་ཆ་ ༩༠་༤།
སྒྱུ་རྩལ་རྩེ་ཕུད།
- ཤ་བོ་མཆོད་རྟེན། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༣༌༢།
- རིན་ཆེན་གཡུ་སྒྲོན། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༢།
- མགོན་རྒྱལ། སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༡་༢།
ལས་རིགས་རྩེ་ཕུད།
- སྐལ་བཟང་ནོར་བུ། མོན་གྷོ་གཏན་སློབ། བརྒྱ་ཆ་ ༨༥་༦།
- བསོད་ནམས་ཤེས། མོན་གྷོ་གཏན་སློབ། བརྒྱ་ཆ་ ༨༤་༦།
- བསྟན་འཛིན་འཕྲིན་ལས། སིམ་ལ་གཏན་སློབ། བརྒྱ་ཆ་ ༨༣་༤།