1. དགུ་གཅིག་གཅིག་ནི་དགུ་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ༌། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་ལ། །དགུ་བཅུ་དགུ་བཅུ་ཐམ་པ་འོ། །
  2. བརྒྱད་གཅིག་གཅིག་ནི་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ལ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞི་ལ། །བརྒྱད་དགུ་དགུ་བརྒྱད་བདུན་ཅུ་གཉིས། །བརྒྱད་བཅུ་བརྒྱད་ཅུ་ཐམ་པ་འོ། །
  3. བདུན་གཅིག་གཅིག་ནི་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ༌། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུ་ལ། །བདུན་བརྒྱད་བརྒྱད་བདུན་ལྔ་བཅུ་དྲུག །བདུན་དགུ་དགུ་བདུན་དྲུག་ཅུ་གསུམ། །བདུན་བཅུ་བདུན་ཅུ་ཐམ་པ་འོ། །
  4. དྲུག་གཅིག་གཅིག་ནི་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་ཡིན། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ལ། །དྲུག་དྲུག་སུམ་ཅུ་སོ་དྲུག་ཡིན། །དྲུག་བདུན་བདུན་དྲུག་བཞི་བཅུ་གཉིས། །
  5. དྲུག་བརྒྱད་བརྒྱད་དྲུག་བཞི་བཅུ་བརྒྱད། །དྲུག་དགུ་དགུ་དྲུག་ལྔ་བཅུ་བཞི། །དྲུག་བཅུ་དྲུག་ཅུ་ཐམ་པ་འོ། །
  6. ལྔ་གཅིག་གཅིག་ནི་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཡིན་ལ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་ཡིན། །ལྔ་བཞི་བཞི་ལྔ་ཉི་ཤུ་ལ། །ལྔ་ལྔ་ཉི་ཤུ་རྩ་ལྔ་ཡིན། །ལྔ་དྲུག་དྲུག་ལྔ་སུམ་ཅུ་ལ། །ལྔ་བདུན་བདུན་ལྔ་སུམ་ཅུ་ལྔ༌། །ལྔ་བརྒྱད་བརྒྱད་ལྔ་བཞི་བཅུ་ལ། །ལྔ་དགུ་དགུ་ལྔ་བཞི་བཅུ་ལྔ༌། །ལྔ་བཅུ་ལྔ་བཅུ་ཐམ་པ་འོ། །
  7. བཞི་གཅིག་གཅིག་ནི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་ཡིན་ལ། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །བཞི་བཞི་བཞི་ནི་བཅུ་དྲུག་ཡིན། །བཞི་ལྔ་ལྔ་བཞི་ཉི་ཤུ་ལ། །བཞི་དྲུག་དྲུག་བཞི་ཉི་ཤུ་བཞི། །བཞི་བདུན་བདུན་བཞི་ཉི་ཤུ་བརྒྱད། །བཞི་བརྒྱད་བརྒྱད་བཞི་སུམ་ཅུ་གཉིས། །བཞི་དགུ་དགུ་བཞི་སུམ་ཅུ་དྲུག །བཞི་བཅུ་བཞི་བཅུ་ཐམ་པ་འོ། །
  8. གསུམ་གཅིག་གཅིག་ནི་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་གསུམ་ནི་དགུ་རང་ཡིན། །གསུམ་བཞི་བཞི་གསུམ་བཅུ་གཉིས་ལ། །གསུམ་ལྔ་ལྔ་གསུམ་བཅོ་ལྔ་ཡིན། །གསུམ་དྲུག་དྲུག་གསུམ་བཅོ་བརྒྱད་ལ། །གསུམ་བདུན་བདུན་གསུམ་ཉི་ཤུ་གཅིག །གསུམ་བརྒྱད་བརྒྱད་གསུམ་ཉི་ཤུ་བཞི། །གསུམ་དགུ་དགུ་གསུམ་ཉི་ཤུ་བདུན། །གསུམ་བཅུ་སུམ་ཅུ་ཐམ་པ་འོ། །
  9. གཉིས་གཅིག་གཅིག་ནི་གཉིས་རང་ཡིན། །གཉིས་གཉིས་གཉིས་ནི་བཞི་ཡིན་ལ། །གཉིས་གསུམ་གསུམ་གཉིས་དྲུག་རང་ཡིན། །གཉིས་བཞི་བཞི་གཉིས་བརྒྱད་ཡིན་ལ། །གཉིས་ལྔ་ལྔ་གཉིས་བཅུ་རང་ཡིན། །གཉིས་དྲུག་དྲུག་གཉིས་བཅུ་གཉིས་ལ། །གཉིས་བདུན་བདུན་གཉིས་བཅུ་བཞི་ཡིན། །གཉིས་བརྒྱད་བརྒྱད་གཉིས་བཅུ་དྲུག་ལ། །གཉིས་དགུ་དགུ་གཉིས་བཅོ་བརྒྱད་ཡིན། །གཉིས་བཅུ་ཉི་ཤུ་ཐམ་པ་འོ། །
  10. གཅིག་གཅིག་གཅིག་ནི་གཅིག་རང་ཡིན། །གཅིག་གཉིས་གཉིས་ནི་གཉིས་རང་་ལ། །གཅིག་གསུམ་གསུམ་ནི་གསུམ་རང་ཡིན། །གཅིག་བཞི་བཞི་ནི་བཞི་རང་ལ། །གཅིག་ལྔ་ལྔ་ནི་ལྔ་རང་ཡིན། །གཅིག་དྲུག་དྲུག་ནི་དྲུག་རང་ལ། །གཅིག་བདུན་བདུན་ནི་བདུན་རང་ཡིན། །གཅིག་བརྒྱད་བརྒྱད་ནི་བརྒྱད་རང་ལ། །གཅིག་དགུ་དགུ་ནི་དགུ་རང་ཡིན། །གཅིག་བཅུ་གཅིག་བཅུ་ཐམ་པ་འོ། །
  11. གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་བཅས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །

མདུན་ཤོག