[toc]

ཀ་ཡི་སྡེ་ཚན།

༡) བཀང༌།  ༢) དགང༌། ༣) འགེངས། ༤) ཁོངས།
    བྱེད་འབྲེལ། འབྲུ་དང་ཆུ་སོགས་སྣོད་ནང་དུ་གང་བར་བྱེད་པའི་དོན། འགེངས་མཁན་གྱིས་དགང་བྱའི་འབྲུ་སྣོད་ཀྱི་ནང་དུ་བཀང་ནས། ད་དུང་ཁོངས་ཤིག་ཟེར་ལྟ་བུ་དང༌། གཞུ་བཀང་ལྟ་བུ་འཐེན་པའི་དོན་དང༌། དགང་གཟར་ནི་སྦྱིན་སྲེག་བླུག་བྱེད་གཟར་བུ་ལ་ཟེར། ཁོངས་ནི་ཁོངས་གཏོགས་ལའང་འཇུག སི་ཏུའི་འགྲེལ་ཆེན་ལས། མ་འོངས་པར་བགང་བྲིས་འདུག་པར་དཔྱད་དགོས་ཏེ། བགང་ནི་བསྒང་གི་འབྲི་ཚུལ་གཞན་ཡིན་པས། འདི་ནི་རྡོག་པོར་བཟོ་བའི་དོན་ཡིན། ཡང་ད་ལྟ་བར་འགེང་དང་འགེངས་འབྲི་སྲོལ་གཉིས་འདུག་ཀྱང༌། འགེང་ད་ལྟ་བར་བསྟན་ན། འགེང་དང་འགེངས་གཉིས་དུས་ཀྱི་དབྱེ་བ་འབྱེད་པའི་དོགས་གཞི་ཡོད་པས། ད་ལྟ་བར་འགེངས་བྲིས་པ་ཉིད་རྒྱུ་མཚན་ཆེ་བ་ཡིན། དེ་བཞིན་གཤམ་གསལ། འགྲེམས་དང༌། འགུགས། འགྱོགས། འགེབས། ཁེངས། འཇོམས་སོགས་ལ་ས་ཡང་འཇུག་བྲིས་པའི་གནད་འདི་ལ་ཐུག་པ་ཤེས་དགོས།
༡) བཀག ༢) དགག ༣) འགོག ༤) ཁོགས།
    བྱེད་འབྲེལ། ཆུ་དང་སྤྱོད་ངན་སོགས་རང་སོར་མི་གཏོང་བའི་དོན། ལམ་བཀག ཁ་བཀག འདོད་པ་དགག དགག་བྱ། འགོག་བྱེད། བཀག་ནས་འགོག་མཁན་གྱིས་དགག་རྒྱུའི་འདོད་པ་བཀག་སྟེ། གཞན་ཡང་ཁོགས་ཤིག་ལྟ་བུ་དང༌། བརྒྱད་བཀག་ནི་བཀའ་བཀྱོན་དྲག་པོ་ལ་ཟེར། ཡང་འཇུག་དང༌། ན་རོ་བཅས་ནི་སྐུལ་ཚིག་འགྲུབ་པའི་ཆ་རྐྱེན་བཙོ་བོ་ཡིན་པས། ཡང་འཇུག་ས་ཡིག་སྦྱར་རུང་བའི་སྐུལ་ཚིག་ལ་ས་སྦྱར་བ་ལེགས་སོ། །
༡) བཀད། ༢) དགད། ༣) འགད། ༤) ཁོད།
    བྱེད་འབྲེལ། ཤིང་སོགས་འགད་གཏོར་གཏོང་བའི་དོན། འགད་བྱེད་ཐོ་བས་དགད་བྱ་བྲག་བཀད་དེ་འཐོར་ལྟ་བུ་དང༌། ཐགས་ཀྱིས་བཀད་ནི་ཞིང་ལ་འཐེན་པའི་སྐུད་པ་དང༌། མགོའི་བཀད་ནི་སྐྲ་ལྷས་མ། བཀད་ས་ཞེས་པ་ཐབ་ཚང་དང༌། ཡང་བཀད་དང་པོ་དང་གཉིས་པ་ཟེར་བ་སློབ་ཚན་དང་པོ་དང༌། བར་པ་ལ་གོའོ། །ཁོད་ནི་ས་ཁོད་སྙོམས་ལྟ་བུ་དང༌། འགོད་པའི་སྐུལ་ཚིག་ལ་ཁོད་འཇུག་གོ།
༡) བཀབ།  ༢) དགབ། ༣) འགེབས། ༤) ཁེབས།   
    བྱེད་འབྲེལ། ས་དང་གོས་སོགས་གཡོགས་པའི་དོན། དེ་ཡང་སྐྱོན་བཀབ་ཀྱང་མི་ཁེབས་ལྟ་བུ་སྦས་པའི་དོན་དང༌། གོས་བཀབ། ཐོག་བཀབ། དགབ་རྒྱུ། འགེབས་མཁན་ལྟ་བུ་དང༌། བཀབ་ཚིག་ནི་ཐད་ཀར་མ་བཤད་པའི་དོན་གོ་ཐུབ་པའི་རྩོམ་ཞིག་ཡིན། ཀོབ་ནི་ཀོ་བ་གྱོང་པོ་ཀབ་ཀོབ་སྒྲ་ལྟ་བུ། ཁེབ་བམ་ཁེབས་ཀྱིས་འགེབས། འགབ་ནི་སྨད་ཀྱི་དོན་དུ་གོ་བས་འདིའི་ད་ལྟ་བར་མི་རུང༌། དཔེར་ན་འགབ་སུམ་ལྟ་བུའོ། །
༡) བཀལ། ༢) འགེལ།  ༣) འགེལ། ༤) ཁེལ།
    བྱེད་འབྲེལ། དགལ་བྱ་གང་ཞིག་ལ་འགེལ་བའི་དོན། ཕྱུགས་ལ་ཁལ་བཀལ། མི་ལ་བློ་བཀལ། གཞན་ལ་ཁག་ངན་བཀལ། མེ་མདའ་ཀ་བར་དགལ་རྒྱུ་ལྟ་བུ་དང༌། བལ་བཀལ་བའི་སྐབས་འདས་མ་འོངས་ལ་བཀལ་དང༌། ད་ལྟ་བར་འཁལ་ཐོབ། ཡང་གཡོག་ཕོ་མོ་ལ་ཁོལ་པོ་དང་ཁོལ་མོ་ཟེར་བ་ཡོད། ཆུ་ཁོལ་མ་ལྟ་བུའང་ཡོད་དོ།།
བཀན(།གཟུགས་མི་འགྱུར་བའི་བྱ་ཚིག)བྱེད་འབྲེལ། ལག་པ་སོགས་གྱེན་ལ་བསླངས་པའི་དོན། སྐམ་པས་གཟེར་བཀན་ཏེ་བཏོན་ལྟ་བུའོ།། བཀན་ཏེ་ཁེན་པ་འོང་སྙམ།
༡) བཀར། ༢) དགར། ༣) དགར། ༤) ཁོར།
    བྱེད་འབྲེལ། དགར་བྱའི་དངོས་པོ་གང་ཞིག་ལས་ལོགས་སུ་བཏོན་པའི་དོན། དཀའ་གནད་རྣམས་བཀར་ནས་བཤད། ནི་སྒྲ་དགར་བ། དམིགས་སུ་བཀར་བ་ལྟ་བུ་དང༌། ཡང་འདིའི་མ་འོངས་པར་བཀར་བྲིས་པའང་འདུག བཀར་འཇོག་དང་བཀར་ཁང་ལྟ་བུ་ཡོད། བཀར་བཏགས་ནི་ཁྲིམས་སོ།། ད་ལྟ་བར་འགར་བྲིས་པ་ཡང་འདུག་པས་འདི་འགའ་ཞིག་ལ་ཞེས་པ་དང་ནོར་དོགས་ཡོད་སྙམ། ཁོར་ཡུག་ལྟ་བུའང་འགྲོ།
༡)བཀས། ༢)དགས། ༣) འགས། ༤) ཁོས།
    བྱེད་འབྲེལ། ཤིང་སོགས་སེར་ཁ་གཏོང་བའམ་གཤགས་པའི་དོན། འགས་བྱེད་ཐོ་བས་དགས་བྱའི་བྲག་བཀས་ནས་དུམ་བུར་སོང༌། ཀུན་དགས་བྱས། བཀས་བཀོད། འགས་བརྗོད་ལྟ་བུ་བྱེད་སྒྲར་སོང་བའང་ཡོད། གས་ནི་བྱེད་མེད་ལས་ཚིག་འདས་པ་ཡིན་ནོ།།
དཀག (གཟུགས་མི་འགྱུར་བའི་བྱ་ཚིག)བྱེད་མེད། མར་སོགས་བཞུར་ནས་འཁྱགས་འཇུག་པའི་དོན། མཆོད་མེ་དཀག ཞག་དཀག་ལྟ་བུའོ།།
༡)བཀུག ༢) དགུག ༣) འགུགས། ༤) ཁུགས།
    བྱེད་འབྲེལ། དྲང་པོ་འཁྱོག་ཏུ་འཇུག་པའམ་ཉེ་བར་འགུགས་པའི་དོན། མགར་བས་ལྕགས་བཀུག་སྟེ་གུག་སོང༌། མདུན་དུ་བཀུག་སྟེ་བཤད། འགུགས་མཁན་གྱིས་ཤིང་དགུག་དགོས། བཀུག་ནས་མདའ་གཞུ་བཟོས། ད་ལྟ་བར་འགུག་དང་སྐུལ་ཚིག་ལ་ཁུག་བྲིས་པའང་འདུག
༡) བཀུམ། ༢) དགུམ། ༣) འགུམས། ༤) ཁུམས།
    བྱེད་འབྲེལ། མཚོན་སོགས་བསྣུན་ཏེ་གསོད་པའི་དོན། འགུམས་བྱེད་གྲིས་དགུམ་རྒྱུའི་དགྲ་བཀུམ་མོ།། ད་དུང་འགུམས་དགོས་པ་ཡོད་ན་ཁུམས་ཤིག་ལྟ་བུ་དང༌། ཡང་ད་ལྟ་བར་འགུམ་དང་སྐུལ་ཚིག་ལ་ཁུམ་བྲིས་པའང་འདུག ཁུམས་སོ་ལྟ་བུ་རྟོགས་པའི་དོན་ལ་འཇུག བཀུམ་པའི་མིང་ཚིག་ལ་བཀུམས་གསུངས་པ་འདུག ཁུམ་ནི་སེམས་ཁུམ་པ་ལོ་མ་ཁུམ་པ་བསྐུམས་མ་དགོས་པར་རང་བཞིན་གྱིས་ཁུམ་པ་ལྟ་བུ་ཡིན།
བཀུར། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། བརྩི་འཇོག་བྱེད་པའི་དོན། ཕ་མར་བསྙེན་བཀུར་དང་ཞབས་ཏོག་བཀུར་སྟི་བྱས། བཀུར་སྟི། ཕུ་དུད། རིམ་མོར། རིམ་འགྲོ་བཅས་འདྲ།
༡) བཀུས། ༢)བཀུ། ༣) བཀུ། ༤) བཀུས།
    བྱེད་འབྲེལ། སྨན་སོགས་ཁུ་བ་གདུས་ནས་བླངས་པའི་དོན། བཀུ་བྱའི་ཇ་བཀུས་ནས་དྭངས་སྙིགས་ཕྱེ། བསྐོལ་བ། བཀུས་པ། གདུས་པ་བཅས་དོན་འདྲ། སྨན་བཀུས་ཏེ་བོར་ནི་ཁུ་བ་བཏོན་པའི་སྙིགས་སོ།།
༡) བཀོག ༢) དགོག ༣) འགོག ༤) ཁོགས།
    བྱེད་འབྲེལ། འབྱར་ཡོད་པའི་དངོས་པོ་སོ་སོར་ཕྲལ་བའི་དོན། རྩ་བ་བཀོག རྩིག་པར་སྦྱར་བའི་ཤོག་བུ་དགོག་དགོས། ཤིང་ཏོག་འགོག་མཁན་ལ་ཁོགས་ཤིག་ཟེར་བ་ལྟ་བུ་དང༌། འགོག་ནི་བཀག་པའི་ད་ལྟ་བར་ཡང་འགྲོ། འཁོགས་ནི་རྒས་འཁོགས་ཏེ། རྒས་ཤིང་གོག་པའི་དུས་ལ་ཟེར། བརྡ་རྙིང་དགོག་ཏུ་ཕྱིན་པ་ནི། རྒ་བར་འགྱུར་བ་ལ་གོའོ། །
བཀོང༌། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། དཔའ་ཞུམ་དུ་འཇུག་པའི་དོན། དགྲ་བོའི་དཔའ་བཀོང་དང་གཉའ་བཀོང་ལྟ་བུ། འཇིགས་སུ་བཅུག་པའམ། ཞུམ་དུ་འཇུག་པའི་དོན་ཡིན་ནོ།། སྤ་བཀོང་དང༌། སྤ་གོང་བྲིས་པ་ཡོད་གསུངས།
བཀོན། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། འཁོན་འཛིན་བྱེད་པའི་དོན། གཞན་ལ་བཀོན་དུ་ཅི་ཞིག་ཡོད། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། གསུངས་པ་ལྟ་བུའོ། །
༡) བཀོད།  ༢) དགོད། ༣) འགོད།  ༤) ཁོད།
    བྱེད་འབྲེལ། ལོ་རྒྱུས་བཀོད་ལྟ་བུ་བྲིས་པའི་དོན་དང༌། བདེ་ལ་བཀོད་ལྟ་བུ་གནས་བཅུག་པའི་དོན། བཀོད་ལེགས་དང༌། འཆར་བཀོད་ལྟ་བུ་བསྒྲིགས་པའི་དོན་ཡིན། བཀོད་མའི་ཆུ་ཞེས་པ་ཆུ་མིག་ཅིག་གི་མིང་ཡིན། འདིའི་མ་འོངས་པར་འགོད་བྲིས་པའང་སྣང༌། དགོད་ནི་གད་མོ་དགོད་པའི་སྐབས་ད་ལྟ་བ་དང་སྐུལ་ཚིག་ཡིན། ཁོད་ནི་ཤིང་བཀད་པའི་སྐུལ་ཚིག་ཀྱང་ཡིན་ནོ།།
༡) བཀོལ། ༢) དགོལ། ༣) འཁོལ། ༤) ཁོལ།
    བྱེད་འབྲེལ། བེད་སྤྱད་པའི་དོན། རྟ་ཕྱུགས་བཀོལ། དགོལ་དགོས། བཀོལ་ནས། ལས་འཁོལ་མཁན་ལྟ་བུ་དང༌། ཟུར་བཀོལ་ཞེས་པ་གནད་ཆེའི་དོན་བཀར་ནས་བསྟན་པ་ལ་ཟེར། འགོལ་ནི་དབེན་པ་ལྟ་བུར་འཇུག་པས་འདིའི་ད་ལྟ་བར་མི་རུང༌། འགོལ་ས་ནི་དབེན་ས་དང་གོལ་བ་ནི་འཁྱམས་པ་ལྟ་བུར་གོ། ཡང་འདིའི་མ་འོངས་པར་བཀོལ་བྲིས་པའང་སྣང༌། ཁོལ་ནི་བལ་བཀལ་བའི་སྐུལ་ཚིག་ཀྱང་ཡིན། འཁོལ་ནི་ཆུ་འཁོལ་བ་ལའང་འཇུག་གོ།
ཀླན། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། དགྲ་དང༌། རྩོད་པ། ངན་ཚིག་བཅས་ལ་ལན་འདེབས་པའི་དོན། ཀླན་ཀ་ནི་རྩོད་པ་དང༌། ཀླན་ཀ་འཚོལ་བ། གླགས་འཚོལ་བ། སྙད་འཚོལ་བ་འདྲ། ཀླན་པ། བསླན་པ། གླན་པ། ལྷན་པ་བཅས་དོན་འདྲའོ།།
༡) བཀླུབས། ༢) བཀླུབ། ༣) ཀླུབ།  ༤) ཀླུབས།
    བྱེད་འབྲེལ། གོས་དང་རྒྱན་ཆ་སོགས་བསྐོན་པའི་ཞེ་ས་ཡིན། ན་བཟའ་ཀླུབ་མཁན། བཀླུབ་རྒྱུའི་ན་བཟའ། བཀླུབས་ནས་ལྟ་བུ་དང༌། བོད་ཀྱི་རིགས་རུས་ཤིག་ལ་ཀླུབ་ཟེར་བ་ཡོད། གོས་སོགས་གྱོན་པའི་དོན་ཡིན།
༡) བཀླགས། ༢) བཀླག ༣) ཀློག ༤) ཀློགས།
    བྱེད་འབྲེལ། བཀླག་རྒྱུའི་ཡི་གེ། བཀླགས་ནས། སླར་ཡང་ཀློགས་ཤིག་ལྟ་བུ་དང༌། ཡང་སྐྲའི་གསེབ་ཏུ་ཀློག་ཤུ་འདུག་ལྟ་བུ་དང༌། བརྡ་རྙིང་དཔོན་མོ་ལ་ཀློགས་མ་ཟེར་བ་ཡོད། ཀློག་འོད་གློག་འོད་གཉིས་ཀ་ཆོག ཀླགས་ནི་གཞན་ལས་ལྷག་པའི་དོན་ཏེ། དེ་ལ་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར། གསུངས་པ་ལྟ་བུའོ།།
༡) དཀྱུས། ༢) དཀྱུ། ༣) དཀྱུ། ༤) དཀྱུས།
    བྱེད་འབྲེལ། རྟ་དྲེལ་སོགས་བཞོན་ཏེ་འགྲོ་ཡུལ་དུ་ཁ་ལོ་བསྒྱུར་བའི་དོན། དཀྱུ་ས་ལ་དཀྱུས་ནས། དཀྱུ་བ་པོས་དཀྱུས་ཤིག་ལྟ་བུ་དང༌། ཡང་དཀྱུས་སུ་ཁྲུ་གང་ལྟ་བུ་ཕྲེད་ཞེང་ཚད་གཞི་དང༌། མཆོག་མ་ཡིན་པས་མི་དཀྱུས་མ་ཟེར་བ་དང༌། བརྡ་རྙིང་མྱུར་པོ་དང༌། མགྱོགས་པོ་ལ་དཀྱུས་མོ་ཟེར་བ་དང༌། དཀྱུས་ཐོག་གཅིག་གམ། སྐྱུས་ཐོག་གཅིག་ཟེར་བ་ཡོད།
༡) དཀྱོགས། ༢) དཀྱོག ༣) དཀྱོག  ༤) དཀྱོགས།
    བྱེད་འབྲེལ། དྲང་པོ་མིན་པར་འཁྱོག་ཏུ་འཇུག་པའི་དོན། ལམ་དཀྱོགས། ལུང་དཀྱོགས། དཀྱོགས་བཤད། དཀྱོག་པ་པོ། དཀྱོག་བྱ། དཀྱོགས་ནས་ལྟ་བུ་དང༌། ཡང་དཀྱོག་དང་སྐྱོག དཀྱོགས་དང་བསྐྱོགས། མ་འོངས་པར་བསྐྱོག སྐུལ་ཚིག་སྐྱོགས་འབྲི་ཚུལ་ཡོད། འཁྱོག་པའི་མིང་ཙམ་ལ་ཀྱོག མགོ་ཀྱོག་ཀྱོག་ལྟ་བུ་ཡིན། འདི་ཁ་གཅུས་པའི་རྣམ་པ་ཡིན།
༡) བཀྱགས། ༢) བཀྱག ༣) འགྱོགས། ༤) ཁྱོགས།
    བྱེད་འབྲེལ། ཡར་འདེགས་པའི་དོན། འགྱོགས་མཁན། བཀྱག་རྒྱུ། བཀྱགས་ཏེ། ཁྱོགས་ཤིག་ལྟ་བུ་དང༌། ད་ལྟ་བར་འགྱོག་དང༌། སྐུལ་ཚིག་ལ་ཁྱོག བྲིས་པ་ཡོད་ཀྱང༌། ས་ཡིག་སྦྱར་བ་ལེགས། ཡང་འགྱོགས་དང་ཁྱོགས་ནི་མིང་གི་འབྲི་ཚུལ་ཡིན་ཟེར་བའང་འདུག ཀྱག་ཀྱག་ནི་རྩེད་མོ་དང༌། ཀྱག་ཀྱོག་ནི་འཁྱོག་པོའི་དོན། ཁྱོགས་ནི་ལས་ཁྲིའམ། ཕེབས་བྱམས་ལྟ་བུའོ།།
༡) བཀྱིགས། ༢) བཀྱིག ༣) འཁྱིག ༤) ཁྱིགས།
    བྱེད་འབྲེལ། ཡན་ལག་རྣམས་ཐག་པས་བསྡམས་པའི་དོན། བཀྱིག་བྱའི་ལུག འཁྱིག་བྱེད་ཐག་པས་བཀྱིགས་ཏེ་བསད་ལྟ་བུ་དང༌། འགྱིག་ནི་འབྱར་བག་ལ་གོ་བས་འདིའི་ད་ལྟ་བར་མི་རིགས། འཁྱིག་གི་དུས་དབྱེ་ཚུལ་འོག་ཏུ་གསལ། སྐྱིག་དང་བསྐྱིགས་བཅས་ནི་འདིའི་འབྲི་ཚུལ་གཞན་ཡིན་ནོ།།
༡) བཀྱེས། ༢) བཀྱེ། ༣) འགྱེད། ༤) ཁྱེས།
    བྱེད་འབྲེལ། འོད་བཀྱེ་བ་ནི་ཁྱབ་བཅུག་པའི་དོན་དང༌། ཕོ་ཉ་བཀྱེས་པ་ནི་བཏང་བའི་དོན། གཡུལ་འགྱེད་པ་ནི་འཐབ་པའི་དོན་ཡིན། སྐལ་བ་འགྱེད་པ་ནི་བགོ་བའི་དོན། གཞན་ཡང་སྤྲུལ་བ་བཀྱེས། དཀར་འགྱེད། དམར་འགྱེད། དགེ་འདུན་གྱི་འགྱེད་ལྟ་བུ་དང༌། འདིའི་མ་འོངས་པར་འགྱེད་བྲིས་པའང་འདུག འགྱེད་དང་འགེད། ཁེ་དང་ཁྱེ་སོ་སོ་འདྲའོ།།
༡) བཀྱེད། ༢) བགྱེད། ༣) འགྱེད། ༤) ཁྱེད།
    བྱེད་འབྲེལ། བར་ཐག་དང་རྒྱ་ཆེ་རུ་གཏོང་བའི་དོན། དུས་ཚོད་ཕྱིར་བཀྱེད། འགྱེད་པ་པོ། བགྱེད་བྱའི་ཚོགས་འདུ་ཕྱིར་བཀྱེད་དེ། ཁྱོད་ཕེབས་རྒྱུར་ཕྱིར་ཁྱེད་ཅིག་ལྟ་བུ་དང༌། དུས་ཚོད་བཀྱེད་པ་ནི་དུས་ཚོད་འགྱངས་ཞེས་པ་དང་འདྲ། འདིའི་ད་ལྟ་བར་དགྱེད་བྲིས་པའང་སྣང༌། བཀྱེད་དང་བསྐྱེད་འདྲ། ཁྱེད་ནི་ཁྱོད་ཀྱི་ཞེས་སའང་ཡིན། བཀྱེད་བཅས་ནི་བརྡ་རྙིང་འབྲི་ཚུལ་ལོ།།
བཀྱོན། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། སྡིགས་པའི་ཞེ་ས་ཡིན། བཀའ་བཀྱོན་གནང༌། བཀྱོན་མཁན། བཀྱོན་ས་ལ་བཀྱོན་ནས་ལྟ་བུ་དང༌། བཀྱོན་པ་དང་སྤྱོ་བ་འདྲ། བཀའ་བཀྱོན་དྲག་པོ་ལ་བརྒྱད་བཀག་ཟེར། གཤེ་བའི་རྣམ་པ་ཞིག་ཡིན།
༡) དཀྲབས། ༢) དཀྲབ། ༣) འཁྲབ། ༤) ཁྲོབས།
    བྱེད་འབྲེལ། འབྲུ་རིགས་ཤུན་པ་སེལ་ཆེད་འཁྲབ་མའི་ནང་དཀྲབ་པའི་དོན། འཁྲབ་མཁན་གྱིས་དཀྲབ་རྒྱུའི་འབྲུ་དཀྲབས་ཏེ་གཙང་མ་བཟོས། གཞས་འཁྲབ་པ་ལྟ་བུའི་དུས་དབྱེ་ཚུལ་འོག་ཏུ་གསལ། འདིའི་ད་ལྟ་བར་དཀྲབ་བྲིས་པའང་འདུག
༡) དཀྲིས། ༢) དཀྲི། ༣) དཀྲི། ༤) དཀྲིས། 
    བྱེད་འབྲེལ། བསྐོར་ནས་འཆིང་བའི་དོན། མགོ་དཀྲི། མཛུབ་དཀྲི། རྨ་དཀྲི། དཀྲི་ས་ལ་དཀྲིས་ཏེ་ལྟ་བུ་དང༌། ཀུན་དཀྲིས་ནི་ཉོན་མོངས་ཀྱི་མིང་ཡིན། དཀྲི་ཁ་ནི་མིག་པགས་ཡས་མཐའི་རི་མོ་དང༌། ཡང་ཁག་ཕར་དཀྲི་ཆུར་དཀྲི་ཟེར་བ་ལྟ་བུའོ།།
༡) དཀྲིགས། ༢) དཀྲིག ༣) དཀྲིག  ༤) དཀྲིགས།
    བྱེད་འབྲེལ། དུ་སྤྲིན་སོགས་འཁྲིགས་འཇུག་པའི་དོན། རབ་དཀར་ཆུ་འཛིན་དཀྲིགས་པའི་ལྷུན་པོ་ལ། སྨུག་པ་དཀྲིག་བཞིན་དཀྲིགས་སོང༌། དཀྲིགས་ནས་ལྟ་བུ་དང༌། དཀྲིགས་པ་དང་གཏིབས་པ་འདྲ། གྲངས་གནས་ཀྱི་དཀྲིགས་ཀྱང་ཡོད་དོ།།
༡) དཀྲུགས། ༢) དཀྲུག ༣) དཀྲུག ༤) དཀྲུགས།
    བྱེད་འབྲེལ། རང་སོར་མི་གནས་པར་འཁྲུག་ཏུ་འཇུག་པའི་དོན། ཇ་དཀྲུགས་ཞོ་དཀྲུགས། གོ་རིམ་དཀྲུགས། དཀྲུགས་ཤིང༌། དཀྲུག་མཁན། དཀྲུག་རྒྱུ་ཕན་ཚུན་དཀྲུགས་ནས་ལྟ་བུ་དང༌། ཞོ་དཀྲུགས་དང་དཀྲོགས་གཉིས་ཀ་བྲིས་འདུག་པས་ཁྱད་པར་དཔྱད་དགོས། དཀྲུགས་གཏམ་དང་དཀྲོགས་གཏམ་གཉིས་ཀ་ཡོད།
༡) དཀྲུམས། ༢) དཀྲུམ། ༣) དཀྲུམ།  ༤) དཀྲུམས།
    བྱེད་འབྲེལ། དཀར་ཡོལ་སོགས་བཅག་ནས་ཟེགས་མར་སོང་བའི་དོན། ཤེལ་དམ་དཀྲུམས། བྲག་རྡོ་དཀྲུམས་ནས། དཀྲུམས་མདའ་ཞེས་པ་ཐུང་མདའ་དང༌། ཤའི་ཞེ་ས་གསོལ་དཀྲུམ་མམ། གསོལ་ཀྲུམ་དཀྲུམ་དང་ཀྲུམ། དཀྲུམས་དང་ཀྲུམས་འདྲ། སྐུལ་ཚིག་ལ་ཀྲུམས་བྲིས་པའང་འདུག ཆག་གྲུམ་གཏོང་བ་ཞེས་པ་དང་འདྲའོ།།
༡) དཀྲོགས། ༢) དཀྲོག ༣) དཀྲོག  ༤) དཀྲོགས།
    བྱེད་འབྲེལ། འདྲོག་ཏུ་འཇུག་པའི་དོན། བྱས་རྟ་དཀྲོགས། མི་ཡིས་བྱ་དཀྲོགས། གཡོ་ཅན་ཚིག་གིས་མི་དཀྲོགས། དཀྲོག་བཞིན་པ་དཀྲོག་དགོས། དཀྲོགས་སོ། །ལྟ་བུ་དང༌། དཀྲོགས་ནི་མཆོད་སྦྱིན་བྱེད་པ་ལའང་འཇུག་གསལ། དཀྲོག་དཀྲོག་ཚ་པོ་ལྟ་བུའང་ཡོད། དཀྲོག་དང་སྐྲོག དཀྲོགས་དང་སྐྲོགས་བཅས་དོན་འདྲ། ཇ་དཀྲོགས་དང་ཞོ་དཀྲོགས་བྲིས་འདུག་པས་དཀྲུགས་དང་ཁྱད་པར་དཔྱད་དགོས། ཌ་མ་རུ་བསྐྲོགས་པ་དང༌། དཀྲོགས་པ་ཡོད་ཀྱང་དཀྲུགས་པ་མིན། ཀྲོག་ཀྲོག་ནི་སྒྲ་གྲགས་ཚུལ་ལོ། །
༡) དཀྲོལ། ༢) དཀྲོལ། ༣) འཁྲོལ། ༤) ཁྲོལ།
    བྱེད་འབྲེལ། རོལ་མོ་རྡུང་བའི་དོན། རོལ་མོ་འཁྲོལ་མཁན་གྱིས་དཀྲོལ་ཏེ་ལྟ་བུ་དང༌། དཀྲོལ་ཚགས་ནི་རི་མོའི་ཁྱད་པར་ཞིག་ཡིན། བཅིངས་བཀྲོལ་ལ་བཅིངས་དཀྲོལ་བྲིས་པ་དང༌། མུ་དགེ་བསམ་གཏན་གྱི་གསུང་ནང༌། དཀྲོལ་བྱའི་མདུད་པ། མདུད་པ་དཀྲོལ་བར་བྱ་ཞེས་གསུངས་འདུག རོལ་མོ་དཀྲོལ་བ། འབུད་པ། རྡུང་བ་བཅས་འདྲའོ།།
བཀྲ་བ། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་མེད། མཛེས་པ་གསལ་བ་ལེགས་པ་བཅས་ཀྱི་དོན། ཤེས་རིག་བཀྲ། སྐར་ཚོགས་བཀྲ། བཀྲ་ཤིས་ལྟ་བུའོ། །
༡) བཀྲབས། ༢) བཀྲབ། ༣) བཀྲབ།  ༤) བཀྲབས།
    བྱེད་འབྲེལ། མང་པོའི་ནང་ནས་འདེམས་སྒྲུག་བྱེད་པའི་དོན། འགོ་འཁྲིད་ནི་བརྒྱའི་ནང་ནས་སེལ། སྟོང་གི་ནང་ནས་བཀྲབས་ཏེ་བསྐོ་དགོས་ལྟ་བུ་དང༌། འདིའི་སྐུལ་ཚིག་ལ་བཀྲོབས་བྲིས་པའང་འདུག འགས་འཁྲབ་མའི་ནང་དཀྲབ་པ་དང༌། གདམ་བཀྲབ་ལ་ཁྱད་མེད་བྲིས་པའང་འདུག་པས་དཔྱད་དགོས།
༡) བཀྲམ།  ༢) དགྲམ། ༣) འགྲེམས། ༤) ཁྲོམས།
    བྱེད་འབྲེལ། བཤམས་པའམ་ཁྱབ་ཏུ་འཇུག་པའི་དོན་ཡིན། མེ་ཏོག་བཀྲམ། ཚགས་པར་བཀྲམ། འགྲེམས་མཁན་གྱིས་དགྲམ་བྱའི་ཚོང་ཟོག་བཀྲམ་སྟེ་ད་དུང་ཁྲོམས་ཤིག་ལྟ་བུ་དང༌། འདིའི་ད་ལྟ་བར་འགྲེམ་དང༌། མིང་ཚིག་ལ་འགྲེམས་ཟེར་བའང་འདུག
༡) བཀྲལ།  ༢) བཀྲལ། ༣) འགྲེལ། ༤) འགྲེལ། 
    བྱེད་འབྲེལ། ཚིག་དང་དོན་གོ་སླ་རུ་གཏོང་བའི་དོན། གསུང་རབ་ཀྱི་དགོངས་པ་བཀྲལ། དགོངས་འགྲེལ། དོན་འགྲེལ། ཚིག་འགྲེལ། མཆན་འགྲེལ་ལྟ་བུ་དང༌། འདིའི་མ་འོངས་པར་འགྲེལ་བྲིས་པའང་འདུག འགྲེལ་བྱེད། བཀྲལ་བྱ། འགྲེལ་ཞིག་ལྟ་བུའོ།།
༡) བཀྲིས། ༢) བཀྲི། ༣) འཁྲིད། ༤) ཁྲིད།
    བྱེད་འབྲེལ། སྣེ་འཁྲིད་པའི་དོན། ཐེག་པ་གསུམ་ལ་རིམ་གྱིས་བཀྲིས་ཏེ་བཀྲི་བྱའི་གདུལ་བྱ་ལམ་དུ་འཁྲིད་བཞིན་པ། སྣེ་འཁྲིད། དཔེ་ཆ་འཁྲིད། འདིའི་འདས་ཚིག་དང༌། བཀྲ་ཤིས་ཀྱི་བསྡུས་ཚིག་བཀྲིས་ལ་མ་ནོར་བ་དགོས། འདིའི་སྐུལ་ཚིག་ལ་བཀྲིས་ཏེ། དཔེ་འཁྲིད་དང༌། ལམ་འཁྲིད་ལ་སྐུལ་ཚིག་ཁྱད་པར་ཕྱེ་བའང་འདུག
༡) བཀྲུས། ༢) བཀྲུ། ༣)འཁྲུད། ༤) ཁྲུས།
    བྱེད་འབྲེལ། དྲི་མ་འདག་ཆེད་ཆུའི་ནང་བཤལ་བའི་དོན། འཁྲུད་མཁན་གྱིས་བཀྲུ་བྱའི་གོས་བཀྲུས་ཏེ་སྐམ། སླར་ཡང་ཁྲུས་ཤིག་ལྟ་བུ་དང༌། བཀྲུ་འཇམ་ནི་བཤལ་སྨན་ལ་ཟེར། ཡང་འཁྲུ་བ་དང་འཁྲུས་པའི་དུས་དབྱེ་ཚུལ་འོག་ཏུ་གསལ།
བཀྲེས། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་མེད། ལྟོགས་པའི་དོན། ཡི་དྭགས་ལ་བཀྲེས་སྐོམ་ཆེ། བཀྲེས་པ། བྲུ་བ་ཚ་བ། ཟ་འདོད་པ། ཟས་འདོད་པ་བཅས་འདྲའོ།།
༡) བཀྲོངས། ༢) དགྲོང༌། ༣) འགྲོངས། ༤) དགྲོངས།
    བྱེད་འབྲེལ། བསད་པའི་ཞེ་ས་ཡིན། འགྲོང་ནི་འཁྲིག་པ་དང་ཕོ་མཚན། རྨ་བྱ་བཅས་ལ་འཇུག་པས་ད་ལྟ་བར་མི་རུང༌། ཡང་འདིའི་མ་འོངས་པར་བཀྲོང་དང༌། ད་ལྟ་བར་དགྲོང་བྲིས་པའང་སྣང༌།
༡) བཀྲོལ། ༢) དགྲོལ། ༣) འགྲོལ། ༤) ཁྲོལ།
    བྱེད་འབྲེལ། བསྡམས་པ་སོ་སོར་ཕྱེ་བའི་དོན། མདུད་པ་དགྲོལ་དགོས། འགྲོལ་མཁན་གྱིས་བཀྲོལ་ཏེ། ལྟ་བུ་དང༌། འགྲོ་ཆོག་པའི་བཀའ་འགྲོལ་ཐོབ། དགྲོལ་འདི་འགྲེལ་བའི་མ་འོངས་པར་བྲིས་པའང་འདུག འཁོར་བ་ལས་དགྲོལ་དང་སྒྲོལ་བ་འདྲ། མདུད་པ་དགྲོལ་བ་ཡོད་ཀྱང་སྒྲོལ་བ་ཡོད་མེད་དཔྱད།
བཀྲོས། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་འབྲེལ། འདམ་བཀྲབས་བྱེད་པའི་དོན། བརྡ་རྙིང་མང་པོའི་ནང་ནས་བཀྲོས་པ། བཀྲོས་འདམས་ལྟ་བུའོ།།
༡) བརྐམས། ༢) བརྐམ། ༣) རྐམ།
    བྱེད་མེད། ཆགས་ཞེན་བྱེད་པའི་དོན། འདོད་ཡོན་ལ་རྐམ་བཞིན། བརྐམ་པར་འགྱུར་བ། བརྐམས་ནས་ལྟ་བུའོ།།
ལྐུགས་པ། (གཟུགས་མི་འགྱུར་བ། )
    བྱེད་མེད། སྨྲ་མི་ཤེས་པར་གྱུར་པའི་དོན། ངག་ལྐུགས་པ། ལྐུགས་པར་གྱུར་ན་གཏམ་བཤད་མི་ཐུབ། ལྐུགས་པ་ནི་མིང་འབྲི་ཚུལ་ཡིན་ཟེར་བའང་འདུག
༡) བརྐུས།  ༢) བརྐུ། ༣) རྐུ།   ༤) རྐུས།
    བྱེད་འབྲེལ། རང་ལ་མི་དབང་བའི་ནོར་ལེན་པའི་དོན། རྐུ་མཁན། བརྐུ་རྒྱུ། བརྐུས་ཏེ་ལྟ་བུ་དང༌། རྐུན་མ་ནི་རྐུ་མཁན་གྱི་མིང༌། དེ་བཞིན་ཆེ་བ་ལ་ཆེན་པོ། མཐོ་བ་ལ་མཐོན་པོ། རྣོ་བ་ལ་རྣོན་པོ་བརྗོད་པ་མིན་ནམ་སྙམ།
༡) བརྐོས། ༢) བརྐོ། ༣) རྐོ།   ༤) རྐོས།
    བྱེད་འབྲེལ། པར་སོགས་རི་མོ་བཏོན་པའི་དོན། ས་རྐོ་མཁན། རྐོ་བྱེད། བརྐོ་བྱའི་ས། བརྐོས་ཟིན། པར་རྐོས་ཤིག་ལྟ་བུ་དང༌། བརྐོས་བྱང་ནི་ཡི་གེ་བཀོད་པའི་ཁ་བྱང་ལྟ་བུ་ཡིན། རྐོ་བ་བྲུ་བ་བཅས་དོན་འདྲའོ།། 
༡) རྐྱལ། ༢) རྐྱལ། ༣) རྐྱལ། ༤) རྐྱོལ།
    བྱེད་འབྲེལ། ཆུའི་ནང་རྐྱལ་བའི་དོན། ཆུའི་ཐོག་འཕྱོ་བཞིན་འགྲོ་ཐུབ་པའི་རྩལ་ཞིག་ཡིན། རྐྱལ་མཁན་གྱིས་རྐྱལ་ནས་ཕ་རོལ་ཏུ་སླེབས། རྐྱལ་པ་ནི་ཀོ་སྣོད་ཀྱི་མིང་ཡིན། དེ་ལ་སྒྲོ་བའང་ཟེར།
༡) བརྐྱངས། ༢) བརྐྱང༌། ༣) རྐྱོང༌། ༤) རྐྱོངས།
    བྱེད་འབྲེལ། ལག་པ་སོགས་རྐྱོང་བའི་དོན། རྐང་རྐྱོང་ལག་རྐྱོང༌། གཡས་རྐྱོང་གཡོན་སྐུམ་ལྟ་བུ་དང༌། རི་དྭགས་རྐྱང༌། དཀར་པོ་རྐྱང་རྐྱང༌། ལུས་ཀྱི་རྩ་རྐྱང་མ་ལྟ་བུའི་མིང་དང༌། རྐྱོང་ནི་སྣར་བའི་དོན་ཡིན།
༡) བསྐུགས། ༢) བསྐུག ༣) སྐུག  ༤) སྐུགས།
    བྱེད་འབྲེལ། རྒྱལ་ཕམ་བརྩད་དེ་རྒྱལ་བ་ལ་ཐོབ་རྒྱུའི་དངོས་པོ་བཞག་པའི་དོན། སྐུག་མཁན་གྱིས་བསྐུག་བྱའི་ནོར་བསྐུགས་ནས་རྩེད་བཞིན། ཤོ་དང་སྦག་རྩེད་མོའི་སྐབས་བཞག་པའི་རྒྱན་ལ་སྐུག་ཟེར། སྐུག་པ་ནི་ཐོབ་ཐབས་བྱེད་པའི་དོན་ཡིན།
༡) བསྐུངས། ༢) བསྐུང༌། ༣) སྐུང༌། ༤) སྐུངས།
    བྱེད་འབྲེལ། ལྐོག་ཏུ་སྦེད་པའམ་སྐུང་བར་བྱེད་པའི་དོན། རང་སྐྱོན་སྐུང༌། གཞན་སྐྱོན་འདོན། སྐུང་བྱཻད། བསྐུང་བྱ། བསྐུངས་ཟིན། སྐུངས་ཤིག་ལྟ་བུ་མི་མངོན་པར་བྱེད་པའི་རྣམ་པ་ཡིན། ལག་པ་ལྟ་བུ་སྐུང་པ་དང༌། སྐུམ་པ་གཉིས་ཀ་ཡོད།
༡) བསྐུས། ༢) བསྐུ། ༣) སྐུད། ༤ )སྐུས།
    བྱེད་འབྲེལ། སྣུམ་སོགས་འགོས་སུ་འཇུག་པའི་དོན། ལུས་ལ་བྱུག་པ་བསྐུས་པ་ཡིན། བསྐུ་རྒྱུ་ཡིན། སྐུད་བཞིན་འདུག གདོང་ལ་ཚོས་སྐུས་ཤིག སྐུད་ནི་བལ་སྐུད། ལྕགས་སྐུད། མནའ་མའི་སྤུན་ཕོ་ལ་སྐུད་པོ། མོ་ལ་སྐུད་མོ་ཡང་ཟེར། སྐུད་པ་ནི་འབྱུག་པའམ། འབྱར་དུ་འཇུག་པའི་རྣམ་པ་ཡིན།
༡) བསྐུམས། ༢) བསྐུམ། ༣) སྐུམ། ༤) སྐུམས།
    བྱེད་འབྲེལ། རྐྱོང་པའི་ལྡོག་ཕྱོགས་ཏེ་ལུས་ཀྱི་ཡན་ལག་སོགས་ཚུར་འཐེན་པའི་དོན། རྐང་པ་སྐུམ་བཞིན་བཞུགས། ལག་པ་བསྐུམ་དགོས། བསྐུམས་ནས་ཁུམ་པ་འོང༌། རྐྱོང་ཁྲུ་དང༌། སྐུམ་ཁྲུ་ལྟ་བུའོ།།
༡) བསྐུར། ༢) བསྐུར། ༣) སྐུར།  ༤) སྐུར།
    བྱེད་འབྲེལ། ཡི་གེ་དང་ཅ་དངོས་སོགས་མིའམ་འཕྲུལ་འཁོར་སོགས་བརྒྱུད་དེ་སྐྱེ་བོ་གཞན་ལ་འཕྲོད་པར་བྱེད་པའི་དོན། རྔན་པ་སྐུར་མཁན་དངུལ་བསྐུར་དགོས། དབང་བསྐུར་ནས་ལྟ་བུ་དང༌། སྐུར་འདེབས་ནི་ལོག་པར་ལྟ་བའི་དོན་ཡིན། ད་དྲག་སྦྱར་ན་བསྐུར། བསྐུརད། སྐུར། སྐུརད་བཞིར་འགྱུར་བ་ཡོད། གཞན་ཞིག་བརྒྱུད་ནས་སྤྲོད་འཇུག་པའི་རྣམ་པ་ཡིན།
༡) བསྐུལ། ༢) བསྐུལ། ༣) སྐུལ།  ༤) སྐུལ།
    བྱེད་འབྲེལ། བྱ་བ་གང་ཞིག་བྱ་དགོས་པའི་སྐུལ་མ་བྱེད་པའི་དོན། འབོད་སྐུལ། སྐུལ་ལྕག སྐུལ་ཚིག སྲུང་མའི་སྐུལ། སྐུལ་བྱེད། བསྐུལ་བྱ་ལྟ་བུ་དང༌། འདས་སྐུལ་ལ་ད་དྲག་སྦྱར་ན་བཞི་རུ་འགྱུར་བ་ཡིན།
༡) བསྐམས། ༢) བསྐམ། ༣) སྐམ།   ༤) སྐོམས།
    བྱེད་འབྲེལ། རླན་གཤེར་མེད་པར་བྱེད་པའི་དོན། སྐམ་བྱེད་ཉི་མས་བསྐམ་བྱའི་གོས་བསྐམས་ཚར་ན་གྱོན། བ་ཕྱུགས་སྐམ་པོ་དང༌། ལུང་པ་སྐམ་པོ་ལྟ་བུ་བྱེད་མེད་ལས་ཚིག་ཡིན། སྐོམ་ནི་བཏུང་བ་འཐུང་འདོད་ཀྱི་དོན་དུ་གོ་བས་འདིའི་སྐུལ་ཚིག་ཏུ་མི་རུང༌། ལྕགས་ཀྱི་སྐམ་པ་ལྟ་བུ་མིང་དུ་སོང་བའང་ཡོད་དོ།། འགའ་ཞིག་ཏུ་བཀམ་པ་བྲིས་པའང་སྣང༌། ད་ལྟ་བར་སྐེམ་བྲིས་པའང་འདུག
༡) བསྐོས། ༢) བསྐོ། ༣) སྐོ།  ༤) སྐོས།
    བྱེད་འབྲེལ། ལས་དོན་བྱེད་མཁན་གཏན་འབེབས་བྱེད་པའི་དོན། སྐོ་པ་པོས་བསྐོ་རྒྱུའི་དཔོན་པོ་བསྐོས་ཏེ། ད་དུང་འགའ་ཞིག་སྐོས་ཤིག འགོ་བྱེད་བསྐོས། གཉེར་པ་སྐོ་བཞིན། གཞན་ཡང་གནམ་བསྐོས་དང༌། ལས་ལ་གང་བསྐོས་ལྟ་བུ་དང༌། ལས་ཀའི་ས་མིག་ཏུ་བཞག་པའི་དོན།
༡) བསྐངས། ༢) བསྐང༌། ༣) སྐོང༌། ༤) སྐོངས།
    བྱེད་འབྲེལ། རེ་བ་སྐོང་དང་ཐུགས་དམ་བསྐངས་ལྟ་བུ་འདོད་པ་ཚིམ་པར་བྱེད་པའི་དོན་དང༌། ཚིག་ཁ་སྐོང་བ། བསྙེན་པ་ཁ་སྐོང༌། ཚོགས་འདུར་སྐོང་ལྟ་བུ་མ་ཚང་བ་ཚང་བར་བྱེད་པའམ། འགུགས་པའམ་སྡུད་པའི་དོན་དུ་གོ ཚོགས་འདུ་དང༌། ཁ་སྐོང་བའི་སྐབས་མ་འོངས་པར་བསྐོང་དང༌། འདས་པར་བསྐོངས་བཅས་ཐོབ་པོ། རེ་བ་བཀང་དང་བསྐངས་འདྲ་ཡང་ཚོགས་འདུ་བཀང་པ་མེད་སྙམ།
༡) བསྐོན། ༢) བསྐོན། ༣) སྐོན། ༤) སྐོན།
    བྱེད་འབྲེལ། གོས་སོགས་གྱོན་དུ་འཇུག་པའི་དོན། ཞྭ་མོ་བསྐོན། རྒྱན་ཆ་བསྐོན། སྐོན་མཁན། བསྐོན་རྒྱུ་ལྟ་བུ་དང༌། བྱ་སྐོན་ནི་བྱ་འཛིན་བྱེད་རྙི་ལ་ཟེར། སྐོན་བུ་ལ་ར་མགོ་ས་མགོ་ཁྱད་མེད། སྐོན་བུ་ནི་མཆོད་ཀོང་ལྟ་བུ་སྣོད་ཆུང་གི་མིང་ངོ༌།།
སྐོམ། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་མེད། ཁ་སྐོམ་པའི་དོན། ཁའི་ནང་རླན་གཤེར་སྐམ་པའི་གདུང་བ་ཞིག་ཡིན།
༡) བསྐོར། ༢) བསྐོར། ༣) སྐོར།  ༤) སྐོར།
    བྱེད་འབྲེལ། འཁོར་དུ་འཇུག་པའི་དོན། ཆོས་འཁོར་བསྐོར། རང་འཐག་བསྐོར། སྐོར་མཁན། བསྐོར་རྒྱུ་ལྟ་བུ་དང༌། མིང་ཚིག་བོད་ཀྱི་སྐོར། རིག་གནས་སྐོར། བསྐོར་ནས་འཁོར་བའོ།།
༡) བསྐོལ། ༢) བསྐོལ། ༣) སྐོལ།  ༤) སྐོལ།
    བྱེད་འབྲེལ། མེ་སྤར་ཏེ་འཁོལ་འཇུག་པའི་དོན། ཇ་བསྐོལ་ཟིན། འོ་མ་སྐོལ་བཞིན་ཡོད། ཐུག་པ་བསྐོལ་རྒྱུ་ཡིན། བསྐོལ་ནས་འཁོལ་བ་འོང༌། ཆུ་བསྐོལ་ནས་འབྲས་འཚོད་ལྟ་བུའོ།།
༡) བསྐྱིས། ༢) བསྐྱི། ༣) སྐྱི།  ༤) སྐྱིས།
    བྱེད་འབྲེལ། དངུལ་སོགས་སྔར་གཡར་བྱེད་པའི་དོན། གཡར་བ་དང༌། སྐྱི་པ་གཉིས་ཀྱི་ཁྱད་པར་ནི། སྣོད་དང་གྱོན་གོས་ལྟ་བུ་གཡར་བ་ཡོད་ཀྱང༌། སྐྱི་བ་མེད། དངུལ་ལྟ་བུ་སྐྱི་བ་ཡིན་ཡང༌། གཡར་བ་མིན་ཏེ། གཡར་ན་གང་གཡར་བ་དེ་ཉིད་ཕྱིར་སྤྲད་དགོས་སོ།། སྐྱི་ནི་ཤིང་ཞིག་དང༌། སྐྱི་མོ་ནི་པགས་པའི་ཕྱིར་ཡོད་ཤུན་པ་སྲབ་མོ་ལ་ཟེར། སྐྱི་གཡའ་བ་ནི་འཇིགས་སྐྲག་བྱེད་པའི་དོན་ནོ།།
༡) བསྐྱས། ༢) བསྐྱ། ༣) སྐྱ།  ༤) སྐྱོས།
    བྱེད་འབྲེལ། ཕན་ཚུན་དབོར་འདྲེན་ནམ་གནས་སྤོ་བའི་དོན། འབྲོག་པ་ཡང་ཡང་བསྐྱ་ཡོང༌། ཀ་གདུང་བསྐྱས་ཏེ་ཁང་པ་བཟོས། མིང་ཚིག་བྱ་སྐྱ་ག ནད་སྐྱ་རྦབ། གྲུའི་སྐྱ། སྐྱ་སེར་ལྟ་བུ་ཡོད། སྐྱོས་མ་ནི་ལག་རྟགས་སྐྱེས་ལྟ་བུ་ཡིན། དེ་ལ་ཁྱོས་མའང་ཟེར། ཡང་སྐྱ་རྒྱལ་བ་ནི་ལོ་ལེགས་པའི་དོན་ནོ།།
༡) བསྐྱིལ། ༢) བསྐྱིལ། ༣) སྐྱིལ།  ༤) སྐྱིལ།
    བྱེད་འབྲེལ། རྫིང་སོགས་འཁྱིལ་དུ་འཇུག་པའི་དོན། རྫིང་བུ་བསྐྱིལ། ཁའི་ནང་དུ་མར་ཁུ་བསྐྱིལ་ལྟ་བུརླན་གཤེར་རིགས་གསོག་པའི་དོན་དང༌། སྐྱིལ་ཀྲུང་དང༌། དཀྱིལ་ཀྲུང་གང་ཡང་འཐུས། རྐང་པ་ནང་དུ་བསྐུམས་ནས་སྡོད་པ་ལ་སྐྱིལ་ཀྲུང་ཟེར།
༡) བསྐྱུགས། ༢) བསྐྱུ ༣) སྐྱུག    
    བྱེད་མེད། ཟ་ཚར་བའི་བཟའ་བཏུང་ཕྱིར་ཐོན་པའི་དོན། སྐྱུག་བཞིན། བསྐྱུག་ཡོང༌། བསྐྱུགས་ནས། སྐྱུག་བྲོ་བ། བ་ལང་གི་སྐྱུག་བལྡད། ཞེ་མེར་ལངས་ཏེ་ཟས་ཁོག་པ་ནས་གྱེན་དུ་འདྲེན་པ་ལ་སྐྱུག་པ་ཟེར། སྐུལ་ཚིག་ལ་སྐྱུགས་བྲིས་པའང་འདུག་པས་བྱེད་མེད་ལས་ཚིག་ལ་སྐུལ་ཚིག་བཞག་པ་མང་ངོ༌།།
༡) བསྐྱུངས། ༢) བསྐྱུང༌། ༣) སྐྱུང༌།  ༤) སྐྱུང༌།
    བྱེད་འབྲེལ། ཁེངས་སྐྱུང་ལྟ་བུ་ང་རྒྱལ་ཆུང་དུ་གཏོང་བ་དང༌། ཚིག་སྐྱུང་ལྟ་བུ་ཚིག་ཉུང་དུ་གཏོང་བ། བྱ་བ་སྐྱུང་ནི་བྱ་བ་བཤོལ་བའི་དོན་ཡིན། མིང་ཚིག སྐྱུང་ཀ་ནི་བྱ་ཞིག་དང༌། སྐྱུང་བུ་ནི་བུ་ག་འབིགས་བྱེད་གསོར་ལ་ཟེར། སྐྱུང་པ་ནི་འདོར་བའམ་ཉུང་དུ་གཏོང་བ་ལ་གོའོ།།
༡) བསྐྱུད། ༢) བསྐྱུད། ༣) སྐྱུད།  ༤) སྐྱུད།
    བྱེད་འབྲེལ། དྲན་པ་བརྗེད་པའི་དོན། མི་སྐྱུད་པ་ནི་མི་བརྗེད་པའོ་གསུངས། གང་ཤེས་པའི་དོན་བསྐྱུད་དུ་བཅུག་མི་ཉན་ལྟ་བུ་དང༌། སྐྱུད་ནི་བརྗེད་པའི་བརྡ་རྙིང་གསུངས། འགས་དཀྱུད་བྲིས་པའང་འདུག
༡) བསྐྱུར། ༢) བསྐྱུར། ༣) སྐྱུར།  ༤) སྐྱུར།
    བྱེད་འབྲེལ། བོར་བའམ་དབྱུགས་པའི་དོན། གད་སྙིགས་དོང་དུ་བསྐྱུར་དགོས། སྐད་ཆ་རྒྱབ་ཏུ་མ་སྐྱུར་ལྟ་བུ་ཕྱིར་འཕེན་པའི་དོན་ཡིན། མིང་ཚིག་སྐྱུར་མོ་དང༌། སྐྱུར་འགོང་བཤད། སྐྱུར་བསྙལ་ལྟ་བུ་ཡོད་དོ།།
སྐྱེངས། (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་མེད། ངོ་ཚ་བའི་དོན། ངོ་ཚ་ཁ་སྐྱེངས་ལྟ་བུ། སྐྱེངས། ཁྲེལ། ངོ་ཚ་བཅས་དོན་འདྲའོ།།
༡) སྐྱེས། ༢) སྐྱེ། ༣) སྐྱེ།
    བྱེད་མེད། རྒྱུ་རྐྱེན་ལས་བྱུང་བའི་དོན། ས་བོན་བཏབ་ནས་སྐྱེ། སྐྱེས་ནས་འབྲས་བུ་ཐོགས་ལྟ་བུ་དང༌། རྔན་པ་ལ་སྐྱེས། སྐྱེ་བོ། སྐྱེས་བུ། སྐྱེ་དགུ། སྐྱེ་འབྲས་ལྟ་བུ་ཡོད་དོ།།
༡) བསྐྱེད། ༢) བསྐྱེད། ༣) སྐྱེད།  ༤) སྐྱེད།
    བྱེད་འབྲེལ། རྒྱ་ཆེ་རུ་གཏོང་བའི་དོན། སེམས་བསྐྱེད། བློ་རྒྱ་བསྐྱེད། བུ་ལོན་སྐྱེད། སྐྱེད་འཕེལ། སྐྱེད་བྱེད། བསྐྱེད་བྱ། སྐྱེད་ཚལ། སྐྱེད་མ་ལྟ་བུའོ།། བཀྱེད་དང་འདྲ།
སྐྱོ།གཟུགས་མི་འགྱུར་བའི་བྱ་ཚིག
    བྱེད་མེད། ཡིད་སུན་པའི་དོན། སེམས་སྐྱོ། འཁོར་བ་ལ་སྐྱོ་བ་སྐྱེ་ལྟ་བུ་དང༌། སྐྱོ་མ་ཐུག་པ་ལྟ་བུ་དང༌། སྐྱོ་མ་སྔ་བཙན་ཞེས་པ། སྔ་དུས་ཁྲིམས་གཏུགས་སྐབས་སྔོན་སུས་ཞུས་ན་བདེན་ཆ་ཆེ་བ་ཡོད་ཟེར།
༡) བསྐྱོགས། ༢) བསྐྱོག ༣) སྐྱོག ༤) སྐྱོགས།
    བྱེད་འབྲེལ། འཁྱོག་ཏུ་འཇུག་པའི་དོན། དཀྱོག་དང་དཀྱོགས་བཅས་དང་འདྲ། སྐྱོགས་ནི་ཇ་སྐྱོགས་ཐུག་སྐྱོགས་ལྟ་བུའང་ཡོད་དོ།།
༡) བསྐྱངས། ༢) བསྐྱང༌། ༣) སྐྱོང༌། ༤) སྐྱོངས།
    བྱེད་འབྲེལ། ཕན་ཐོགས་བྱེད་པའི་དོན། བུ་ཕྲུག་སྐྱོང༌། རྒྱལ་སྲིད་སྐྱོང༌། སྐྱོང་བ་པོ། བསྐྱང་བྱ། བསྐྱངས་ཚར། དྲིན་གྱིས་བསྐྱངས་ཏེ་ལྟ་བུ་བྱམས་སྐྱོང་བྱེད་པའི་དོན་ནོ།།
༡) བསྐྱལ། ༢) བསྐྱལ། ༣) སྐྱེལ། ༤) སྐྱེལ།
    བྱེད་འབྲེལ། མགྲོན་པོ་སོགས་གནས་གཞན་དུ་འདྲེན་པའི་དོན། བྱིས་པ་སློབ་གྲྭར་བསྐྱལ་ཟིན། རྔན་པ་སྐྱེལ་བཞིན། མནའ་སྐྱེལ་ལྟ་བུ་གཞན་ཞིག་ལ་སླེབས་ཐབས་བྱེད་པའི་དོན་ནོ།། སྐྱལ་པ་ནི་རྐྱལ་པ་དང་འདྲ་བས་འདིའི་ད་ལྟ་བར་སྐྱལ་མི་རུང༌།
༡) བསྐྱོད།  ༢) བསྐྱོད། ༣) སྐྱོད།   ༤) སྐྱོད།
    བྱེད་འབྲེལ། ལམ་དུ་བསྐྱོད། ཡུལ་དུ་སྐྱོད་ལྟ་བུ་འགྲོ་བའི་དོན་དང༌། བ་དན་རླུང་གིས་བསྐྱོད་ལྟ་བུ་གཡོ་བའི་དོན་དུ་གོ། སྒུལ་སྐྱོད། གཡོ་བ། འགུལ་བ། འགྲོ་བ་བཅས་ལ་གོ། འདིའི་འབྲི་ཚུལ་གཞན་བཀྱོད་བྲིས་མི་རུང༌།
༡) བསྐྱབས། ༢) བསྐྱབ། ༣ )སྐྱོབ།  ༤) སྐྱོབས།
    བྱེད་འབྲེལ། ཉེན་ཁ་ལས་ཐར་ཏུ་འཇུག་པའི་དོན། སྐྱོབ་བྱེད་ཆོས་བསྐྱབ་བྱ་སེམས་ཅན། བསྐྱབས་ཏེ་སྡུག་བསྔལ་ལས་གྲོལ། སྐྱོབ་མཁན་མིང་ལ་སྐྱབས་ཟེར། སྐྱོབ་པ་སྲུང་བ་རྒྱལ་བར་བྱེད་འཇུག་པ་བཅས་འདྲའོ།།
༡) བསྐྱོམས། ༢) བསྐྱོམ། ༣) སྐྱོམ།  ༤) སྐྱོམས།
    བྱེད་འབྲེལ། ཆུ་སོགས་གཡོ་འགུལ་བྱེད་པའི་དོན། ཇ་བསྐྱོམས་ནས་འབུལ་ལྟ་བུ་དང༌། ཡང་འདས་པ་བསྐྱམས་དང༌། མ་འོངས་པར་བསྐྱམ་བྲིས་པའང་འདུག
༡) བསྐྱོན། ༢) བསྐྱོན། ༣) སྐྱོན།  ༤) སྐྱོན།
    བྱེད་འབྲེལ། རྟ་སོགས་བཞོན་འཇུག་པའམ། འཇོག་པ་བཅས་ཀྱི་དོན། རྟ་ལ་བསྐྱོན། སྣོད་ཐབ་ཏུ་བསྐྱོན། གཟིམ་ཤག་བསྐྱོན། སྐྱོན་ནི་ལེགས་པའི་ལྡོག་ཕྱོགས་ཡིན་ནོ།།
༡) བསྐྱོར། ༢) བསྐྱོར། ༣) སྐྱོར།  ༤) སྐྱོར།
    བྱེད་འབྲེལ། འགྱེལ་དུ་མི་འཇུག་པར་རྟེན་པའི་དོན། འགྱེལ་སོང་ན་བསྐྱོར་དགོས། ཆང་གིས་བཟི་བ་ལ་བསྐྱོར་ནས་འགྲོ་དགོས་ལྟ་བུ་དང༌། དཔེ་ཆ་སྐྱོར་བའི་སྐབས་མ་འོངས་པ་དང་འདས་པ་ལ་བསྐྱར་ཐོབ། སྐྱོར་འབྱིན་ནམ། དཀྱོར་འབྱིན་ནི་གཡོ་སྒྱུའོ།།
སྐྲག (གཟུགས་མི་འགྱུར་བའི་བྱ་ཚིག)
    བྱེད་མེད། ཞེད་སྣང་སྐྱེ་བའི་དོན། འཇིགས་སྐྲག སྔངས་སྐྲག དངངས་སྐྲག་ལྟ་བུའོ།།
༡) སྐྲངས། ༢) སྐྲང༌། ༣) སྐྲང༌།
    བྱེད་མེད། ལུས་ལ་ཤ་འབུར་གྱིས་ན་ཟུག་བྱུང་བའི་དོན། གདོང་པ་སྐྲངས་འདུག སྐྲང་ཡོང་ལྟ་བུའོ།།
༡) བསྐྲུས། ༢) བསྐྲུ། ༣) སྐྲུ།  ༤) སྐྲུས།
    བྱེད་འབྲེལ། སློང་བའི་དོན། བརྡ་རྙིང༌། སྐྲུ་མ་ནི་སྤྲང་པོ་ལ་ཟེར།
༡) སྐྲོགས། ༢) སྐྲོག ༣) སྐྲོག  ༤) སྐྲོགས།
    བྱེད་འབྲེལ། གོང་དུ་དཀྲོག་དང་དཀྲོགས་བཅས་དང་འདྲའོ།།
༡) བསྐྲད། ༢) བསྐྲད། ༣) སྐྲོད། ༤) སྐྲོད།
    བྱེད་འབྲེལ། གནས་དེ་ནས་དེད་པའམ་འདོན་པའི་དོན། གེགས་བསྐྲད། མཐར་སྐྲོད་གཏོང༌། གནས་ནས་ཕུད། འབུད། བཏོན། སྐྲོད་རྣམས་འདྲའོ།།
༡) བསྐྲུན། ༢) བསྐྲུན། ༣) སྐྲུན།  ༤)སྐྲུན།
    བྱེད་འབྲེལ། བཟོ་སྐྲུན་བྱེད་པའི་དོན། དཔེ་ཆ་པར་དུ་བསྐྲུན། འཛུགས་སྐྲུན། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །ལྟ་བུ། བཟོ་བ་དང་བསྐྲུན་པ་འདྲའོ། ། 

ཁ་ཡི་སྡེ་ཚན།

) ཁུགས། ༢) ཁུག ༣) ཁུག 
བྱེད་མེད། རིན་སྤྲད་ནས་ཐོབ་པའམ་ཚུར་འགུག་པ་བཅས་ཀྱི་དོན།  སེམས་ཁུགས། སྒོར་ལྔས་རྟ་མི་ཁུགས། གཡང་ཁུག་ལྟ་བུ་དང༌། ཁུག་རྟ་བྱ་ཞིག་དང༌། ཁུག་མ་དངུལ་བླུག་སྣོད། ཁུག་སྣའི་ཁ་དོག ཁུག་རྣའི་ཁ་དོག རྨ་ཆུ་ཁུག་པ་ལྟ་བུ་ཡོད་དོ།།
) ཁུར།  ) འཁུར། ༣) འཁུར། ༤) ཁུར།
  བྱེད་འབྲེལ། འཁྱེར་བའི་དོན། ཁུར་པོ་འཁུར་མཁན་གྱིས་ཁུར་ནས་སོང་ངོ་ལྟ་བུ་དང༌། ཁུར་མོང་ནི་རྩི་ཤིང་ཞིག ཁུར་ཚ་དང་ཁུར་ཙ། ཁུར་པོ། ཁྲེས་པོ། རྡོག་ཁྲེས་ཟེར་བ་འདྲའོ། །

ཁེགས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བཀག་ཟིན་པའི་དོན། ལམ་བཀག་ནས་ཁེགས་པ། རིགས་པས་བཀག་ནས་ཁེགས་པ། འགགས་པ་དང་ཁེགས་པ་འདྲ་མཚུངས་ལྟ་བུ་ཡིན།

ཁེངས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བང་མཛོད་ཁེངས་ལྟ་བུ་གཏམས་པའམ་གང་བའི་དོན་དང༌། སེམས་ཁེངས་ལྟ་བུ་ང་རྒྱལ་ལམ་སེམས་རློམ་པའི་དོན། འཁྱགས་ནས་ཁེངས་པ་ནི་ཁྱགས་པར་སོང་བའི་དོན། མར་ཁེངས་པའང་དེ་བཞིན་ཡིན། ད་ལྟ་བར་ཁེང་བྲིས་འདུག་ཀྱང༌། ཁེང་དང་ཁེངས་དུས་མི་ཕྱེ་བས་ཁེངས་བྲིས་པ་ལེགས་སོ། །

ཁེབས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གཡོགས་པའི་དོན། ཀོ་བས་ས་མི་ཁེབས། རང་ཁ་ལག་པས་ཁེབས་ལྟ་བུ་འགེབས་པའི་དོན་ཡིན། ཡང་སྤང་ཁེབ། རྟ་ཁེབ། ལྟ་བུ་མིང་དང༌། གསོལ་ཇ་ཁེབས་ལྟ་བུ་ཁྱབ་ཚར་བའི་དོན་དུ་གོ་བའི་བྱེད་མེད་ལས་ཚིག་གོ། ཁེབ་ནི་མིང་འབྲི་ཚུལ་ཡིན་སྙམ།

ཁེར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འགྲེང་བའི་དོན། ཁེར་ལངས་ནས་ལྟ་བུ་དང༌། མི་ཁེར། ཤིང་ཁེར། བྱ་ཁེར་ལྟ་བུ་ཁེར་རྐྱང་གནས་པའི་དོན། ཀེར་བ། ཀེར་ལངས་ཞེས་པ་དང་དོན་འདྲའོ།།

ཁེལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཕངས་ནས་ཕོག་པའི་དོན། མདའ་འབེན་ལ་ཁེལ། དོན་ལ་ཁེལ། གཏན་ཁེལ། བློས་ཁེལ་ལྟ་བུ་དང༌། ད་ལྟ་བར་འཁེལ་བྲིས་ཀྱང་འཐུས།

ཁོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བསྐོལ་ནས་ཁོལ་བའི་དོན། ཇ་ཁོལ། ཆུ་ཁོལ་ལྟ་བུ་དང༌། ཁོལ་བུ་ཆ་ཤས་དང༌། ཁོལ་པོ་དང༌། ཁོལ་མོ་ནི་གཡོག་ཕོ་མོ་ལ་ཟེར། ད་ལྟ་བར་འཁོལ་བྲིས་ཀྱང་འཐུས།

) ཁྱེར། ༢) འཁྱེར། ༣) འཁྱེར།

          བྱེད་མེད། བཟུང་ནས་འཁུར་བའི་དོན། ཤོག་བུ་རླུང་གིས་ཁྱེར། འཁྱེར་བཞིན་པ། ཡང་གྲོང་ཁྱེར། བསམ་པའི་འཁྱེར་སོ་ལྟ་བུ་དང༌། འཁུར་བ་བྱེད་འབྲེལ་ལས་ཚིག་དང༌། འཁྱེར་བ་བྱེད་མེད་ལས་ཚིག་ལས་དོན་འདྲའོ།།

ཁོམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དལ་པོ་ཡོད་པའི་དོན། སྡོད་མི་ཁོམ། འགྲོ་མི་ཁོམ། མི་ཁོམ་པ་བརྒྱད་ལྟ་བུ་དང༌། ཁོམ་པ། ལྕོགས་པ། དལ་བ། ལོང་ཡོད་པ་རྣམས་འདྲའོ། །

མཁོ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དགོས་པའི་དོན། དགོས་མཁོ། མཁོ་ཆས། མཁོ་འཁྲི་ལྟ་བུའོ། །

) འཁངས། ༢) འཁང༌། ༣) འཁང༌།

          བྱེད་མེད། སེམས་མ་མགུ་བའི་དོན། དགྲ་ལ་འཁངས་ཀྱང་གཉེན་ལ་བྱམས་ལྟ་བུ་དང༌། མ་དགའ་བ། སྡང་བ། ཁྲོ་བ་བཅས་འདྲའོ།།

མཁས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བྱང་ཆུབ་པའི་དོན། རིག་གནས་ལ་མཁས། ཚིག་དོན་ལ་མཁས་ལྟ་བུ་དང༌། མཁས་པ། བློ་ལྡན། བློ་གྲོས་ཅན་འདྲའོ།།

འཁམས། (གཟུགས་མི་འགྱུར་བ།)

          བྱེད་མེད། དྲན་མེད་དུ་བརྒྱལ་བའི་དོན། འཇིགས་ནས་འཁམས་ལྟ་བུ་ཤེས་པ་རང་བཞིན་དུ་མི་གནས་པའི་དོན་ནོ།།

) འཁུས། ༢) འཁུ། ༣) འཁུ།

          བྱེད་མེད། འགལ་སེམས་སྐྱེ་བའི་དོན། ལོག་པར་འཁུ་བའི་དགྲ་ལྟ་བུའོ།།

) ཁུམ། ༢) འཁུམ། ༣) འཁུམ།

          བྱེད་མེད། བོངས་ཚོད་ཆུང་དུ་སོང་བའི་དོན། ལག་པ་འཁུམ། སེམས་ཁུམ་ནས་ལྟ་བུ་དང༌། འཁུམས་སོ་ལྟ་བུ་རྟོགས་པའི་དོན་ནོ།།

འཁུན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དབུགས་འཁུན་པའི་དོན། ན་ཟུག་གི་འཁུན་སྒྲ། ཁུར་བུ་ལྕི་བས་དབུགས་འཁུན་པ་ལྟ་བུའོ།།

འཁོད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རང་གནས་སུ་བསྡད་པའི་དོན། ཡིག་ཐོག་འཁོད། བདེ་ལ་འཁོད། བཞུགས་གྲལ་དུ་འཁོད། བཀོད་ནས་འཁོད་པ་ལྟ་བུའོ།།

འཁོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྙིང་ནད་བྱེད་པའི་དོན། འཁོན་འཛིན། འཁོན་འགྲས། འཁོན་ཞུགས་ལྟ་བུ་དང༌། ཁོན་དང་འཁོན་འདྲའོ།།

) འཁོབས། ༢) འཁོབ། ༣) འཁོབ།

          བྱེད་མེད། གྲང་ནས་རེངས་པར་གྱུར་པའི་དོན། ལག་པ་འཁོབ་ལྟ་བུ་དང༌། ཡུལ་མཐའ་འཁོབ། འཁོབ་བལ་དང༌། ཞེང་ཚད་ལ་འཇུག་པ། ས་འཁོབས་ཡངས་པ། ཁོབས་ཆེ་བ་ལྟ་བུའོ།།

འཁོར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བསྐོར་ནས་འཁོར་བའི་དོན། འཁོར་ལོ་འཁོར། ཕྱིར་འཁོར། མགོ་འཁོར། འཁོར་འདས་ལྟ་བུའོ།།

ཁྱབ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གང་བའི་དོན། འོད་ཀྱིས་ཁྱབ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ། ནམ་མཁའི་མཐར་ཁྱབ་ལྟ་བུའོ།།

མཁྱུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྦས་པའི་དོན། ཆོས་ལ་དཔེ་མཁྱུད་མ་བྱེད། མཁྱུད་སྤྱད། མཁྱུད་པ། གསང་བ། སེར་སྣས་སྦེད་པ་བཅས་འདྲའོ།།

མཁྱེན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རྟོགས་པའི་དོན། ཐམས་ཅད་མཁྱེན། རྩོལ་གནང་མཁྱེན་ལྟ་བུ་དང༌། འདི་འགས་བྱེད་འབྲེལ་ལས་ཚིག་ཡིན་གསུངས་སོ།།

) འཁྱགས། ༢) འཁྱག ༣) འཁྱག

          བྱེད་མེད། གྲང་ནས་ཁེངས་པའི་དོན། དགུན་དུས་ཆུ་འཁྱགས་སོ། འཁྱག་འདར། འཁྱག་རོམ། འཁྱགས་ཤི་ལྟ་བུའོ།།

) འཁྱམས། ༢) འཁྱམ། ༣) འཁྱམ།

          བྱེད་མེད། ངེས་བརྟན་མེད་པར་སོང་བའི་དོན། སྤྲང་འཁྱམ། འཁྱམ་ཉུལ། འཁྱམ་འཁྱམ་ལྟ་བུ་དང༌། བརྡ་རྙིང་ཕྱན་པ་དང་འདྲ། ཁྱམས་རྭ་ལྟ་བུ་ཁྱམས་ཀྱིས་བསྐོར་བའི་རྭ་བ་ལ་ཟེར།

འཁྱལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འབྲེལ་མེད་སྨྲ་བའི་དོན། ངག་འཁྱལ། འཁྱལ་གཏམ་ལྟ་བུ་དང༌། འཆལ་བ། འཁྱལ་བ། ཡན་པོར་སྨྲ་བ། ངག་ཀྱལ་བཅས་འདྲ།

) འཁྱིགས། ༢) འཁྱིག ༣) འཁྱིག

          བྱེད་མེད། འཆིང་བའི་དོན། བཀྱིགས་ནས་འཁྱིག་པ་འོང༌། ར་ལུག་གསོད་དུས་རྐང་ལག་བསྡམས་པ་ལ་འཁྱིག་པ་ཟེར། ཡང་སོ་འཁྱིག་པའང་ཡོད། འགའ་ཞིག་བྱེད་འབྲེལ་ལས་ཚིག་གསུངས།

འཁྱིར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གྱེན་དུ་དཔྱངས་ཏེ་གཡོ་བའི་དོན། གདུགས་འཁྱིར། རལ་གྲི་འཁྱིར་བའང་ཡོད་པས་འདི་འཁོར་བའི་རྣམ་པ་ཞིག་ཡིན། 

འཁྱིལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མཚོ་འཁྱིལ་ལྟ་བུ་གང་བའི་དོན་དང༌། དུང་དཀར་གཡས་འཁྱིལ་ལྟ་བུ་འཁྱོག་པའི་དོན། སྦྲུལ་འཁྱིལ་ལྟ་བུ་བསྐོར་ནས་ཡོད་པའི་དོན་ཡིན།

འཁྱུར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཕོ་བའི་དོན། ལས་འགན་འཁྱུར་ཟིན། ལས་ཀ་ལྟ་བུ་སྐྱུར་ནས་འཁྱུར་བ་ཆགས་པ་ཡིན།

) འཁྱུགས། ༢) འཁྱུག ༣) འཁྱུག

          བྱེད་མེད། གཡོ་འགུལ་མྱུར་བའི་དོན། གློག་འཁྱུག ཉ་མོ་འཁྱུགས་ཏེ། འཁྱུག་ཡིག འཁྱུག་ཙམ་ལྟ་བུ་མྱུར་པའམ་སྐྱེན་པོའི་དོན་ནོ།།

འཁྱུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རེག་པའི་དོན། ཡབ་ཡུམ་ལ་འཁྱུད། ཕན་ཚུན་འཁྱུད། འཁྱུད་པ། འཐམས་པ། འཁྲིལ་པ་བཅས་འདྲའོ།། བྱེད་འབྲེལ་ལས་ཚིག་ཡིན་གསུངས་པའང་འདུག 

) འཁྱོགས། ༢) འཁྱོག ༣) འཁྱོག

          བྱེད་མེད། དྲང་པོར་མི་གནས་པའི་དོན། ཕར་འཁྱོག ཚུར་འཁྱོག དཀྱོགས་ནས་འཁྱོག་པ་འོང༌། འཁྱོག་འགྲོས་ལྟ་བུའོ།།

འཁྱོངས། (གཟུགས་མི་འགྱུར་བ།)

          བྱེད་མེད་ལས་ཚིག མུ་མཐུད་པའི་དོན། ལས་ཀ་མཐར་འཁྱོངས། མཇུག་འཁྱོངས་ལྟ་བུ་སྐྱོང་བ་མཐའི་ཚད་ལ་སླེབས་པའི་དོན། འདི་བྱེད་འབྲེལ་ལས་ཚིག་གསུངས་པའང་འདུག

) འཁྱོམས། ༢) འཁྱོམ། ༣) འཁྱོམ།

          བྱེད་མེད། སྟེང་འོག་འདྲེས་འཇུག་པའི་དོན། རྒྱ་མཚོ་འཁྱོམས་ན་རྦ་རླབས་འཕྱུར། བསྐྱོམས་ནས་འཁྱོམ་པ་འོང༌། ཇ་འཁྱོམས་ནས་ཕུལ་ལྟ་བུའོ།། ཕྱུར་བའམ་འཕྱུར་བ་ནི་ཡར་ལུད་པའི་དོན་ནོ། །

འཁྱོར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡ་ཡོར་འགྱུར་བའི་དོན། རྟ་རྒས་ན་གོམ་པ་འཁྱོར། མི་རྒས་ན་རིག་པ་འཁྱོར་ལྟ་བུ་བརྟན་པོར་ཚུགས་མི་ཐུབ་པའི་དོན་དང༌། ལག་པའི་ཁྱོར་བ་གང་ལྟ་བུ་ཡོད་དོ། །

འཁྱོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྐྱེལ་བ་མཐར་སོན་པའི་དོན། ལས་དོན་འཁྱོལ། ཉི་མ་འཁྱོལ། མི་ཚེ་འཁྱོལ། བསྐྱལ་ནས་འཁྱོལ་བ་འོང༌།

) ཁྲིད། ༢) འཁྲིད། ༣ )འཁྲིད། ༤) ཁྲིད།

          བྱེད་འབྲེལ། ལམ་སྟོན་པའི་དོན། ལམ་དུ་འཁྲིད་བཞིན། དཔེ་ཆ་ཁྲིད་དེ། ལམ་དུ་ཁྲིད་པ་དང་བཀྲི་བ་འདྲ་ཡང༌། དཔེ་ཁྲིད་ལ་བཀྲི་བ་མེད།

ཁྲེལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམས་པའི་དོན། ངོ་ཚ་ཁྲེལ་མེད་མ་བྱེད་ལྟ་བུའོ།།

) འཁྲབས། ༢) འཁྲབ། ༣) འཁྲབ།  ) འཁྲོབས།

          བྱེད་འབྲེལ། གར་སོགས་འཁྲབ་པའི་དོན། བྲོ་འཁྲབ། གར་འཁྲབ་པ། འཁྲབ་མ་ནི་སྣོད་ཡིན། དཀྲབ་ཀྱི་ད་ལྟ་བའང་ཡིན། སྐྲབ་ནི་བརྡ་རྙིང་ཡིན་གསུངས།

) འཁྲས། ༢) འཁྲ། ༣) འཁྲ།

          བྱེད་མེད། ཨུ་ཚུགས་ཀྱིས་གནས་པའི་དོན། བརྡ་རྙིང༌། བྱ་ནགས་སུ་འཁྲ་ལྟ་བུ་ཆགས་ནས་བསྡད་པའི་དོན་ནོ།།

འཁྲིགས། (གཟུགས་མི་འགྱུར་བ།)

          བྱེད་མེད། སྤྲིན་སོགས་འཐིབས་པའི་དོན། སྨུག་པ་འཁྲིགས། སྤྲིན་འཁྲིགས་ལྟ་བུ་དང༌། འཁྲིག་པ་ནི་ཆགས་སྤྱོད་དང༌། འཁྲིག་འཁྲིག་ནི་བརྟན་བརྟན་ཡིན། ཁྲིགས་ཆགས་ནི་བར་མ་ཆད་པའི་དོན་ནོ། །

འཁྲིམས། (གཟུགས་མི་འགྱུར་བ།)

          བྱེད་མེད། ཞེད་པ་དང་སྐྲག་པའི་དོན། རྟ་རྒོད་ལྕག་གིས་འཁྲིམས། མི་ངན་ཁྲིམས་ཀྱིས་འཁྲིམས་ལྟ་བུའོ། །

འཁྲིལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དཀྲིས་ཏེ་ཡོད་པའི་དོན། སྦྲུལ་འཁྲིལ་ནས་ཉལ། སྐུད་པ་ཤིང་ལ་འཁྲིལ་ལྟ་བུའོ།།

) འཁྲིས། ༢) འཁྲི། ༣) འཁྲི།

          བྱེད་མེད། རང་ཐོག་ཏུ་བབ་པའི་དོན། རང་འཁྲི་ཁུར་ལེན་ལྟ་བུ་དང༌། འཁྲི་བ་ཞེས་པ་ཞེན་ཆགས་ཀྱི་དོན་དུ་གོ་བའང་ཡོད་དོ།། སྒེར་དོན་གྱི་འཁྲི་བ་བཅད་དེ། ཡང་འཁྲི་ཤིང་ལྟ་བུའང་ཡོད།

) འཁྲུས། ༢) འཁྲུ། ༣) འཁྲུ།

          བྱེད་མེད། གྲོད་པ་ལྟ་བུ་བཤལ་བའི་དོན། སྔོ་ཚོད་བཟས་ནས་འཁྲུ། ཁོག་པ་འཁྲུས་ནས་ལྟ་བུ་དང༌། ཁྲུ་ནི་ཚད་དང༌། ཁྲུ་སློག ཁྲུ་ཐིལ་ལྟ་བུ་ཡོད་དོ།།

) འཁྲུགས། ༢) འཁྲུག ༣) འཁྲུག

          བྱེད་མེད། འཐབ་པ་དང་རིམ་པ་འཚོལ་བ་བཅས་ཀྱི་དོན། ལུང་པ་འཁྲུག གོ་རིམ་འཁྲུགས་ནས། དམག་འཁྲུག་ལྟ་བུའོ།།

) འཁྲུངས། ༢) འཁྲུང༌། ༣) འཁྲུང༌།

          བྱེད་མེད། སྐྱེ་བའི་ཞེ་ས། སྐུ་འཁྲུངས་ནས། འཁྲུང་ཡོང༌། འཁྲུང་ཡུལ། འཁྲུངས་རབས་ལྟ་བུའོ།།

འཁྲུལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ནོར་འཁྲུལ་སོང་བའི་དོན། སྣང་བ་འཁྲུལ། དོན་ལ་འཁྲུལ། འཁྲུལ་ཤེས་ལྟ་བུ་དང༌། ནོར་བ། འཛོལ་བ་བཅས་འདྲ།

འཁྲེན། (གཟུགས་མི་འགྱུར་བའི་བྱ་ཚིག)

 བྱེད་མེད། ཤ་ཚ་བའི་དོན། མི་རིགས་ལ་འཁྲེན། བུ་ཕྲུག་ལ་འཁྲེན། ཡིད་འཁྲེན་པའི་བསླབ་བྱ་ལྟ་བུའོ།། འཁྲན་པ་དང་འཁྲེན་པ་འདྲ།

འཁྲེབ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མིག་པགས་ལྟ་བུ་རྡེབ་པའི་དོན། མིག་འཁྲེབ་ནས་ལྟ་ལྟ་བུ་དང༌། འཁྲེབ་ཏོ་ལྟ་བུ་སེམས་རྒྱུད་རེངས་པའི་དོན་ནོ། །ཁོང་ནི་ཧ་ཅང་གི་མི་འཁྲེབ་ཏོ་ཞིག་འདུག་ལྟ་བུ། བྱེད་འབྲེལ་ལས་ཚིག་ཡིན་ཟེར་བའང་འདུག

འཁྲོལ། གཟུགས་མི་འགྱུར་བའི་བྱ་ཚིག

          བྱེད་མེད། བཅིངས་པ་གྲོལ་བའི་དོན། མདུད་པ་འཁྲོལ། དགོངས་པ་འཁྲོལ་ལྟ་བུའོ།།

) ཁྲོས། ༢) ཁྲོ། ༣) ཁྲོ།

          བྱེད་མེད། འཚིག་པ་ཟ་བའི་དོན། ཁྲོ་བཞིན་པ། ཐུགས་ཁྲོས་ནས་བཀའ་བཀྱོན་གནང་ལྟ་བུ་དང༌། ཁྲོ་ཟངས། ཁྲོ་ཆུ། ཁྲོ་ཕུ། ཁྲོ་བོ་ལྟ་བུ་ཡོད་དོ། །

 

ག་ཡི་སྡེ་ཚན།

 

གང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྣོད་ལྟ་བུ་ཁེངས་པའི་དོན། ཕོར་བ་གང༌། སྲང་གང༌། འདོམ་གང༌། ལྟ་བུ་དང༌། གང་ཞིག་དང༌། གང་ཅི་ལྟ་བུ་ཡོད་དོ།།

གབ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡིབ་པའི་དོན། འཕྱི་བ་ཚང་དུ་གབ། གབ་ཚིག་ལྟ་བུ་དང༌། བག་རྩེ་གའུ་ལྟ་བུ་སྣོད། གབ་རེས་འུར་རེས་ལྟ་བུ་ཡོད་དོ།།

གུག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཐུར་དུ་དུད་པའི་དོན། གཟུགས་པོ་གུག གུག་གུག་ཆགས། གུག་འགྲོ་ལྟ་བུའོ།།

གུས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གུས་འདུད་བྱེད་པའི་དོན། སྒོགསུམ་གུས། གུས་ཞབས་ལྟ་བུའོ།།

གོད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཉམས་པའམ་ཟད་པའི་དོན། གོད་ཆག་ཆེན་པོ་བྱུང༌། མི་ལ་ན་ཚ། ཕྱུགས་ལ་གོད་ཀ་ལྟ་བུའོ།།

གོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འགྲོ་ས་ནོར་བའི་དོན། ལམ་གྱི་གོལ་ས། གོལ་ས་དང་ནོར་ས་འདྲ། གོལ་མ་ནི་ཟས་ཀྱི་བྱེ་བྲག་ཐུག་པ་ལྟ་བུ་ཡིན་གསལ།

གུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གུད་བཤད་ལྟ་བུ། གཞན་ཞིག་གམ། ལོགས་སུ་བཤད་པའི་དོན། ཉམས་རྒུད་དང༌། ཉམས་གུད་ཉིས་ཀར་རུང་གསལ།

གོ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཚོར་བའི་དོན། རྣ་བས་གོ། དོན་གོ། གོ་དོན་ལྟ་བུའོ།།

གོམས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འདྲིས་པའི་དོན། བཟང་གོམས། ངན་གོམས། གོམས་འདྲིས་བྱང་ཆ་བྱུང་བ་ལ་གོམས་པ་ཟེར།

དགའ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡིད་ལ་བདེ་བ་སྟེར་བའམ་དང་བ་འདྲེན་པའི་དོན་ཏེ། རྟ་ལ་དགའ། ཐོབ་ན་དགའ་བ་ལྟ་བུ་དང༌། ལྟད་མོར་དགའ། ཉལ་བར་དགའ་ལྟ་བུ་དེ་ལ་སེམས་འཕྲོ་བའི་དོན་ཡིན་ནོ། །

དགོངས། (གཟུགས་མི་འགྱུར་བ།)

          བྱེད་མེད། སེམས་པའི་ཞེ་ས་ཡིན། ཐུགས་ལ་དགོངས། དགོངས་པར་ཞུ་ལྟ་བུའོ།།

) བགད། ༢) བགད། ༣) དགོད། ༤) དགོད།

          བྱེད་འབྲེལ། གད་མོ་དགོད་པའི་དོན། དགའ་ནས་གད་མོ་དགོད། བགད་དེ་འགྲོ་དགོད་བྲོ་ལྟ་བུའོ།།

དགོས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མཁོ་བའི་དོན། ང་ལ་དགོས། བྱེད་དགོས་ལྟ་བུའོ།།

) བགགས། ༢) བགག ༣) བགག ༤) བགགས།

          གཤམ་གསལ་བསྒགས་སོགས་དང་འདྲའོ།།

བགོར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། བགོར་དུ་འཇུག་པའི་དོན། ལམ་དུ་བགོར་མི་ཉན། ཉིན་གཅིག་ལས་མ་བགོར་བར་ཕེབས་ལྟ་བུའོ།།

) བགམས། ༢) བགམ། ༣) བགམ། ༤ )བགོམས།

          བྱེད་འབྲེལ། ཉམས་ཚོད་ལེན་པའི་དོན། ཚོད་བགམ་མཁན། བགམ་བྱ་བགམས་ནས་ཚོད་དཔག་བྱེད་པའི་དོན་ནོ། སྐུལ་ཚིག་ལ་བགོམ་བྲིས་པའང་འདུག

) བགོས། ༢) བགོ། ༣) བགོད། ༤) བགོས།

          བྱེད་འབྲེལ། སྐལ་བ་ལྟ་བུ་བགོ་བཤའ་བྱེད་པའི་དོན། བགོད་བཞིན། བགོ་རྒྱུ། བགོས་ཏེ་ལྟ་བུ་དང༌། གོས་ལྟ་བུར་གྱོན་འཇུག་པའི་འདས་ཚིག་ལ་གོས་བགོས་ཏེ་ལྟ་བུ་ཡིན།

མགར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ལྕགས་རིགས་བརྡུངས་ཏེ་ཡོ་བྱད་བཟོ་བའི་དོན། ལྕགས་མགར། གསེར་མགར། མགར་བ་ནི་མིའོ།།

མགུ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡིད་ཚིམ་པའི་དོན། ཁོང་གི་ལས་ལ་མགུ། དགའ་མགུ་ཡིད་རང་ལྟ་བུའོ།།

) འགགས། ༢) འགག ༣) འགག

          བྱེད་མེད། སྐྱེས་ནས་ཞིག་པའི་དོན། སྐད་འགག་བཞིན། ཆུ་འགགས་ནས་སྐྱེ་འགག་གནས་གསུམ་ལྟ་བུའོ།།

འགལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ལྡོག་ཕྱོགས་བྱེད་པའི་དོན། ཁྲིམས་དང་འགལ། སྔ་ཕྱི་འགལ་ལྟ་བུའོ།།

འགུལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རང་ཤུགས་ཀྱི་འགུལ་བའི་དོན། ས་འགུལ། མིག་འགུལ། མ་བསྒུལ་རང་འགུལ་ལྟ་བུའོ།།

འགེམས། (གཟུགས་མི་འགྱུར་བ།)

          བྱེད་འབྲེལ། བཅོམ་པའི་དོན། གླང་ཆེན་སྤྱི་བོ་མྱུར་དུ་འགེམས། མགོ་བོ་འགེམས་པར་གྱུར་ལྟ་བུ་དང༌། ཡང་འགེམ་དང་འགེམས་དུས་ཕྱེ་ཡང་འཐུས།

) འགམས། ༢) འགམ། ༣) འགམ། ༤) འགོམས།

          བྱེད་འབྲེལ། རྩམ་པ་སོགས་ཁའི་ནང་བླུག་པའི་དོན། རྩམ་པ་འགམ་རྒྱུ་དང་གླིང་བུ་གཏང་རྒྱུ་མཉམ་དུ་མི་ཡོང་ལྟ་བུའོ།

) འགོས། ༢) འགོ། ༣) འགོ།

          བྱེད་མེད། ཤན་ཤུགས་པའི་དོན། ནད་འགོ་འོང༌། སྤྱོད་ངན་འགོས་ལྟ་བུ་དང་ཡང་འགོས་ལོ་ཙ་བ། འགོས་ཁྲི་བཟང་ལྟ་བུ་རུས་ཤིག་ལ་འཇུག

) འགོངས། ༢) འགོང༌། ༣) འགོང༌།

          བྱེད་མེད། ཚད་ལས་བརྒལ་བའི་དོན། རི་དྭགས་རྒྱ་ལས་འགོངས་ནས་བྲོས། རྒྱལ་འགོང་ཐེའུ་རང་དང༌། བདག་འཛིན་འགོང་པོ། བཀའ་ལ་འགོང་མི་རུང༌། སེམས་མི་འགོང་ནི་མི་སྐྲག་པའི་དོན། བརྡ་རྙིང་ཞུམ་པའི་དོན་གསལ།

འགོར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དུས་ཡུན་ཐོགས་པའི་དོན། ཡོང་རྒྱུ་འགོར་ལྟ་བུའོ།།

) འགོམས། ༢) འགོམ། ༣) འགོམ། ༤) འགོམས།

          བྱེད་འབྲེལ། སྟེང་ནས་འགྲོ་བའི་དོན། དཔེ་ཆ་མ་འགོམས། འགོམ་ཡོང༌། འགོམ་གྱིན་འདུག་ལྟ་བུ་རྐང་པས་མནན་པ་མིན་པར་རྐང་འོག་ཏུ་སོང་བ་ལ་འགོམ་པ་ཟེར། བགོམ་པ་དང་བགོམས་པའང་ཡོད་གསུངས།

གྱར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གྱུར་པའི་དོན། ཅི་བྱ་མེད་པའི་གནས་སུ་གྱར། དཀའ་ངལ་གྱི་གནས་སུ་གྱར་ལྟ་བུའོ།

) གྱུར། ༢) འགྱུར། ༣) འགྱུར།

          བྱེད་མེད། རྣམ་པ་འགྱུར་བའི་དོན། ལུས་བདེ་བར་གྱུར། མདོག་སེར་པོར་གྱུར། དེ་ལྟར་གྱུར་ཅིག་ལྟ་བུའོ།།

གྱེར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གདང་འཐེན་པའི་དོན།  སྙན་ངག་དབྱངས་སུ་གྱེར་ལྟ་བུའོ།།

གྱེས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གཞི་གཅིག་ནས་སོ་སོར་བྲལ་བའི་དོན། སྡོང་པོ་ནས་ཡལ་ག་གྱེས། ཕ་སྤུན་ཁ་གྱེས་ལྟ་བུ་དང༌། ད་ལྟ་བར་འགྱེས་བྲིས་པའང་འདུག

གྱོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གོས་སོགས་གོན་པའི་དོན། ཕྱུ་བ་གྱོན། རྒྱན་ཆ་གྱོན། གྱོན་པ། གོན་པ། ཀླུབ་པ་བཅས་འདྲ། གོན་པའང་བྱེད་འབྲེལ་ལས་ཚིག་ཡིན།

གྱོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དུད་འགྲོའི་རྐང་པ་ནད་སྐྱོན་བྱུང་བའི་དོན། རྟ་གྱོལ་ན་འགྲོ་དཀའ། རྐང་པ་འཐེངས་པའི་ནད་ཅིག་ཡིན།

དགྱེ། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། ཡར་དྲངས་པའི་དོན། ལྟག་པ་དགྱེ་ནས་བཞུགས། དགྱེ་དགྱེ་བྱས་ནས་ནགས་སྤང་ལ་ལྟོས་ལྟ་བུའོ།།

དགྱེས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དགའ་བའི་ཞེ་ས། ཐུགས་དགྱེས། དགྱེས་ཚོར་ཆེན་པོ་ལྟ་བུའོ།།

) བགྱངས། ༢) བགྱང༌། ༣) བགྱང༌། ༤) བགྱོངས།

          བྱེད་འབྲེལ། དུས་ཚོད་ཕྱིར་སྣུར་བའི་དོན། ལས་ཀའི་དུས་ཚོད་བགྱངས་མི་ཉན། བསྒྱངས་པ་སོགས་དང་དོན་འདྲའོ།།

) བགྱིས། ༢) བགྱི། ༣) བགྱིད། ༤) གྱིས།

          བྱེད་འབྲེལ། བྱ་བ་ཞིག་བྱེད་པའི་དོན། བགྱིད་བྱེད། བགྱི་བྱ། བགྱིས་ནས། གྱིས་ཤིག་ལྟ་བུའོ།།

) འགྱངས། ༢) འགྱང༌། ༣ )འགྱང༌།

          བྱེད་མེད། དུས་ཚོད་བགྱངས་ནས་འགྱངས་པ་བྱུང་བ་ཡིན། ཚོགས་འདུ་འགྱངས། ཆུ་ཚོད་གསུམ་པ་མ་འགྱངས་པར་ཕེབས་ལྟ་བུའོ།།

) འགྱིང༌། ༢) འགྱིངས། ༣) འགྱིངས།

          བྱེད་མེད། ཆེ་ཉམས་བྱེད་པའི་དོན། སེང་གེ་གནམ་འགྱིངས། བགྱིང་པ་འགྱིངས་པ་དོན་འདྲ།

) འགྱུས། ༢) འགྱུ། ༣) འགྱུ།

          བྱེད་མེད། གྱ་གྱུར་གཡོ་བའི་དོན། གློག་འགྱུ། རྟོག་པ་འགྱུ། གྱ་གྱུ་ནི་དྲང་པོ་མིན་པའི་དོན། འཁྱོག་པ་དང་འགྱུ་བ་འདྲ།

འགྱེལ་བ། (གཟུགས་མི་འགྱུར་བ།)

          བྱེད་མེད།  འགྲེང་པ་ཕྲེད་དུ་ཉལ་བའི་དོན།  སྡོང་པོ་འགྱེལ། སར་འགྱེལ་ལྟ་བུའོ།།

འགྱོད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བྱས་ཟིན་པ་ལ་ཡིད་ཕམ་པའི་དོན། འགྱོད་སེམས་འགྱོད་བཤགས་ལྟ་བུའོ།།

) གླན། ༢) གླན། ༣) གློན། ༤ )གློན།

          བྱེད་འབྲེལ། ལན་གླན་པའམ་ལྷན་པ་ལྟ་བུ་རྒྱག་པའི་དོན། ལྷནཔ་གླན། འཁོན་ལན་གླན། གློན་ཞིག་ལྟ་བུ་དང་གླན་པ། བསླན་པ། ལྷན་པ་ལྷན་པ་བཅས་འདྲ།

) གླས། ༢) གླ། ༣) གླས། ༤) གློས།

          བྱེད་འབྲེལ། གླ་སྤྲད་ནས་ལེན་པའི་དོན། ཁང་པ་གླ། གླ་པ་གླས་ནས་ལྟ་བུའོ།།

) གླེངས། ༢) གླེང༌། ༣) གླེང༌།  ) གླེངས།

          བྱེད་འབྲེལ། བཤད་པའི་དོན། གླེང་གཞི། བགྲོ་གླེང༌། ལབ་གླེང༌། གླེང་བརྗོད་ལྟ་བུའོ།།

གློད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། བཅིངས་པ་འཀྲོལ་བའི་དོན། བཙོན་པ་གློད། ཕྱིར་གློད་ལྟ་བུའོ།། གློད་དང་ཀློད་འདྲ།

གྲག (གཟུགས་མི་འགྱུར་བའི་བྱ་ཚིག)      བྱེད་མེད། ཟེར་བའམ་བརྗོད་པའི་དོན། ལོ་གྲག་ཟེར་གསུམ། མཁས་ཞེས་གྲག་ཚོགས་འདུར་ཁ་གྲག་དགོས་ལྟ་བུའོ།།

གྲགས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཁྱབ་པའི་དོན། སྐད་གྲགས། འཛམ་གླིང་དུ་གྲགས། སྙན་གྲགས་ལྟ་བུའོ།།

གྲམ། (གཟུགས་མི་འགྱུར་བའི་བྱ་ཚིག)

 བྱེད་མེད། འཐོར་བའི་དོན། ཆུ་གྲམ། ཚོགས་གྲམ། ནད་གཞི་གྲམ་ལྟ་བུའོ།།

གྲིམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བསྒྲིམས་ནས་དམ་པོར་སོང་བའི་དོན། སྐུད་པ་གྲིམ། གྲིམ་དྲགས་ན་ཆད་ལྟ་བུ་དང༌། མི་གྲུམ་པོ་ནི་རིག་པ་རྣོན་པོ་ལ་ཟེར། སྐུད་པ་ལྟ་བུ་སྒྲིལ་བ་སྒྲིམ་པ་འདྲའོ།།

) གྲིལ། ༢) འགྲིལ། ༣) འགྲིལ།

          བྱེད་མེད། བསྒྲིལ་ནས་རིལ་པོར་སོང་བའི་དོན། གཡང་གཟར་ནས་གྲིལ། འགྲིལ་ཡོང་ལྟ་བུ་དང༌། གྲིལ་བ་རིལ་བ་འདྲ།

) གྲུགས། ༢) གྲུག ༣) གྲུག

          བྱེད་མེད། ཞིབ་པོར་འཐོར་བའི་དོན། སྟོན་ཀ་ཤིང་ལོ་གྲུག སྒོང་པགས་གྲུག་ཆག་པ་ནི་དུམ་བུར་སོང་བའི་དོན་དང༌། གྲུགས་པ་ནི་ཞིབ་པོར་སོང་བའི་དོན་ནོ། །

) གྲུབ། ༢) འགྲུབ། ༣) འགྲུབ།

          བྱེད་མེད། བྱུང་བའི་དོན། ཤ་ཁྲག་ལས་གྲུབ། རིགས་པས་གྲུབ། བསམ་པ་ཡོངས་སུ་གྲུབ། བསྒྲུབས་ན་མི་འགྲུབ་གང་ཡང་མེད་ལྟ་བུའོ། །

) གྲུམས། ༢) གྲུམ། ༣) གྲུམ།

          བྱེད་མེད། ཆག་གྲུམ་སོང་བའི་དོན། རྦབ་ཕོག་ནས་རུས་པ་གྲུམ་ལྟ་བུ་དང་ཡང་གདན་གྲུམ་ཟེ་ལྟ་བུ་ཡོད་དོ།།

གྲོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཆིང་བ་ལས་གྲོལ་བའི་དོན། འཁོར་བ་ལས་གྲོལ། ལས་ཁུངས་གྲོལ་ལྟ་བུའོ།།

) བགྲངས། ༢) བགྲང༌། ༣) བགྲང༌། ༤) བགྲོངས།

          བྱེད་འབྲེལ། གྲངས་ཀ་རྒྱག་པའི་དོན། བགྲང་མཁན། བགྲང་བྱ། བགྲངས་ནས། བགྲོངས་ཤིག་ལྟ་བུའོ།། བསྒྲང་སོགས་དང་འདྲ།

བགྲད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། མིག་སོགས་ཁ་ཆེན་པོར་ཕྱེ་བའི་དོན། མིག་བགྲད་དེ་ལྟ། རྐང་པ་བགྲད་ལྟ་བུ་དང༌། བསྒྲད་པ་ནི་བགྲད་པ་དང་འདྲ།

) བགྲུས། ༢) བགྲུ། ༣) གྲུས།

          བྱེད་འབྲེལ། འབྲས་སོགས་ཤུན་པ་སེལ་བའི་དོན། འབྲུ་བགྲུས་ནས། བགྲུ་བྱ་བགྲུས་ནས། འབྲས་གྲུས་ཤིག་ལྟ་བུ་དང༌། བ་གྲུས་མའམ་དྲུས་མ་ནི་བཞོ་རྒྱུ་ཡོད་པའི་བ་ལ་ཟེར་རོ། སྐུལ་ཚིག་ལ་བགྲུས་བྲིས་པའང་འདུག

བགྲེས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ན་ཚོད་ཆེར་སོང་བའི་དོན། སྐུ་བགྲེས། དགུང་ལོ་བགྲེས་ལྟ་བུ་རྒས་པའི་ཞེ་ས་ཡིན་ནོ།།

) བགྲོས། ༢) བགྲོ། ༣) བགྲོ། ༤) བགྲོས།

          བྱེད་འབྲེལ། གཏམ་གླེང་བའི་དོན། གྲོས་བགྲོས་ནས་ཐག་བཅད། བགྲོ་བ། གླེང་བ། བཤད་པ་བཅས་འདྲ། འདི་བརྡ་རྙིང་ཟེར།

) བགྲུངས། ༢) བགྲུང༌། ༣) བགྲུང༌། ༤) བགྲུངས།

 བྱེད་འབྲེལ། ཆུ་ལྟ་བུ་དྭངས་སྙིགས་ཕྱེ་བའི་དོན། སྙེག་མ་བགྲུངས་ཤིག་ལྟ་བུ་དང༌། བསྒྲུང་པ་དང་བགྲུང་པ་བསྒྲུངས་པ་དང་བགྲུངས་པ་འདྲའོ།།

བགྲོད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སོང་བའི་དོན། བགྲོད་བྱ་ལམ་དང་བུད་མེད། བགྲོད་ནས་སླེབས། བགྲོད་པ། སླེབས་པ། འབྱོར་བ་བཅས་འདྲ། བསྒྲོད་དང་བགྲོད་འདྲ།

) འགྲངས། ༢) འགྲང༌། ༣) འགྲང༌།

          བྱེད་མེད། ཚོད་ལོན་ཟིན་པའི་དོན། གྲོད་པ་འགྲངས། སེམས་པ་འགྲངས་ལྟ་བུ། འདོད་པ་གང་བའི་དོན་ནོ།།

འགྲན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ནུས་རྩལ་དང་ཡོན་ཏན་བསྡུར་ཏེ་རྒྱལ་ཕམ་འབྱེད་པའི་དོན་ཏེ། ལག་རྩལ་འགྲན། དག་ཆ་འགྲན། འགྲན་སེམས། འགྲན་པ་དང་ཅོ་འདྲི་བ་འདྲའོ།།

འགྲམས། (གཟུགས་མི་འགྱུར་བ།) བྱེད་མེད། ཁྱབ་པའམ་མཆེད་པའི་དོན། རྨ་འགྲམས། རྡེབ་རྐྱེན་གྱིས་འགྲམས། འགྲམ་ནི་ཉེ་འགྲམ་མོ།།

འགྲས། (གཟུགས་མི་འགྱུར་བའི་བྱ་ཚིག)   བྱེད་མེད། འཁོན་འཛིན་སྐྱེ་བའི་དོན། འཁོན་འགྲས། ཞེ་འགྲས། ཞེ་ལྡོག་པ། སེམས་ལོག་པ། འགྲས་པ་བཅས་འདྲའོ།།

) འགྲེས། ༢) འགྲེ། ༣ )འགྲེ།

          བྱེད་མེད། རྟ་དྲེལ་ས་ལ་འགྲེ་ལྟ་བུ་སྟེང་འོག་བརྗེས་པའི་དོན་དང༌། རིགས་འགྲེ་ལྟ་བུ་དཔེས་བཀབ་པའི་དོན་ནོ།། མཚུངས་དཔེ་བྱེད་པ་དང་འདྲ།

འགྲེད། (གཟུགས་མི་འགྱུར་བའི་བྱ་ཚིག)   བྱེད་མེད། གོམ་སྟབས་འཆོར་བའི་དོན། འགྲེད་རྡེབ་ཤོར། རྐང་པ་འགྲེད། གངས་འགྲེད། འདྲེད་པ་དང༌། འགྲེད་པ་འདྲའོ།།

) འགྲིགས། ༢) འགྲིག ༣) འགྲིག

          བྱེད་མེད། བསྒྲིགས་ནས་འགྲིགས་པའི་དོན། གྲོས་འགྲིགས་ལྟ་བུ་འཆམ་པའི་དོན། ཞི་འགྲིགས་ལྟ་བུ་མཐུན་པའི་དོན་ཡིན། འགྲིག་བཞིན་པ། འགྲིགས་ཚར་བ་ཡོད། བསྡད་ན་འགྲིགས་ལྟ་བུ་ཆོག་པའི་དོན་ནོ།།

འགྲིབ། (གཟུགས་མི་འགྱུར་བའི་བྱ་ཚིག)   བྱེད་མེད། འཕེལ་བ་ཕྱིར་བསྡུ་བའི་དོན། ཆུ་ཁ་འགྲིབ། འཕེལ་འགྲིབ་ཇི་ཉུང་དུ་སོང་བ། ནུས་པ་ཆུང་དུ་སོང་བ། མིག་འགྲིབ་པ་ལྟ་བུ་ཡོད།

) འགྲིམས། ༢) འགྲིམ། ༣) འགྲིམ།

          བྱེད་མེད། དེ་བརྒྱུད་དེ་འགྲོ་བའི་དོན། རྒྱལ་ཁམས་འགྲིམ། སློབ་གྲྭར་འགྲིམས། འགྲིམ་འགྲུལ་དཀའ་ངལ་ལྟ་བུ་ཡོད་དོ།།

) འགྲེངས། ༢) འགྲེང༌། ༣) འགྲེང༌།

          བྱེད་མེད། ལང་བསྡད་པའི་དོན། ཡར་འགྲེངས་ཤིག འགྲེང་བུ་ལྟ་བུའོ།། བསྒྲེངས་ནས་འགྲེང་བ་བྱུང་བ་ཡིན།

) ཕྱིན། ༢) འགྲོ། ༣) འགྲོ།

          བྱེད་མེད། རྐང་པ་སྤོས་ཏེ་སོང་བའི་དོན། རྒྱ་ཐང་དུ་འགྲོ་རྒྱུ། སློབ་གྲྭར་འགྲོ། གནས་སྐོར་དུ་ཕྱིན་ལྟ་བུ་དང༌། འདིའི་འདས་ཚིག་འབྲི་ཚུལ་གཞན་སོང་བའང་ཡིན་ཟེར་རོ། །

འགྲུལ། (གཟུགས་མི་འགྱུར་བའི་བྱ་ཚིག)   བྱེད་མེད། ལམ་དུ་བསྐྱོད་པའི་དོན། འཁོར་ལོའི་ནང་སོང་བ་དེ་འགྲོ་བ་ཡིན་ཡང་འགྲུལ་པ་མིན། འགྲུལ་ནས་འགྲོ་ན་གོམ་པ་སྤོས་ནས་འགྲོ་དགོས། དེ་ལ་འགྲུལ་པ་ཟེར།

འགྲོགས། (གཟུགས་མི་འགྱུར་བ།)

          བྱེད་མེད། མཉམ་དུ་སྡེབ་པའི་དོན། གྲོགས་བཟང་པོ་དང་འགྲོགས་དགོས། འགྲོགས་ནས་སོང༌། མཉམ་དུ་འཛོམས་པ། འཕྲད་པ། འགྲོགས་པ་བཅས་འདྲ། འགྲོགས་མཁན་ལ་གྲོགས་ཟེར།

འགྲུས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། འབད་པའི་དོན། སློབ་སྦྱོང་ལ་འགྲུས་ཏེ། བརྩོན་འགྲུས་ལྟ་བུའོ།།

འགྲོས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འགྲོ་སྟངས་བདེ་བའི་དོན། རྟའི་འགྲོས་ལེགས། འགྲོས་ནས་རྒྱུགས་ལྟ་བུའོ།།

) རྒས། ༢) རྒ། ༣) རྒ།

          བྱེད་མེད། ན་ཚོད་ཡོལ་བའི་དོན། མི་རྒས། རྟ་རྒ་བཞིན། བྱ་རྒས་ཚེ་ཤིང་དྲན། མི་རྒས་དུས་ཕ་ཡུལ་དྲན་ལྟ་བུ་ཡིན།

) བརྒལ། ༢) རྒལ། ༣) རྒལ། ༤) རྒོལ།

          བྱེད་འབྲེལ། ཆུ་སོགས་ལས་རྒལ་བའི་དོན། ཆུ་རྒལ་མཁན། བརྒལ་བྱའི་ཆུ་བརྒལ་ནས། རྒོལ་ཅིག་ལྟ་བུ་དང༌། རྒོལ་བ་ནི་འཐབ་པའི་དོན་དུ་སོང་བ། ངོ་རྒོལ་ལྟ་བུའོ།།

) རྒྱས། ༢) རྒྱ། ༣) རྒྱ།

          བྱེད་མེད། འཕེལ་བའི་དོན། འཚང་རྒྱ། རྒྱས་ནས། ཡར་རྒྱས། རྒྱ་བཞིན་པ་ལྟ་བུ་དང༌། རྒྱ་བོད། རྒྱ་མ། རྒྱ་བོ་ལྟ་བུ་མིང་ཡོད།

རྒུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དར་བའི་ལྡོག་ཟླ། མི་ཚེ་གཅིག་ལ་དར་རྒུད་གཉིས། མི་ཚང་རྒུད། ཉམས་རྒུད། སྲིད་ཞིའི་རྒུད་པ། ལྟ་བུ་སྐྱོན་ལ་འགྲོ་བ་ཡོད་དོ།།

) བརྒྱབས། ༢) བརྒྱབ། ༣) རྒྱག  ) རྒྱོབས།

          བྱེད་འབྲེལ། དབྱུག་པ་སོགས་ཀྱིས་རྡུང་བའམ་འཕེན་པའི་དོན། གྲི་རྒྱག་མཁན། བརྒྱབ་བྱ། བརྒྱབས་ནས། རྒྱོབ་སྐུལ་ཚིག་ལ་བྲིས་པ་ཡོད་ཀྱང༌། ག་ང་བ་ལ་རྗེས་འཇུག་ཅན་གྱི་བརྩེགས་མའི་འདས་ཚིག་དང༌། སྐུལ་ཚིག་ལ་ས་ཡང་འཇུག་སྦྱོར་དགོས་པ་བརྡ་སྤྲོད་སྤྱི་སྲོལ་གསུངས་པས་རྒྱོབས་སྦྱར་བ་ལེགས།

རྒྱལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རྒྱལ་ཁ་ཐོབ་པའི་དོན། བདུད་བཞི་ལས་རྒྱལ། རྒྱལ་བ། གཡུལ་ལས་རྒྱལ། རྣམ་རྒྱལ་ལྟ་བུའོ།།

) བརྒྱན། ༢) བརྒྱན། ༣) རྒྱན།  ) རྒྱན།

          བྱེད་འབྲེལ། རྒྱན་ཆ་སོགས་སྤྲས་པའི་དོན། དབུ་རྒྱན། མགུལ་རྒྱན། རྒྱན་ཆ། བརྒྱན་ཏེ་ལྟ་བུ་དང༌། བརྒྱན་པ། གོན་པ། གྱོན་པ་འདྲའོ།།

བརྒྱུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། རིམ་པར་བརྒྱུད་པའི་དོན། ཁོང་བརྒྱུད་ནས་ཐོབ། གཅིག་གིས་གཅིག་ལ་བརྒྱུད་དེ། ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན་ལྟ་བུའོ།།

རྒྱུ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཐོན་པའི་དོན། མཁའ་ལ་རྒྱུ། དབུགས་ཀྱི་རྒྱུ་བ། རྒྱུ་བ་དང༌། མི་རྒྱུ་བ་ལྟ་བུ་དང༌། རྒྱུ་རྐྱེན། རྒྱུ་མཚན་ལྟ་བུ་མིང་ཡོད་དོ།།

) བརྒྱུགས། ༢) བརྒྱུག ༣) རྒྱུག   ) རྒྱུགས།

          བྱེད་འབྲེལ། མྱུར་པོར་སོང་བའི་དོན། རྟ་རྒྱུག མི་རྒྱུག བརྒྱུགས་ཏེ། རྒྱུག་བཞིན། བརྒྱུག་དགོས། ལས་ཀ་ལམ་དུ་རྒྱུགས། རྒྱུགས་སྤྲོད། མཆོང་རྒྱུག་འཏེན་གསུམ་ལྟ་བུ་ཡོད་དོ། །

) བརྒྱངས། ༢) བརྒྱང༌། ༣) རྒྱོང༌། ༤) རྒྱོངས།

          བྱེད་འབྲེལ། རྒྱ་ཞེང་འཐེན་པའི་དོན། ཀོ་བ་བརྒྱངས་ཟིན། རྒྱོང་མཁན། བརྒྱང་བྱ། ལག་པ་བརྒྱངས་ནས་འདོམ་པ་ལ་འཇལ་ལྟ་བུའོ།།

) བརྒྱགས། ༢) བརྒྱག ༣) རྒྱགས།

          བྱེད་མེད། བཟའ་བཏུང་གིས་ཚིམས་པའི་དོན། ཕྱུགས་ལ་རྩས་རྒྱགས།  རྒྱགས་ཕྱེ་ལྟ་བུ་དང༌། རྒྱག་ནི་རྡེག་པའི་དོན་ཡིན་པས་ད་ལྟ་བར་མི་རུང༌།

) བརྒྱུས། ༢) བརྒྱུ། ༣) རྒྱུ།   ) རྒྱུས།

          བྱེད་འབྲེལ། བུ་གའི་ནང་བརྒྱུས་པའི་དོན། ཁབ་མིག་བརྒྱུས། སྣ་ཐག་བརྒྱུས། རྒྱུ་མཁན། བརྒྱུ་བྱ། བརྒྱུས་ནས་ལྟ་བུ་དང༌། ཤའི་རྒྱུས་པ། ལོ་རྒྱུས་ལྟ་བུ་ཡོད་དོ།།

) བསྒོས། ༢) བསྒོ། ༣) སྒོ།  ) སྒོས།

          བྱེད་འབྲེལ། འགོས་སུ་འཇུག་པའི་དོན། ལུས་ལ་དྲི་བསྒོ། བག་ཆགས་བསྒོས། བཀའ་སྒོ་ལྟ་བུ་བཀའ་གནང་བའི་དོན། བགོ་བ་ནི་དུམ་བུར་གཏོང་བའི་དོན་ཡིན་པས་བགོ་བ་དང་བསྒོ་བ་མི་འདྲ། ཡང་སྒོས་ནི་དམིགས་སུ་བཀར་བའི་དོན་ནོ།།

) བསྒུགས། ༢) བསྒུག ༣) སྒུག  ) སྒུགས།

          བྱེད་འབྲེལ། ནམ་ཡོང་བར་དུས་གཏོང་བའི་དོན། ལམ་དུ་སྒ྄ུག་མཁན། བསྒུག་དགོས། བསྒུགས་པ་ཡིན། ད་དུང་སྒུགས་ཤིག་ལྟ་བུའོ།།

) བསྒགས། ༢) བསྒག ༣) སྒག  ) སྒགས།

          བྱེད་འབྲེལ། དམ་པོར་བཅིང་བའི་དོན། སྐེ་བསྒགས་ནས་ཤི། རྟའི་སྐེ་ལ་དྲིལ་བུ་བགགས། མནའ་བསྒགས། བསྒགས་ཏེ་ལྟ་བུ་བགག་པ་དང༌། བགགས་པ་དང་འདྲ། སི་ཏུ་འགྲེལ་ཆེན་དུ་ལམ་བགགས་བྲིས་ཡོད་ཀྱང༌། བགགས་དང་བསྒགས་གཅིག་པས་ལམ་བསྒགས་བྲིས་མི་རུང་ངོ༌།།

) བསྒངས། ༢) བསྒང༌། ༣) སྒོང༌།  ) སྒོངས།

          བྱེད་འབྲེལ། ས་སོགས་སྒང་དུ་འཇུག་པའི་དོན། ཟན་སྒོང་མཁན། བསྒང་བྱའི་ཟན། བསྒངས་ཏེ་ལྟ་བུ་རྡོག་པོར་བྱེད་པའི་དོན། སྒང་ནི་མིང་འབྲི་ཚུལ་དང༌། བགང་དང་བསྒང་སོགས་འདྲ།

) བསྒུར། ༢) བསྒུར། ༣) སྒུར།  ) སྒུར།

          བྱེད་འབྲེལ། ཕབ་པའམ་དུད་པའི་དོན། མགོ་སྒུར་བཞིན། བསྒུར་ཟིན། བསྒུར་དགོས། བསྒུར་ནས་གུག་པ་འོང་ལྟ་བུ།

) བསྒུལ། ༢) བསྒུལ། ༣) སྒུལ།  ) སྒུལ།

          བྱེད་འབྲེལ། གཡོ་འགུལ་བྱེད་པའི་དོན། སྒུལ་བསྐྱོད་བརྒྱབས། ལག་པས་བསྒུལ། བསྒུལ་ཏེ་འགུལ་བ་བྱུང་ངོ༌།།

) བསྒབས། ༢) བསྒབ། ༣) སྒབ།  ) སྒབས།

          བྱེད་འབྲེལ། གབ་ཏུ་འཇུག་པའི་དོན། སྟག་ནགས་སུ་བསྒབས་ཏེ་བསྡད། རྐུན་མས་བསྒབ་ཀྱི་རེད། འཇབ་པ། སྒབ་པ། གབ་པ་འདྲའོ།།

) བསྒོམས། ༢) བསྒོམ། ༣) སྒོམ།  ) སྒོམས།

          བྱེད་འབྲེལ། ཡང་ཡང་དྲན་པའི་དོན། སྙིང་རྗེ་སྒོམ་མཁན། བསྒོམ་བྱའི་སྙིང་རྗེ། བསྒོམས་ནས་གོམས་པ་འབྱུང༌། གནས་ལུགས་བསྒོམ་དགོས། མ་གཡེང་བར་སྒོམས་ཤིག་ལྟ་བུའོ།།

) བསྒར། ༢)བསྒར། ༣) སྒོར།  ) སྒོར།

          བྱེད་འབྲེལ། བུ་རམ་ལྟ་བུ་བསྒར་དུ་འཇུག་པའི་དོན། སྒོར་བྱེད། བསྒར་བྱ་ལྟ་བུའོ།།

) བསྒྱངས། ༢) བསྒྱང༌། ༣) སྒྱང༌།  ) སྒྱོངས།

          བྱེད་འབྲེལ། དུས་ཚོད་ཕྱིར་བསྐྱེད་པའི་དོན། ཡིག་རྒྱུགས་ཕྱིར་བསྒྱངས་ནས་ལྟ་བུ་དང༌། བརྒྱངས་པ་ནི་དངོས་པོ་བརྒྱངས་པ་དང༌། བསྒྱངས་པ་ནི་དུས་ཚོད་བགྱངས་འཇུག་པ་ལ་གོའོ།། བགྱང་སོགས་དང་འདྲ། སྒྱོང་བ་ནི་བརྡ་རྙིང་སྦེད་པར་གོ་གསལ།

) བསྒྱིངས། ༢) བསྒྱིང༌། ༣) སྒྱིང༌།  ) སྒྱིངས།

          བྱེད་འབྲེལ། འགྱིང་ཉམས་སྟོན་པའི་དོན། སེང་གེ་གནམ་བསྒྱིངས། བསྒྱིངས་ཉམས་ལྟ་བུ་ངར་ཉམས་ཀྱི་རྣམ་པ་ཡིན། འགྱིངས་པ། རྫིག་མདོག་ང་རྒྱལ། བསྒྱིངས་པ་བཅས་འདྲའོ།།

) བསྒྱུར། ༢) བསྒྱུར། ༣) སྒྱུར།  ) སྒྱུར།

          བྱེད་འབྲེལ། འགྱུར་ལྡོག་གཏོང་བའི་དོན། ཁ་ལོ་སྒྱུར་མཁན། སྐད་སྒྱུར། མདོག་སྒྱུར། སྒྱུར་བྱེད། བསྒྱུར་བྱ། བསྒྱུར་ནས་འགྱུར་བ་ཡོང་ལྟ་བུའོ།།

) བསྒྱེལ། ༢) བསྒྱེལ། ༣) སྒྱེལ།  ) སྒྱེལ།

          བྱེད་འབྲེལ། འཕྲེད་བསྙལ་བྱེད་པའི་དོན། རླུང་པོས་ཤིང་བསྒྱེལ། ས་ལ་སྒྱེལ། བསྒྱེལ་ནས་འགྱེལ་བ་འོང་ངོ༌། །

) བསྒྲིགས། ༢) བསྒྲིག ༣) སྒྲིག  ) སྒྲིགས།

          བྱེད་འབྲེལ། བཀོད་སྒྲིག་བྱེད་པའི་དོན། གྲལ་བསྒྲིགས་ནས། པར་རྩ་སྒྲིག་བཞིན། བང་བསྒྲིག་དགོས། སྒྲིག་མཁན། བསྒྲིག་རྒྱུ། བསྒྲིགས་ནས་ལྟ་བུ་དང༌། སྒྲིག་པ། སྡེབ་པ། སྦྲེལ་བ་བཅས་འདྲའོ།།

) བསྒྲིན། ༢) བསྒྲིན། ༣) སྒྲིན། ༤) སྒྲིན།

          བྱེད་འབྲེལ། འགྲན་པའི་བརྡ་རྙིང་ཡིན་གསུངས། སྒྲིན་པོ་ནི་མཁས་པ་དང༌། སྤྱང་པོ་ལ་གོ་གསལ། སྒྲེན་པོ་ནི་གོས་མེད་པའི་གཅེར་བུའོ། །རིག་པ་སྒྲིམ་དང་སྒྲིན་འདྲ་སྙམ།

) བསྒྲིབས། ༢) བསྒྲིབ། ༣) སྒྲིབ།  ) སྒྲིབས།

          བྱེད་འབྲེལ། མཐོང་བ་ལ་བར་དུ་གཅོད་པའི་དོན། མ་རིག་པས་སྒྲིབ། ཤེས་སྒྲིབ། ཉི་མར་སྤྲིན་གྱིས་བསྒྲིབས་ཏེ་ལྟ་བུ་མཐོང་བ་ལ་གེགས་བྱེད་པའི་དོན་ཡིན། བསྒྲིབ་བྱ། སྒྲིབ་བྱེད། བསྒྲིབས་ནས་ལྟ་བུའོ། །

)བསྒྲིལ། ༢) བསྒྲིལ། ༣) སྒྲིལ། ༤)སྒྲིལ།

          བྱེད་འབྲེལ། མཉམ་དུ་འགྲིལ་འཇུག་པའི་དོན། གཅིག་ཏུ་བསྒྲིལ། སྣོད་དུ་སྒྲིལ་བཞིན། ནུས་པ་བསྒྲིལ་ཏེ་ལྟ་བུ་དང༌། བགྲིལ་ནི་བསྒྲིལ་དང་འདྲའོ།།

) བསྒྲུགས། ༢) བསྒྲུག ༣) སྒྲུག  ) སྒྲུགས།

          བྱེད་འབྲེལ། འཐོར་བ་རྣམས་འཐུ་བའམ་བཏུ་བའི་དོན། བྱེའུས་འབུ་སྒྲུག་བཞིན། བུད་ཤིང་བསྒྲུག་དགོས། ས་ནས་ཡར་སྒྲུགས་ཤིག་ལྟ་བུའོ།།

) བསྒྲུན། ༢) བསྒྲུན། ༣) སྒྲུན། ༤) སྒྲུན།

          བྱེད་འབྲེལ། འགྲན་པའམ་དོ་ཟླ་བྱེད་པའི་དོན། ལེགས་བཤད་འདི་ལ་བསྒྲུན་དུ་མེད་ལྟ་བུ་བསྒྲུན་པ་ནི་འགྲན་དུ་མེད་ཅེས་པའི་དོན་ནོ། །

) བསྒྲུབས། ༢) བསྒྲུབ། ༣) སྒྲུབ།  ) སྒྲུབས།

          བྱེད་འབྲེལ། བྱ་བ་ཞིག་གྲུབ་ཏུ་འཇུག་པའི་དོན། སྒྲུབ་བྱེད། བསྒྲུབ་བྱ། བསྒྲུབས་ཟིན། ཡང་སྒྲུབས་ཤིག སྒྲུབ་མཁན་སུ་རེད། བསྒྲུབ་རྒྱུ་གང་ཡོད། སུས་བསྒྲུབས་སོང་ལྟ་བུའོ།།

) བསྒྲེས། ༢) བསྒྲེ། ༣) སྒྲེ།  ) སྒྲེས།

          བྱེད་འབྲེལ། ཤིས་ཟིན་པའི་དོན་ལ་བསྡུར་ནས་དེ་དང་འདྲ་བར་སྟོན་པའི་དོན། རིགས་བསྒྲེས་ནས། བསྒྲེ་དགོས། སྒྲེ་བཞིན་ལྟ་བུ། རིགས་འགྲེ་བ་དང་འགྲེས་ནས་ཟེར་བ་དང་འདྲ། རིགས་བསྒྲེས་ནས་འགྲེས་པ་བྱུང་བ་རེད།

) བསྒྲེངས། ༢) བསྒྲེང༌། ༣) སྒྲེང༌།  ) སྒྲེངས།

          བྱེད་འབྲེལ། ཡར་བསླངས་ནས་ལྡང་དུ་འཇུག་པའི་དོན། རྒྱལ་དར་བསྒྲེངས་སོང༌། སྒྲེང་མཁན་གྱིས་བསྒྲེང་དགོས། བགྲེང་བ་སོགས་དང་འདྲ། འགྲེང་བ། ལྡང་བ་སྒྲེང་བ་རྣམས་འདྲའོ།།

) བསྒྲགས། ༢) བསྒྲག ༣) སྒྲོག  )སྒྲོགས།

          བྱེད་འབྲེལ། འདོན་པའམ་བཤད་པའི་དོན། ཆོས་སྒྲོག་མཁན། བསྒྲག་བྱ། བསྒྲགས་ཟིན། གསལ་བསྒྲགས། ཁྱབ་བསྒྲགས་ལྟ་བུའོ།།

) བསྒྲོགས། ༢) བསྒྲོག ༣) སྒྲོག  )སྒྲོགས།

          བྱེད་འབྲེལ། མཉམ་དུ་འཆིང་བའི་དོན། ཐག་པས་བསྒྲོགས། ལྕགས་སྒྲོག ལྷམ་སྒྲོག རྒྱུག་པ་ཞིག་ལ་ཉིན་གདུགས་བསྒྲོགས་ཏེ་ལྟ་བུ་དང༌། སྒྲོག་རུས་ནི་ཕྲག་མདུན་གྱི་རུས་པ་དང༌། རང་གིས་རང་ལ་བསྟོད་ར་བཏང་བ། ཕོ་སྒྲོག་དང༌། ཕོ་སྒྲོབ་བྲིས་པ་ཡོད་དོ། །

) བསྒྲོད། ༢) བསྒྲོད། ༣) སྒྲོད།  ) སྒྲོད།

          བྱེད་འབྲེལ། སོང་བའི་དོན། ལམ་དུ་བསྒྲོད། བསྒྲོད་བྱ། སྒྲོད་བྱེད། བགྲོད་པ་དང་འདྲའོ།།

) བསྒྲོན། ༢) བསྒྲོན། ༣) སྒྲོན།  ) སྒྲོན།

          བྱེད་འབྲེལ། དཀར་མེ་བསྒྲོན་ལྟ་བུ་མེ་སྦར་བའི་དོན་དང༌། ན་བཟའ་བསྒྲོན་ལྟ་བུ་གྱོན་དུ་འཇུག་པའི་དོན་ནོ།། སྒྲོན་པ་ནི་ཕུལ་བའམ་བརྒྱན་པའི་ཞེས་ས་ཡིན།

) བསྒྲལ། ༢) བསྒྲལ། ༣) སྒྲོལ།  ) སྒྲོལ།

          བྱེད་འབྲེལ། ངན་གནས་ལས་ཐར་ཏུ་འཇུག་པའི་དོན། སྡུག་བསྔལ་ལས་བསྒྲལ། འཁོར་བ་ལས་སྒྲོལ། སྒྲོལ་མ། དགྲ་གེགས་བསྒྲལ་ལྟ་བུ་ཡོད་དོ།། དགྲལ་བ་དང་འདྲ།

ང་ཡི་སྡེ་ཚན།

ངར། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། ཤུགས་ཚད་མཐོ་རུ་སོང་བའི་དོན། བུ་དར། གྲི་ངར། དཔའ་ངར། གྲང་ངར་ལྟ་བུ་དང༌། ངར་གདོང་དང༌། རང་སྣབས་ལྟ་བུ་ཡོད་དོ།།

ངལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཐང་ཆད་པའི་དོན། ལུས་ངལ། ངལ་ཞིང་དུབ། ངལ་ནས་དངན་སྒྲ་ཐོན། དངན་སྒྲ་ནི་དབུགས་རིང་གི་སྒྲའོ།།

) ངུས། ༢) ངུ༌། ༣) ངུ༌།

          བྱེད་མེད། སྐྱོ་བས་མིག་ནས་མཆི་མ་འདོན་པའི་དོན། བརྡུང་ནས་ངུ༌། རྟག་ཏུ་ངུ༌། ངུས་ནས་བསྡད་ལྟ་བུའོ།།

ངུར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གནག་ཕྱུགས་ཀྱིས་སྐད་འདོན་པའི་དོན། གཡག་ངུར། ཕག་པ་ངུར་ལྟ་བུ་དང༌། བྱ་ངུར་པ། ངུར་སྨིག་འཛིན་པ་ལྟ་བུ་ཡོད་དོ།།

ངེས་པ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དམ་པོར་བཟུང་བའི་དོན། སེམས་ལ་ངེས། འགོ་བྱེད་དུ་ངེས། འགྲོ་རྒྱུར་ངེས་ལྟ་བུ་དང༌། ངེས་ཚིག ངེས་བཟུང༌། ངེས་ལེགས་ལྟ་བུའོ།།

ངོམ། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་འབྲེལ། རང་གི་ཡོན་ཏན་གཞན་ལ་བསྟན་པའི་དོན། ཆོས་ངོམ། རྒྱུ་ངོམ། དཔའ་རྩལ་ངོམ། དངོམ་པ་དང༌། ངོམ་པ་འདྲ་སྙམ་མོ།།

ངོམས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འདོད་པ་ཚིམས་པའི་དོན། སྐོམ་པ་ཆུ་འདོད། ལྟོགས་པ་ཟས་ཀྱིས་ངོམས། མཁས་པ་ཡོན་ཏན་གྱིས་མི་ངོམས་ལྟ་བུའོ།།

) དངངས། ༢) དངང༌། ༣) དངང༌།

          བྱེད་མེད། གློ་བུར་དུ་དབུགས་འཚང་བའི་དོན། དངངས་སྐྲག སྔངས་སྐྲག་འདྲ། དངངས་དང༌། སྔངས་འདྲའོ།།

) མངགས། ༢) མངག ༣) མངག ༤) མངགས།

          བྱེད་འབྲེལ། བཅོལ་བའི་དོན། མངག་མཁན། མངག་རྒྱུ། མངགས་ནས། ཉོ་རུ་མངག ལེན་དུ་མངག སྐུལ་ཚིག་ལ་མངོགས་བྲིས་པའང་འདུག

དངར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གྲལ་སྒྲིག་པའི་དོན། ཚར་དུ་དངར་ལྟ་བུའོ།།

མངོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གསལ་བར་གྱུར་བའི་དོན། མངོན་གསལ་དོད་པོ། མངོན་སུམ། མངོན་ཤེས། མི་མངོན་པ་ནི་མི་གསལ་བའི་དོན་ནོ།། མངོན་བརྗོད་དང༌། མངོན་རྟོགས་ལྟ་བུ་ཡོད་དོ།།

རྔུལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ངལ་དུབ་ཀྱིས་ལུས་གཤེར་པ་ཆགས་པའི་དོན། ལུས་རྔུལ་ལྟ་བུའོ།།

) བརྔམས། ༢) བརྔམ། ༣) རྔམ།

          བྱེད་མེད། ཆགས་པའམ་ཧམ་པ་བྱེད་པའི་དོན། རྒྱུ་ནོར་ལ་རྔམ་བཞིན་པ། རྔམ་སེམས། རྔམ་བརྗིད། རྔམ་སྟོན་ཁྲོམ་སྐོར་ལྟ་བུ་དང༌། ད་ལྟ་བར་རྔོམ་བྲིས་པའང་འདུག ས་མགོ་བྲིས་པའང་དོན་འདྲ།

) བརྔུབས། ༢) བརྔུབ། ༣) རྔུབ།   ) རྔུབས།

          བྱེད་འབྲེལ། ཁའི་ནང་དུ་འཐེན་པའི་དོན། དུ་བ་རྔུབ་བཞིན། དབུགས་བརྔུབས་ནས་བརྔུབ་དགོས་ལྟ་བུ་འཇིབ་པའམ་ཧུབ་ཀྱིས་འཐུང་བའི་དོན་ནོ།།

) བརྔོན། ༢) བརྔོན། ༣) རྔོན།  ) རྔོན།

          བྱེད་འབྲེལ། རི་དྭགས་བརྔོན། བུད་མེད་རྔོན་ལྟ་བུ་འཚོལ་བའི་དོན། རི་དྭགས་གསོད་པའི་ཆེད་འཚོལ་མཁན་ལ་རྔོན་པ་ཟེར།

) བརྔོས། ༢) བརྔོ༌། ༣ ) རྔོ༌།  )རྔོས།

          བྱེད་འབྲེལ། སྐམ་པོར་འཚོས་པའི་དོན། ཡོལ་རྔོ་བཞིན། ཚལ་བརྔོ་རྒྱུུ། བརྔོས་ནས་ལྟ་བུ་དང༌། བསླུ་བའི་དོན་དུ་རྔོ་དང་བརྔོ་ཡོད་གསལ།

) བརྔས། ༢) བརྔ༌། ༣) རྔ༌།  ) རྔོས།

          བྱེད་འབྲེལ། རྩ་སོགས་མཉམ་བྲེག་བྱེད་པའི་དོན། ལོ་ཏོག་རྔ་བཞིན། རྩ་བརྔ་རྒྱུ། བཙས་མ་བརྔས་ཏེ་ལྟ་བུ་དང༌། ཤིང་དང་སྐྲ་ལྟ་བུ་བཅད་པ་ཡིན་ཡང་རྔ་བ་མིན།

) བརྔན། ༢) བརྔན། ༣) རྔན།  ) རྔན།

          བྱེད་འབྲེལ། གླ་ལྟ་བུ་སྤྲད་པའི་དོན། ལས་ཀའི་གླ་བརྔན། ཆོས་སྐྱོང་ལ་གཏོར་མས་བརྔན། རྔན་པ་བརྔན་ཏེ་ལྟ་བུའོ།།

) བསྔོས། ༢) བསྔོ༌། ༣)  སྔོ༌།  ) སྔོས།

          བྱེད་འབྲེལ། རྫས་དེ་ཉིད་གང་ཞིག་གི་ཆེད་དུ་བྱིན་པའི་དོན། ཚེ་འདས་ལ་བསྔོ། དགེ་རྩ་བྱང་ཆུབ་ཏུ་བསྔོ་དགོས། བསྔོ་བྱ། སྔོ་བྱེད། བསྔོས་ཟིན་ལྟ་བུའོ།།

བསྔགས། (གཟུགས་མི་འགྱུར་བ།)

          བྱེད་འབྲེལ། བསྟོད་བསྔགས་བྱེད་པའི་དོན། བསྔགས་བརྗོད། མཆོག་ཏུ་བསྔགས་ལྟ་བུའོ།།

) བསྔོགས། ༢) བསྔོག ༣) སྔོག  ) སྔོགས།

          བྱེད་འབྲེལ། འདོན་པའི་དོན། སྐྱོན་བསྔོག་དགོས། བྱ་ཚང་བསྔོགས་ནས། ཁང་པར་སྔོག་བཤེར། བྲུ་བ། བཏོན་པ་བཅས་འདྲའོ།།

བསྔས། བྱེད་འབྲེལ། རྟེན་པའི་དོན། གྱང་ལ་བསྔས་ཏེ། དབྱུག་པ་ལ་བསྔས་ནས་བསྡད། མགོ་བསྔས་ཏེ་ཉལ། མགོ་འདེགས་ལ་སྔས་ཟེར་སྙམ།

མདུན་ཤོག