བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས།

(དེབ་ཕྲེང་དང་པོ།)

སྔོན་གླེང་།

༄༅། །ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་ཤག་གིས་ཕུལ་བའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཐོག་བགྲོ་གླེང་ལྷུག་པོ་དང་སྦྲགས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ནས་བཟུང༌། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་བཞུགས་སྒར་དྷརྨ་ཤཱ་ལཱར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་དང་གཞི་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་གཏན་འབེབས་དང་འབྲེལ་སློབ་དེབ་གསར་རྩོམ། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་རིགས་དགེ་ལས་ཡོངས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དང་འོས་སྦྱོང་། ཚོགས་འདུ་སྣ་མང་གོ་སྒྲིག་ཞུས་པའི་སྐབས་སུ་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། ལྟ་གྲུབ་དགེ་རྒན། གཞི་རིམ་གོང་འོག་བར་གསུམ་གྱི་དགེ་རྒན་རྣམས་ལ་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཤེས་ཡོན་སྲིད་བྱུས་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་དང་། དྲི་བ་དྲིས་ལན། དོགས་སེལ་གོ་སྐབས་གནང་བའི་བཀའ་སློབ་རྣམས་སློབ་དགེ་ཡོངས་ཀྱིས་ཤེས་ཡོན་སྲིད་བྱུས་ནང་དོན་རྒྱུས་ལོན་ཡོང་ཐབས་དང་། ལག་བསྟར་གནང་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་གལ་ཆེ་ཞིག་ཆགས་ཡོད་སྟབས། ད་ལན་དེབ་གཟུགས་ངོ་བོར་དཔེ་དེབ་གཉིས་པར་སྐྲུན་ཞུས་ཡོད་པ་དང་། དེབ་ཕྲེང་དང་པོ་ནས་གསུང་བཤད་གཅིག་དང་དེབ་ཕྲེང་གཉིས་པ་ནས་གསུང་བཤད་གསུམ་བཅས་གསུང་བཤད་འདྲ་མིན་བཞི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་སྒྲ་ཕབ་གནང་ཟིན་པ་འདི་ལས་ལ་པར་སྐྲུན་ཆེད་ཆོག་མཆན་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཀའ་སློབ་གཞན་རྣམས་ཀྱང་རིམ་པས་པར་སྐྲུན་ཞུ་འཆར་ཡོད་པས། རང་རིགས་རྒྱ་ཆེ་མང་ཚོགས་དང་ལྷག་པར་དུ་འབྲེལ་ཡོད་དགེ་རྒན་དང་ཕ་མ་རྣམས་ནས་བཀའ་སློབ་ཀྱི་ནང་དོན་རྣམས་རྟོགས་ཐབས་དང་འབྲེལ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་ཡོང་ཐབས་སླད་ཚང་མས་འབད་འབུངས་ལྷོད་མེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས ༢༨ ལ།

དཀར་ཆག

ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་ཐོག་གནང་བའི་གསུང་བཤད།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུའི་ཐོག་གནང་བའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གསུང་བཤད།
སྔོན་འགྲོའི་དགེ་རྒན་ཟབ་སྦྱོང་ཐེངས་དང་པོར་ཤེས་ཡོན་སྲིད་བྱུས་སྐོར་གནང་བའི་གསུང་བཤད།
སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་གཉིས་པར་ཤེས་ཡོན་སྲིད་བྱུས་སྐོར་གནང་བའི་གསུང་བཤད།

གློག་རྡུལ་དེབ་འདི་ནས་ཕབ་ལེན་བྱེད་ཆོག

སྤྱི་ཁྱབ་འགན་འཛིན། ཚེ་རིང་བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། བསྟན་འཛིན་པདྨ།
ཞུ་དག་པ། བསྟན་འཛིན་དོན་ཡོད། ཀུན་དགའ་རྒྱལ་མཚན།
དེབ་གཟུགས་དང་རྒྱབ་ཤོག་ཇུས་འགོད། དགེ་འདུན་དོན་ཡོད།
པར་སྐྲུན་དང་པོ། ༢༠༡༨
དེབ་གྲངས། ༢༠༠༠
ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ཕྱོགས་བསྒྲིགས་ཞུས།
FUNDED BY: Danish International Development Agency through CICED.