[toc]

ར་ཡི་སྡེ་ཚན།

རག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རྙེད་པའི་དོན། ཟ་རྒྱུ་རག འཐུང་རྒྱུ་རག་ལྟ་བུའོ།།

) རང༌། ༢)རངས།

          བྱེད་མེད། རྗེས་སུ་ཡི་རང༌། ཡི་རང་ནས་ལྟ་བུ་དང༌། རང་པོ་ནི་ཧྲིལ་པོ་ལ་ཟེར་རོ།།

རལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། འཐོར་བའི་དོན། གྱོན་གོས་རལ། དེབ་རལ་ལྟ་བུ་དང༌། རལ་པ་ནི་སྐྲ་རལ་པ་ལྟ་བུ་དང༌། དབྲལ་ནས་རལ་བ་བྱུང་ངོ༌།

རི་བ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རིན་ཚད་འོས་པའི་དོན། སྒོར་ལྔ་རི་བ། སྒོར་བརྒྱ་རི་བའི་ཅ་དངོས་ལྟ་བུའོ།།

རིག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། མཐོང་བའི་དོན། གསལ་ཞིང་རིག་པ། མ་རིག་པ་ལྟ་བུའོ།།

རིགས་པ། (གཟུགས་མི་འགྱུར་བ།)

          བྱེད་མེད། ཆོག་པའི་དོན། བྱེད་རིགས། དེ་ལྟར་མི་རིགས་ལྟ་བུ། རུང་བ་དང་འདྲའོ།། མི་རིགས་དང༌། རིགས་པ་ལྟ་བུའང་ཡོད།

རིལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རྦབ་ཏུ་རིལ་བ་དང༌། རིལ་ཟླུམ། རིལ་བུ་ལྟ་བུ་ཡོད་དོ།།

རིངས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བྲེལ་བ་བྱེད་པའི་དོན། རྟབ་རྟབ་དང༌། འཚབ་འཚབ་དང་འདྲའོ།། རིངས་པར་གྱིས་ཤིག་ལྟ་བུའོ།།

རུག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ཡོད་བཞིན་པ་རྣམས་ཚུར་སྡུད་པའི་དོན། ཅ་དངོས་རྣམས་རུག མི་རུག་ནས་ཚོགས་འདུ་འཛོམས། རི་ནས་གནག་ཕྱུགས་རྣམས་རུག་ནས་དེད་ལྟ་བུའོ།།

རུང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཆོག་པའི་དོན། བྱེད་རུང༌། འཇིགས་སུ་རུང༌། ཅི་མ་རུང་ལྟ་བུའོ།།

རུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཉིལ་བའི་དོན། གངས་རུད་རྒྱག ས་རུད་བྱུང་བ་ལྟ་བུའོ།།

རུལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གསོན་པོ་ཉམས་པའི་དོན། ཤ་རུལ། ནང་རུལ་ལྟ་བུའོ།།

རུམ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཤའི་དྲོད་ལ་སྦྱར་བའི་དོན། བྱས་སྒོ་ང་རུམ། མས་བུ་རུམ། སྤྲིན་རུམ། སྨག་རུམ་ལྟ་བུའོ།།

རེ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བྱུང་འདོད་ཡོད་པའི་དོན། ལས་ཀ་ལ་རེ། ཡོན་ཏན་ལ་རེ་ལྟ་བུའོ།།

) རེངས། ༢) རེང༌། ༣) རེང༌།

          བྱེད་མེད། མཁྲེགས་པོར་སོང་བའི་དོན། རྐང་ལག་རེངས། ཧྲེང་བ་དང་འདྲའོ།།

རུབ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཁ་རུབ་པའི་དོན། ས་རུབ། རྨ་ཁ་རུབ་ལྟ་བུའོ།།

རེག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ཐུག་པའི་དོན། ལུས་ལ་རེག རེག་མ་ཐག་ལྟ་བུའོ།།

) རེམས། ༢) རེམ། ༣) རེམ

          བྱེད་འབྲེལ། ནུས་པ་སྒྲིམ་པའི་དོན། ལས་ཀ་ལ་རེམས་ཤིག་ལྟ་བུའོ།།

རེད། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། ཡིན་པའི་དོན། མི་རེད། དུད་འགྲོ་མ་རེད་ལྟ་བུའོ།། འདི་ངའི་ཡིན། དེ་ཁོང་གི་རེད། རང་ལ་རེད་དང་གཞན་ལ་ཡིན་བརྗོད་མི་རུང་ངོ༌།།

རོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ལོངས་སྤྱོད་པའི་དོན། ཚོགས་ལ་རོལ། དཔལ་ལ་རོལ་ལྟ་བུ་དང༌། རོལ་མོ་དང༌། རོལ་མཚོ། རྨོན་རྒྱག་པའི་རོལ་ཤུས་ལྟ་བུ་ཡོད་དོ།།

) བརླགས། ༢) བརླག ༣) རླག   ) རློགས།

          བྱེད་འབྲེལ། མེད་པར་སོང་བའི་དོན། ནོར་རླག རླག་སྟོར། རླག་བྱེད། བརླག་བྱ། བརླགས་ནས། རྡུལ་དུ་རློགས་ཤིག་ལྟ་བུའོ།།

) བརླུགས། ༢) བརླུག ༣) རླུག   ) རླུགས།

          བྱེད་འབྲེལ། བློ་གཏོད་པའི་དོན། གྲོགས་པོ་ལ་བློ་བརླུགས། གྲོད་ཁོག་བརླུགས་ལྟ་བུ་བཤལ་བའི་དོན་བྱེད་མེད་ལས་ཚིག་གསུངས།

) བརླབས། ༢) བརླབ། ༣) རློབ།   ) རློབས།

          བྱེད་འབྲེལ། མཐུས་བསྒྱུར་བའི་དོན། བྱིན་གྱིས་བརླབས་ནས། རློབ་བྱེད་བརླབ་བྱ། བྱིན་གྱིས་རློབས་ཤིག་ལྟ་བུའོ།།

) བརླམས། ༢) བརླམ། ༣) རློམ།   ) རློམས།

          བྱེད་འབྲེལ། ངན་པར་སྐུལ་བའི་དོན། ལྷ་འདྲེས་བརླམས། གདོན་གྱིས་རློམས། རློམས་སེམས་ཆེ་ལྟ་བུའོ།། ང་རྒྱལ་གྱིས་རློམ་པ་ནི་བྱེད་མེད་ལས་ཚིག་གོ།

) བརླན། ༢) བརླན། ༣) རློན། ༤) རློན

          བྱེད་འབྲེལ། རླེན་གཤེར་བཟོ་བའི་དོན། ས་བརླན། ཤིང་རློན་པ་ལྟ་བུའོ།།

ལ་ཡི་སྡེ་ཚན།

ལགས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རེད་དང་ཡིན་སོགས་ཀྱི་དོན། དེ་ལྟར་ལགས་སོ། མི་ལགས་སོ་ལྟ་བུའོ།།

) ལངས། ༢) ལང༌། ༣) ལང༌། ༤) ལོངས།

          བྱེད་མེད། ཡར་འགྲེང་བའི་དོན། ཚང་མ་མཉམ་དུ་ལང༌། ལངས་ནས་བསྡད། ལོངས་ཤིག་ལྟ་བུ་དང༌། ལང་ཤོར། ལང་ལོང༌། བརྗོད་ཀྱི་མི་ལང་ལྟ་བུའོ།།

ལད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བཟང་པོ་ངན་པར་འགྱུར་བའི་དོན། བསླད་ནས་ལད། མི་ལད་ལྟ་བུའོ།།

ལས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། བྱེད་པའི་དོན། ཁང་པ་ལས། ནང་ལས། ཞིང་ཁ་ལས་ལྟ་བུའོ།།

) ལབ། ༢) ལབ། ༣) ལབ། ༤) ལོབ།

          བྱེད་འབྲེལ། སྨྲ་བའི་དོན། ལབ་རྒྱུ་མང༌། ལབ་ཉེས་ཆེ། ལབ་རྒྱུ་གླེང་རྒྱུ། མི་དེ་ལ་ལོབ་ཅིག་ལྟ་བུའོ།།

) ལུས། ༢) ལུ། ༣) ལུ།

          བྱེད་མེད། གློ་རྒྱག་པའི་དོན། ལུད་པ་ལུ་བཞིན། ལུས་ནས་ལྟ་བུའོ།། མི་ལུས་དང༌། རྗེས་ལུས་ལྟ་བུ་ཡོད་དོ།།

ལུད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཡར་དོན་པའི་དོན། འོ་མ་འཕེལ་ཏེ་ལུད། ཁའི་ནང་ཡར་ལུད་ལྟ་བུའོ།།

) ལུགས། ༢) ལུག ༣) ལུག ༤) ལུགས།

          བྱེད་འབྲེལ། ལྕགས་བཞུས་ནས་ལུགས། སྐུ་ལུག་མ། ལྷ་དང་མིའི་སྐུ་ལུགས་ནས་ལྟ་བུའོ།། ཡང་རང་ལུགས་གཞན་ལུགས་ནི་འདོད་ཚུལ་དང༌། དུད་འགྲོའི་ལུག་ལྟ་བུ་ཡོད།

) ལོབས། ༢)ལོབ། ༣) ལོབ།

          བྱེད་མེད། གོམས་པའི་དོན། བཟང་ལོབས། ངན་ལོབས། ཡི་གེ་ལོབ་ལོབ་བར་སྦྱོང༌། ལས་ཀ་ལོབས་སོང་ན་བྱེད་རྒྱུ་སླ་ལྟ་བུའོ།།

ལོག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ལྡོག་པའི་དོན། ཚུར་ལོག  ཕྱིར་ལོག ཞེན་པ་ལོག་ལྟ་བུའོ།།

) ལོངས། ༢) ལོང། ༣) ལོང༌།

          བྱེད་མེད། ཚད་ལོན་པའི་དོན། བརྒྱ་ཁ་ལོང༌། གྲངས་ཁ་ལོངས་ན་ལྟ་བུ་དང༌། བྱེད་ལོང༌། མིག་ལོང༌། ལོངས་སྤྱད། ལོང་བུ་ལྟ་བུ་ཡོད།

ལོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སོན་པའི་དོན། ལག་ཏུ་སོན། ལོ་བརྒྱ་ལོན། ས་རྒྱུས་ལོན། ཁོའི་ཁོག་པ་མ་ལོན་ལྟ་བུའོ།།

ཤ་ཡི་སྡེ་ཚན།

ཤན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། འཐུམ་པའི་དོན། མདོང་མོར་ལྕགས་ཤན། ཕོར་པར་དངུལ་ཤན། བཟང་ངན་ཤན་ཕྱེ། སྐད་ཡིག་ཤན་སྦྱར། ཤན་ཞུགས་ལྟ་བུ་དང༌། བཤན་པ་དང་ཤན་པ་འདྲ། བཤན་པོ་ནི་དྲང་པོ་ལ་ཟེར་རོ། བཤན་པ་དང་ཤན་པ་གང་ཡང་ཆོག

ཤད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གསེད་པའི་དོན། སྐྲ་ཤད། སྤུ་ཤད། རྒྱུགས་ཤད་ལྟ་བུའོ།།

བཤལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། འཁྲུད་པའི་དོན། གྲོད་པ་བཤལ། ཆུ་བཤལ་བཏང༌། འདི་ལ་གཤལ་དང་གཤོལ་ཡོད་ཟེར་བ་འདུག གྲོད་པ་བཤལ་བ་ནི་བྱེད་མེད་ཡིན་སྙམ།

) ཤབས། ༢) ཤབ། ༣) ཤབ།  ) ཤོབས།

          བྱེད་འབྲེལ། ཕྱི་རུ་བཏོན་པའི་དོན། གྲི་ཤབས་ནས་སླེབས། ཤབ་གྲབས་བྱེད། གྲི་ལྟ་བུ་ཤུབས་ནས་ཕྱུང་བ་ལ་ཤབ་ཟེར་རོ།།

) བཤུབས། ༢) བཤུབ། ༣) བཤུབ། ༤) བཤུབས།

          བྱེད་འབྲེལ། སྐད་ཆུང་ངུར་སྨྲ་བའི་དོན། ཤུབ་ཤ། ཤུབ་ཤུབ་ཀྱི་གཏམ། སྐད་ཆ་ཤུབ་ཀྱིན་འདུག བཤུབས་ནས་བཤད་ལྟ་བུའོ།།

) བཤུམས། ༢) བཤུམ། ༣) ཤུམ། ༤) ཤུམས།

          བྱེད་མེད། ངུ་བའི་ཞེ་ས་ཡིན། ཤུམ་མཁན། བཤུམ་ཡོང༌། བཤུམས་ཏེ། ལྟ་བུ་དང༌། བྱེད་མེད་ལས་ཚིག་ལ་སྐུལ་ཚིག་བཞག་པ་ཇི་སྙེད་འདུག་པས་དཔྱད་ཞིབ་དགོས་སོ།།

) བཤུགས། ༢) བཤུག ༣) ཤུག   ) ཤུགས།

          བྱེད་འབྲེལ། ཁེ་མ་ལེན་པར་སྤྲད་པའི་དོན། ཤ་བཞི་ཟུར་གཅིག་ང་ལ་ཤུགས། བཤུག་གི་མིན། ཉུང་ཟད་བཤུག་དགོས་ལྟ་བུ་དང༌། ཤུགས་ནི་ནུས་ཤུགས་ལའང་འགྲོ། ཚུར་སྤྲོད་པ་ལ་ཤུགས་དང་ཟེར་མཁན་ཡང་ཡོད།

) བཤུས། ༢) བཤུ། ༣) གཤུ། ༤) ཤུས།

          བྱེད་འབྲེལ། པགས་པ་བཤུས་པའི་དོན། ཤིང་པགས་ཤུས། ཙོང་པགས་བཤུ་དགོས། ཡི་གེ་བཤུས་ནས་ལྟ་བུ་དང༌། ད་ལྟ་བར་བཤུ་བྲིས་པའང་འདུག

ཤེས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། རྟོགས་པའི་དོན།

) བཤད། ༢) བཤད། ༣) འཆད། ༤)ཤོད།

          བྱེད་འབྲེལ། ལབ་པའི་དོན། ཆོས་འཆད་མཁན། བཤད་བྱ་གང་ཡོད། བཤད་དེ། རྫུན་མ་ཤོད་ལྟ་བུའོ།།

ཤོག (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྨོན་ཚིག་དང་སྐུལ་ཚིག་ཡིན། ཚུར་ཤོག འདིར་ཤོག སྐུ་ཚེ་བརྟན་པར་ཤོག སྨོན་ལམ་འགྲུབ་པར་ཤོག་ལྟ་བུའོ།།

ཤོང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཆུད་པའི་དོན། ནང་དུ་མི་ཤོང༌། ས་རུ་མི་ཤོང༌། ཁོག་པར་མི་ཤོང༌། ཕོ་རབ་ཁོག་པར་མདའ་ཤོང༌། མདུང་ཤོང་ལྟ་བུའོ།།

) ཤོར། ༢) འཆོར། ༣) འཆོར།

          བྱེད་མེད། ཐར་ཐུབ་པའི་དོན། མཆོན་ནས་ཤོར། བཟུང་ནས་འཆོར་བཞིན་པ། འཆོར་འོང༌། ཤོར་སོང༌། ཤོར་ནས་ཐར་ལྟ་བུའོ།།

) བཤངས། ༢) བཤང༌། ༣) གཤོང༌། ༤) གཤོངས།

          བྱེད་འབྲེལ། བྲུ་བའི་དོན། ས་གཤོང་རྒྱག ཤིང་གི་ཁོག་སྙིང་བཤང་དགོས། ཆུར་ཡུར་བཤངས། ཁྲོན་པ་གཤོང་ཞིག་ལྟ་བུའོ།།

) བཤར། ༢) གཤར། ༣) གཤར། ༤) གཤོར།

          བྱེད་འབྲེལ། བང་བསྒྲིགས་ནས་འགྲོ་བའི་དོན། ལུག་ཆུ་ཁར་བཤར། ལམ་དུ་དམག་མི་བཤར། གཤར་སྒོམ། བཤར་སྒོམ། བཤར་བསྐྱོད། ཡིག་གཟུགས་གཤར་མ། ཚེམ་བུའི་བཤར་རྒྱག་ལྟ་བུའོ།།

) བཤིབས། ༢) བཤིབ། ༣) གཤིབ། ༤) གཤིབས།

          བྱེད་འབྲེལ། འདྲིས་པ་དང་ཉེ་པར་སྒྲིག་པའི་དོན། ལོ་མང་མཉམ་དུ་བཤིབས། ཡག་ངན་བཤིབས་ན་ཤེས། ཡིག་གཟུགས་གཤིབ་གཤིབ་བྲིས། ཡར་གཤིབ། མར་གཤིབ་བྱེད། འཁྲིས་སུ་བཅར་བ་ལ་གཤིབ་ཟེར། གཤིབས་པ་འདི་མི་འགྱུར་བ་ཡིན་གསུངས་པ་འདུག

) བཤས། ༢) བཤའ། ༣) བཤའ། ༤) བཤས། 

          བྱེད་འབྲེལ། སེམས་ཅན་གསོད་པའི་དོན། ལུག་བཤའ། ཕག་བཤའ། ཤ་ལས་བྱེད་པ་ལ་བཤའ་བ་ཟེར། བཤས་ནས་ལྟ་བུ་དང༌། གཤའ་ནི་དངོས་གནས་ཀྱི་དོན་ལ་འཇུག་པའི་འདིའི་བྱ་ཚིག་མི་རུང་ཆོས་གཤའ་མ་ཞིག་བྱས་ན་ལྟ་བུ་དང༌། གཤའ་ཚེ་ལྟ་བུ་ཡོད།

) གཤེས། ༢) གཤེ། ༣) གཤེ། ༤) གཤེས།

          བྱེད་འབྲེལ། སྡིག་པའི་དོན། སྤྱོད་ངན་ལ་གཤེ། གཤེ་གཤེ་བཏང་ལྟ་བུའོ།།

) བཤོས། ༢) བཤོ། ༣) གཤོ། ༤) གཤོས།

          བྱེད་འབྲེལ། ཆུ་ལྟ་བུ་ས་ལ་གཏོར་བའི་དོན། ཆུ་བཤོས། གད་སྙིགས་དོང་དུ་བཤོ་དགོས། མཆི་མ་སར་མ་གཤོས་ལྟ་བུའོ།།

) གཤགས། ༢) གཤག ༣) གཤག ༤) གཤོགས།

          བྱེད་འབྲེལ། དཀྱིལ་ནས་གཅོད་པའི་དོན། ཤིང་གཤགས། རས་གཤགས། གཤགས་བཅོས། ཁ་གཤགས། བདེན་གཏམ་རྣ་བར་གཤགས། གཤགས་འབྱེད་པ་ལྟ་བུའོ།།

གཤེགས། (གཟུགས་མི་འགྱུར་བ།)

          བྱེད་མེད། སོང་བའི་དོན། དེ་བཞིན་གཤེགས་པ། སྐུ་གཤེགས་དམ་པ་ལྟ་བུའོ།།

) བཤེར། ༢) བཤེར། ༣) བཤེར། ༤) ཤོར

          བྱེད་འབྲེལ། ཞིབ་བཤེར་བྱེད་པའི་དོན། གཏུགས་བཤེར། ཁྲིམས་བཤེར། སྔོག་བཤེར། བདེན་རྫུན་བཤེར་ལྟ་བུའོ།།

གཤེར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། རློན་པར་བྱེད་པའི་དོན། ཤིང་གཤེར་བ། གོས་གཤེར་བ་ལྟ་བུའོ།།

) བཤོར། ༢) བཤོར། ༣)  གཤོར། ༤) གཤོར།

          བྱེད་འབྲེལ། བཤའ་བ་དང་གཤོར་བ་འདྲ། གསད་རྒྱུའི་སེམས་ཅན་ལ་གཤོར་ཟེར། རི་དྭགས་བཤོར་བ་ལྟ་བུའོ།།

) བཤགས། ༢) བཤག ༣) འཆགས ༤) ཤོགས།

          བྱེད་འབྲེལ། འགྱོད་བཤགས་བྱེད་པའི་དོན། སྡིག་པ་བཤགས། ཉེས་པ་བཤགས། འཆགས་མཁན། བཤག་བྱ། བཤགས་ནས། འགས་བཤགས། འདི་གཟུགས་མི་འགྱུར་བར་གསུངས་པའང་འདུག 

) བཤམས། ༢ ) བཤམ། ༣) གཤོམ། ༤) གཤོམས།

          བྱེད་འབྲེལ། སྒྲིག་པའི་དོན། མཆོད་པ་བཤམས། དངོས་བཤམས་ཡིད་སྤྲུལ།  འགས་ད་ལྟ་བར་ཤོམ་དང༌། སྐུལ་ཚིག་ཤོམས་བྲིས་པ་ཡོད། ཚོང་ཟོག་ཤོམས་ཤིག་ལྟ་བུའོ།།

བཤོལ། (གཟུགས་མི་འགྱུར་བའི་བྱ་ཚིག)   བྱེད་འབྲེལ། དུས་བརྒྱངས་པའི་དོན། ཕྱིར་བཤོལ། བྱ་བ་བཤོལ། ལས་འགན་བཤོལ་ལྟ་བུ་སྐྱུར་བའི་དོན་ཡིན།

ས་ཡི་སྡེ་ཚན།

 

སངས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། དྭངས་པའི་དོན། གཉིད་སངས། མ་རིག་པ་སངས། སངས་རྒྱས་ལྟ་བུའོ།།

གསན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། ཉན་པའི་ཞེ་ས། བཀའ་མོལ་གསན། ཆོས་གསན། གསན་རོགས་གནང༌། སྐུལ་ཚིག་ལ་གསོན་བྲིས་ཀྱང་འཐུས།

) བསད། ༢) གསད། ༣) གསོད། ༤) སོད

          བྱེད་འབྲེལ། སྲོག་གཅོད་པའི་དོན། གསོད་མཁན། གསད་བྱ། བསད་ནས། རི་དྭགས་བསད་དེ། གསད་རྒྱུ་རེད། གསོད་བཞིན་ལྟ་བུའོ།།

སད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གཉིད་སད། ཉམས་སད། ལོ་ཏོག་ལ་སད་ཕོག་ལྟ་བུའོ།།

) བསངས། ༢) བསང༌། ༣) བསང༌། ༤ )བསོངས།

          བྱེད་འབྲེལ། མི་གཙང་བ་དག་པར་བྱེད་པའི་དོན། བསང་གཏོང༌། དྲི་ངན་བསང༌། འབག་བཙོག་བསང༌། བསང་བྱ། བསང་བྱེད་དང༌། སྐུལ་ཚིག་ལ་སོངས་བྲིས་པའང་འདུག

) བསབས། ༢) བསབ། ༣) གསབ། ༤) སོབས།

          བྱེད་འབྲེལ། ཁ་བསྣོན་པའི་དོན། བསྐྱིས་པའི་སྐྱིན་པ་བསབ་དགོས། ཉུང་དྲགས་ན་སོབས། གུད་གསབ། ཁ་གསབ། བརླགས་ན་རིན་བསབས་ཏེ་ལྟ་བུའོ།།

) བསམས། ༢) བསམ། ༣) སེམས། ༤) སོམས།

          བྱེད་འབྲེལ། བསམ་བློ་གཏོང་བའི་དོན། འགྲོ་བསམ། བྱེད་བསམ། སེམས་པ། བསམས་ནས། སེམས་ལ་དྲན་པ་དང་འདྲ།

) སིམས། ༢) སིམ། ༣) སིམ།

          བྱེད་མེད། ཐིམ་པ་དང་བདེ་བའི་དོན། བྱེ་མའི་ནང་ཆུ་སིམ། སར་སིམས་ནས། ཁ་ཁུ་སིམ་པོ། ཡིད་སིམ་པ་ལྟ་བུའོ།། བྱེ་མའི་ནང་ཆུ་སིམ་པ། བསིང་བ་ཉིས་ཀ་ཡོད་ཀྱང༌། རྡོ་ལ་ཆུ་སིམ་པ་མེད།

) གསིར། ༢) གསིར། ༣) བསིར། ༤) བསིར

          བྱེད་འབྲེལ། མྱུར་པོ་སྐོར་བ་དང༌། འཕངས་པའི་དོན། མདའ་གསིར་ཅིག  སྐུད་པ་བསིར། རྡོ་བསིར་ལྟ་བུའོ།།

) བསིངས། ༢) བསིང༌། ༣) བསིང༌། ༤ )བསིངས།

          བྱེད་འབྲེལ། ཐིམ་འཇུག་པའི་དོན། སྦང་མ་ལ་ཆུ་བསིང༌། བྱེ་མར་ཆུ་བསིང༌། སིམ་པ་དང༌། བསིང་པ་འདྲ་མཚུངས་ལྟ་བུ་ཡིན།

གསིལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། གསིལ་མ་གཏོར་བའི་དོན། ཤིང་གསིལ། དྲིལ་བུ་གསིལ། སྤྱན་ཆབ་གསིལ་ལྟ་བུ་དང༌། བསིལ་བ་ནི་གྲང་བའི་དོན།

) བསིགས། ༢) བསིག ༣) གསིག  ) སིགས།

          བྱེད་འབྲེལ། འདར་སིགས་ཤོར། བརྡབ་གསིག སེང་གེས་རལ་པ་བསིགས་ནས་སྤྲུགས་པ་དང་འདྲ།

སུན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། སྐྱོ་བའི་དོན། སུན་སྣང༌། ཡིད་སུན། བསུན་དང་སུན་འདྲའོ།།

) བསུབས། ༢) བསུབ། ༣) སུབ།   ) སུབས།

          བྱེད་འབྲེལ། ཤུལ་རྗེས་མེད་པར་བཟོ་བའི་དོན། སུབ་བྱེད། རྐང་རྗེས་བསུབ། ཡི་གེ་སུབས་ཤིག ད་ལྟ་བར་གསུབ་བྲིས་པའང་འདུག

) བསུམས། ༢) བསུམ། ༣) སུམ།  ) སུམས།

          བྱེད་འབྲེལ། ཁ་སུམ་པའི་དོན། སྒབ་སུམ་ཤིག ལུས་ལ་གོས་བསུམ། མ་ཁེབས་ན་བསུམ་དགོས། སྣོད་ཁ་བསུམས་པའང་ཡོད།

) གསུངས། ༢) གསུང༌། ༣) གསུང༌། ༤) གསུངས།

          བྱེད་འབྲེལ། བརྗོད་པའི་ཞེ་ས། ཆོས་གསུངས། གསུངས་བཤད། གསུང་སྒྲོས། གསུང་རབ། གསུང་བཞིན། གསུངས་ནས་ལྟ་བུའོ།།

) བསུས། ༢) བསུ། ༣) བསུ། ༤) སུས།

          བྱེད་འབྲེལ། གདན་འདྲེན་པའི་དོན། བླ་མ་བསུས། མནའ་མ་བསུས། ཕེབས་བསུ། ད་ལྟ་རང་སུས་ཤིག་ལྟ་བུའོ།།

བསར། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་འབྲེལ། སྟ་གོན་བྱེད་པའི་དོན། ཡོ་བྱད་བསར། མཆོད་རྫས་བསར་ལྟ་བུའོ།།

) བསལ། ༢) བསལ། ༣) སེལ། ༤) སོལ།

          བྱེད་འབྲེལ། བཏོན་ནས་མེད་པར་བྱེད་པའི་དོན། སྐྱོན་བསལ། དམིགས་ཀྱིས་བསལ། བསལ་བྱ། སེལ་བྱེད། བརྡ་རྙིང་བསྩལ། སྩེལ། སྩོལ་བཅས་དང་འདྲ།

) གསེས། ༢) གསེ། ༣) གསེ།

          བྱེད་འབྲེལ། སོ་སོར་ཕྱེ་བའི་དོན། ཤིང་གསེས། ནང་གསེས་ལྟ་བུའོ།།

) བསེད། ༢) བསེད། ༣) གསེད། ༤) གསེད།

          བྱེད་འབྲེལ། བལ་བསེད་པའི་དོན། བལ་བསེད་ནས་བཀལ། གསེད་མཁན། བལ་གསེད་པ་ཡོད་ཀྱང་གསེས་པ་མེད། ཤིང་གསེས་པ་ཡོད་ཀྱང་གསེད་པ་མེད་སྙམ།

སོང༌། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཚར་བའི་དོན། ཕྱིན་སོང༌། ཤི་སོང༌། བཏོན་སོང་ལྟ་བུའོ།།

སོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ལོན་པའི་དོན། ལག་ཏུ་སོན། མཐར་སོན། ལོ་སོན་ལྟ་བུའོ།།

སོས། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། བསྐྱར་གསོ་བྱུང་བའི་དོན། ནད་སོས། ཉམས་པ་སོས། ཡང་སོས། གསོས་པ་དང་སོས་པ་འདྲ། བསོས་འབྲི་ཚུལ་ཡང་ཡོད།

བསོད། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ལེགས་པའི་དོན། བསོད་བདེ། བསོད་ནམས། བསོད་སྙོམས་ལྟ་བུའོ།།

) བསགས། ༢) བསག ༣) གསོག ༤) གསོགས།

          བྱེད་འབྲེལ། གསོག་འཇོག་བྱེད་པའི་དོན། རྒྱུ་ནོར་བསགས། དངུལ་བསགས། གསོག་མཁན། བསག་བྱ། གསོག་བཞིན་ལྟ་བུའོ།།

) བསོར། ༢) བསོར། ༣) གསོར། ༤) གསོར།

          བྱེད་འབྲེལ། བསྐོར་ནས་བཅད་པའི་དོན། ཟོར་བས་ལོ་ཏོག་གསོར་བཞིན་འདུག བསོར་ནས་བུ་ཀ་འབིགས། སོག་ལེ་ལ་ཟོར་ཡང་ཟེར། ཟོར་བ་ནི་རྩ་རྔ་བྱེད་དོ།།

) གསོས། ༢) གསོ། ༣) གསོ།  ) གསོས།

          བྱེད་འབྲེལ། འཚོ་བར་བྱེད་པའི་དོན། བ་ཕྱུགས་གསོ། གསོ་སྐྱོང༌། འདས་ཚིག་ལ་བསོས་འབྲི་ཚུལ་ཡོད་གསུངས།

གསོན། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། གནས་ཡོད་པའི་དོན། ཤི་གསོན། མི་གསོན་པོ། གསོན་བཟུང༌། གསོན་གནས་ལྟ་བུའོ།།

གསོལ། (གཟུགས་མི་འགྱུར་བའི་བྱ་ཚིག)

          བྱེད་མེད། ཞུ་བའི་དོན། གསོལ་ཇ་གསོལ། གསོལ་རྩལ། གསོལ་དཔོན། བཅོམ་ལྡན་འདས་ལ་གསོལ་བ་ལྟ་བུའོ།།

) བསྲིངས། ༢) བསྲིང༌། ༣) སྲིང༌།  ) སྲིངས།

          བྱེད་འབྲེལ། བསྐུར་བ་དང་དུས་རིང་པོར་གཏོང་བའི་དོན། འཕྲིན་ཡིག་བསྲིངས། ཡུན་བསྲིངས། ལག་པ་བསྲིངས་ནས་ལེན། ཚེ་བསྲིངས། རྒྱུན་བསྲིངས་ལྟ་བུའོ།།

) བསྲུངས། ༢) བསྲུང༌། ༣) སྲུང༌།  ) སྲུངས།

          བྱེད་འབྲེལ། གནོད་པ་སྲུང་བའི་དོན། ས་སྲུང༌། སྐུ་སྲུང༌། སྲུང་མ། བསྲུང་བྱ། བསྲུངས་ནས་ལྟ་བུའོ།།

) བསྲུབས། ༢) བསྲུབ། ༣) སྲུབ། ༤) བསྲུབས།

          བྱེད་འབྲེལ། ཇ་སོགས་དཀྲུག་པའི་དོན། ཇ་སྲུབ། འོ་མ་སྲུབ་བཞིན། སྲུབ་མདོང༌། ཡིད་བསྲུབས་ལྟ་བུ་དང༌། བྲག་སྲུབ་དང་ཚོམ་བུའི་སྲུབ་ནི་བར་སྟོང་ཡིན་ནོ།།

) བསྲེས། ༢) བསྲེ། ༣) སྲེ།  ) སྲེས།

          བྱེད་འབྲེལ། འདྲེས་འཇུག་པའི་དོན། འོ་མའི་ནང་ཆུ་བསྲེས། ལུགས་བསྲེས། ཉ་ཉོག་མཉམ་བསྲེས་ལྟ་བུ་དང༌། སྲེ་མང༌། སྲེ་ལོང༌། སྲེ་བོ། ལྟ་བུ་ཡོད། སྲེ་ལོང་ནི་རྐང་རྟིང་རུས་པ་དང༌། སྲེ་བོ་ནི་ཐིག་ལེ་ཡོད་པའི་མདོག་ལ་ཟེར།

) བསྲེགས། ༢) བསྲེག ༣) སྲེག   ) སྲེགས།

          བྱེད་འབྲེལ། མེར་འཚིག་འཇུག་པའི་དོན། སུར་མེ་ལ་བསྲེགས། སྦྱིན་སྲེག ལྕགས་བསྲེགས་ས་གཞི། བསྲེག་དགོས། སྲེག་བཞིན་ལྟ་བུའོ།།

) བསྲོས། ༢) བསྲོ། ༣) སྲོ།  ) བསྲོས།

          བྱེད་འབྲེལ། མེ་དྲོ་བར་བྱེད་པའི་དོན། ལག་པ་མེ་བསྲོས་ནས། གྲང་ན་མེ་སྲོ། སྲོ་ཁང་ལྟ་བུའོ།།

) བསྲངས། ༢) བསྲང༌། ༣) སྲོང། ༤) སྲོངས།

          བྱེད་འབྲེལ། དྲང་པོར་ཡར་སྐྱོར་བའི་དོན། དྲང་པོའི་གཞུང་བསྲངས། སྲོང་བཙན། ཡོ་སྲང༌། དྲང་སྲོང་ལྟ་བུའོ།།

) བསྲན། ༢) བསྲན། ༣) སྲན། ༤) སྲོན།

          བྱེད་འབྲེལ། མི་ཞུམ་པའི་དོན། བཟོད་སྲན། དཀའ་སྡུག་ལ་བསྲན། བསྲན་མ་ཐུབ་པའི་ན་ཟུག་ལྟ་བུ་དང༌། སྲན་མ་ནི་འབྲུ་རིགས་ཤིག

) བསྲབས། ༢) བསྲབ། ༣) སྲབ། ༤) སྲོབས།

          བྱེད་འབྲེལ། མཐུག་པོའི་ལྡོག་ཕྱོགས་བྱེད་པའི་དོན། རས་སྲབ་མོར་ཐོགས། རྡོ་ལེབ་མོ་བསྲབ་ཏུ་གཏོང༌། སྤང་ལེབ་སྲབ་དགོས་ལྟ་བུའོ།།

) བསྲིས། ༢) བསྲི། ༣) སྲི།   ) སྲིས།

          བྱེད་འབྲེལ། སྤྱོད་མཁས་བྱེད་པའི་དོན། རྒྱུ་ནོར་སྲི་ཚགས་བྱེད། སྲི་མཁན། བསྲི་བྱའི་ནོར། བསྲིས་ནས་མང་དུ་སོང་ལྟ་བུའོ།། རྒྱུ་ནོར་སྲེལ་བ་དང༌། བསྲེལ་བ་བྲིས་འདུག་པ་འདི་དང་འདྲ་སྙམ།

) བསླས། ༢) བསླ། ༣) སླ།   ) སླས།

          བྱེད་འབྲེལ། སྐྲ་སོགས་བསླས་པའི་དོན། འུར་རྡོ་བསླ། སླེ་བོ་བསླས། སླས་ནི་བཙུན་མོའི་སྐྲ་སླ་ས་ལ་ཟེར།

) བསླུས། ༢) བསླུ། ༣) སླུ།   ) སླུས།

          བྱེད་འབྲེལ། མགོ་སྐོར་བའི་དོན། བསླུ་མེད་དཀོན་མཆོག་གསུམ། གྲོགས་ངན་པས་བསླུས་ནས། བསླུ་ཡོང་ལྟ་བུའོ།། སླུ་བ། འདྲིད་པ། འབྲིད་པ་བཅས་འདྲ།

) བསླེབས། ༢) བསླེབ། ༣) སླེབ། ༤) སླེབས།

          བྱེད་མེད། འབྱོར་བའི་དོན། ནང་དུ་སླེབ། ཁང་པར་བསླེབས་ནས་བསྡད། བསླེབ་ཡོང་ལྟ་བུའོ།།

) བསློགས། ༢) བསློག ༣) སློག ༤) སློགས།

          བྱེད་འབྲེལ། གོ་ས་ལྡོག་འཇུག་པའི་དོན། ས་སྟེང་འོག་སློག ཕྱི་ནང་སློག དངུལ་ལྷག་མ་བསློག་དགོས། བསློགས་ནས། འཕྲོ་སློག ལྟ་བུའོ།

) བསླངས། ༢) བསླང༌། ༣) སློང༌།  ) སློངས།

          བྱེད་འབྲེལ། ལང་དུ་འཇུག་པའི་དོན། དར་ཆ་སློང་མཁན། ཁོང་ཁྲོ་བསླངས་ནས། ཕན་སེམས་ཀུན་ནས་བསླང་དགོས། བསོད་སྙོམས་སློང༌། བསླང་དགོས་ཆགས་ཡོང༌། དགེ་སློང༌། ལྟ་བུའོ།།

) བསླན། ༢) བསླན། ༣) སློན། ༤) སློན།

          བྱེད་འབྲེལ། དེའི་ཕྱོགས་སུ་གཏོགས་པའི་དོན། དེའི་ཕྱོགས་སུ་བསླན་པ། རས་ཀྱི་ལྷན་པ་བསླན་པ། སློན་མཁན། བསླན་བྱ། བསླན་ནས་ལྟ་བུའོ།།

) བསླབས། ༢) བསླབ། ༣) སློབ།  ) སློབས།

          བྱེད་འབྲེལ། ཤེས་སུ་འཇུག་པའི་དོན། སློབ་མཁན། སློབ་གཉེར། བསླབ་བྱ། བསླབ་རྒྱུ། བསླབས་ནས་ལོབས་པ་ལྟ་བུ་བྱུང༌། ཡང་ཡང་སློབས་ཤིག་ལྟ་བུའོ།།

མདུན་ཤོག