ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པར་སྐྲུན་གནང་བའི་སྒྲུང་དེབ་ཁག་ཅིག་འགྲེམས་སྤེལ་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྩིས་ལོ་ ༢༠༢༣་་་་་་་༢༤ ནང་རྩོམ་སྒྲིག་གནང་བའི་སྒྲུང་དེབ་ཁག་ཅིག་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་གནང་ཡོད།

དེ་ཡང་བཙན་བྱོལ་བོད་ཕྲུག་རྣམས་ཀྱི་ཀློག་རྩལ་ཡར་རྒྱས་གཏོང་སླད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་སོགས་བོད་སྒྱུར་དང་། བྱིས་སྒྲུང་གསར་རྩོམ། གླིང་སྒྲུང་སྙིང་བསྡུས་ཀྱི་དཔེ་དེབ་སོགས་པར་སྐྲུན་དང་བསྐྱར་སྐྲུན་གྱིས་འགྲེམས་སྤེལ་ཞུ་བཞིན་ཡོད་པ་ལྟར། རྩིས་ལོ་ ༢༠༢༣་་་་་༢༤ ནང་རང་རིགས་བོད་ཕྲུག་ལ་ཕན་པའི་བྱིས་པའི་སྒྲུང་དེབ་འདྲ་མིན་གྲངས་ ༢༩ པར་སྐྲུན་ཞུས་ཡོད་པ་དང་། དེ་དག་ལས་བྱིས་པའི་སྒྲུང་དེབ་ ༡༠ དེ་སྔ་འདོན་སྤེལ་ཞུས་ཟིན་ཡོད།

ཉེ་ཆར་སངས་རྒྱས་ཀྱིས་གསུངས་པའི་མདོ་མཛངས་བླུན་ཕྲུ་གུ་གནས་ཚད་འཚམ་པར་གོ་བདེ་རུ་བཅོས་པ་ << འཁྲུངས་རབས་གསེར་གྱི་ལམ་བུ། >> ལོ་ཆུང་བྱིས་པ་ཚོས་ཐ་སྙད་ཀློག་སྦྱོང་ཆེད་ཤོག་ཐུག་དཔེ་དེབ་ << མཆོད་ཆས།>> དང་། <<སྐྱེལ་འདྲེན། >>  << ལོ་འཁོར་བཅུ་གཉིས། >> <<འཛིན་ཆས་དང་ཡིག་ཆས།>> <<གནམ་ལ་འཕུར། ས་ལ་འཛུལ།>> ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༧༥ <མིག་དྲུག>  ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༧༦<<གཅེན་གཅུང་།>> ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༧༧ <<ས་ཆ་སྐྱིད་ཤོས།>> <<གངས་ལྗོངས།>> འདོན་ཐེངས་ཉི་ཤུ་རྩ་དགུ་པ། དེ་བཞིན་<<བསྟན་འཛིན་གྱི་སྐྱེས་སྐར།>> དང་། སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་<<ཁྱེད་ལ་གཞན་གྱི་བརྩེ་བ་སྤྲད་ན་དགའ་ཡི་འདུག་གམ།>> དང་། <<སློབ་ཕྲུག་ཚོ། འཛིན་གྲྭ་ཚོགས་རྒྱུའི་གྲ་སྒྲིག་ཡིན་ནམ།>> དེབ་རྙིང་བསྐྱར་སྐྲུན་བྱས་པ་<<སངས་རྒྱས་ཀྱི་རྣམ་ཐར་བྱིས་པའི་དགའ་ཚལ།>>དང་། <ཚོང་དཔོན་དང་ལས་དྲུང་། >    བཅས་དཔེ་དེབ་ ༡༥ དང་།

དམིགས་བསལ་རྩོམ་སྒྲིག་ཞུས་པའི་ལྷ་གཞུང་བརྙན་དེབ་<<སྣང་ས་འོད་འབུམ>>དང་། <<གཅུང་པོ་དོན་ཡོད་དོན་གྲུབ།>> དམའ་རིམ་སློབ་ཕྲུག་ཨང་རྩིས་ལ་དོ་དབྱིངས་སྐྲུན་ཆེད་འཛིན་རིམ་དང་པོའི་ཨང་རྩིས་བྱིས་སྒྲུང་<<ངང་པའི་ཁྱུ།>> དང་<<ཀུ་ཤུ་འཚོང་བ།>> བཅས་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་ཏེ་སློབ་ཕྲུག་རྣམས་ཐུགས་ཕན་སོས་པའི་རེ་བ་ཞུ་བཞིན་ཡོད།

སྒྲུང་དེབ་འདི་དག་རྩོམ་སྒྲིག་དང་། པར་སྐྲུན། འགྲེམས་སྤེལ་བཅས་ལ་ཨ་རིའི་རོགས་ཚོགས་དང་། ཌེ་ཎི་ཌ། ཨར་ཊིཀ་རོགས་ཚོགས་བཅས་ནས་མཐུན་འགྱུར་གནང་ཡོད།

གོང་གསལ་དཔེ་དེབ་དེ་དག་གིས་གཙོས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་འགྲེམས་སྤེལ་གནང་བའི་དཔེ་དེབ་ཡོངས་རྫོགསབོད་ཡིག་སློབ་སྦྱོང་དྲྭ་ཚིགསནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ་པ་བཅས།།

སྔོན་མ།
སྒྲུང་དེབ་གསར་ཐོན།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་།
Menu