ཟླ་རེའི་གསར་འགྱུར།

གསར་གནས།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་དང་། རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཇ་ལནྡྷར་(Jalandhar)…

ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ཟླ་༩ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་ཤེས་ཡོན་སྲིད་བྱུས་དང་། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་གཉིས་པའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ་ཞིག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་གོ་སྒྲིག་ཞུས་ཡོད། (more…)

འདི་ལོའི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་བསྟན་འཛིན་དགྲ་འདུལ་ལགས་ལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་…

སྲིད་སྐྱོང་གཟེངས་རྟགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། འབུམ་རམས་པའི་སློབ་སྦྱོང་ཐོན་མཁན་བསྟན་འཛིན་པ་སངས་ལགས་དང་བསྟན་འཛིན་ཉི་འབུམ་ལགས་གཉིས་ལ་སྲིད་སྐྱོང་གཟེངས་རྟགས་ཀྱི་ཕྱག་འཁྱེར་དང་མི་རེར་བྱ་དགའ་ཧིན་སྒོར་ ༢༠༠༠༠ རེ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གནང་ཡོད།…

དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ཡོངས་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་…

ཤེས་རིག་གི་དྲྭ་ཚིགས་གཞན།

||      གསལ་བསྒྲགས།