ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།

༄༅།  །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་འོག  ཕྱི་ལོ་༢༠༡༣  ཟླ་༡༠  ཚེས་༡༥  ནས་༡༧  བར་ཉིན་གསུམ་རིང།  ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་འོག་མ་འཛིན་རིམ་གསུམ་པའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་སྐོང་ཚོགས་གནང༌ཡོད།ཐེངས་འདིའི་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་འདི་ཡང་།  ཕྱི་ལོ་༢༠༡༠  ལོར་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང།  གཞི་རིམ་སློབ་དེབ་ཡོངས་རྫོགས་བསྐྱར་ཞིབ་གནང་བའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག
བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་འདུ་ཉིན་གསུམ་རིང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང་།  བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ།  སློབ་དེབ་རྩོམ་སྒྲིག་པ་དྲུང་ལས་དགེ་འདུན་དོན་ཡོད་དང་དྲུང་ལས་བཀྲ་ཤིས་རྡོ་རྗེ་གཉིས།  བསྐྱར་ཞིབ་ཚོགས་མི་གྷོ་པལ་པུར་བོད་ཁྱིམ་གྱི་རྒན་བློ་བཟང་ལུང་རིགས།  དགའ་ལྡན་བྱང་རྩེ་གྲྭ་ཚང་སློབ་གྲྭའི་རྒན་བློ་བཟང་ལེགས་སྒྲུབ།  བྷེལ་ཀོབ་ཨར་ལི་ཀུ་མ་རི་སློབ་གྲྭའི་རྒན་བསོད་ནམས་གཡུ་སྒྲོན།  མ་སུ་རི་བོད་ཁྱིམ་གྱི་རྒན་བསོད་ནམས་དཔལ་སྒྲོན།  བཙུན་དགོན་སྒྲོལ་མ་གླིང་གི་རྒན་ཆབ་མདོ་བློ་བཟང།  སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་རྒན་རྡོ་རྗེ་རིན་ཆེན།  མ་སུ་རི་གཏན་སློབ་ཀྱི་རྒན་ཚེ་རིང་ལྷ་མོ། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་དྲ་བརྙན་སློབ་ཁྲིད་གནང་མཁན་རྒན་བསྟན་འཛིན་དབང་འདུས་བཅས་མཉམ་ཞུགས་ཀྱིས་སྦྱང་བཤད་དང་གྲོས་སྡུར་ལྷུག་པོར་གནང་སྟེ་གཏན་འབེབས་གནང་ཡོད།
ད་སྔ་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཟིན་ཏེ། གཞི་རིམ་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ལག་བསྟར་གནང་བཞིན་པ་དང། འཆར་ལོར་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་དང། ལྔ་པའི་སློབ་དེབ་གཏན་འབེབས་དང། གཞི་རིམ་གོང་མའི་སློབ་དེབ་བཅས་རིམ་པ་བཞིན་བསྐྱར་ཞིབ་གནང་འཆར་ཡོད་པ་བཅས།

སྔོན་མ།
སྲིད་སྐྱོང་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་རྣམས་ལ་གསུང་བཤད་གནང་བ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་ཟབ་སྦྱོང།