༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༣ ནས་ཟླ་གྲངས་བཅོ་བརྒྱད་རིང་ཟློས་དགེའི་འོས་སྦྱོང་ཞིག་བོད་ཀྱི་ཟློས་གར་ཚོགས་པར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། བོད་ཀྱི་ཟློས་གར་རིག་གཞུང་དང་རོལ་དབྱངས་ལ་དོ་དབྱིངས་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཟློས་དགེའི་ལས་གནས་སུ་ཞུགས་བློ་ཡོད་པའི་སློབ་ཕྲུག་བུ་ ༧ དང་བུ་མོ་ ༧ ལ་གོ་སྐབས་དབུལ་རྒྱུ་ཡིན་ཞིང་། དེ་ལས་བལ་ཡུལ་ཁུལ་དུ་བཅའ་སྡོད་བོད་ཕྲུག་བུ་ ༡ དང་བུ་མོ་ ༡ ལ་དམིགས་བསལ་ས་མིག་ཟུར་བཅད་ཞུ་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་བའི་དོན་གཉེར་ཅན་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༣ འགྱངས་མེད་དགོས་མཁོའི་ཡིག་ཆ་ཁག་དང་མཉམ་དུ་ཤེས་རིག་དྲུང་ཆེའི་མཚན་ཐོག་སྙན་ཞུ་འབུལ་དགོས།
དགོས་ངེས་ཆ་རྐྱེན།
- ༡། བཙན་བྱོལ་བོད་མིའི་སློབ་གྲྭ་གང་རུང་ནས་བོད་ཡིག་སློབ་ཚན་ཡོད་པའི་འཛིན་རིམ་བཅུ་པའི་སློབ་ཐོན་ལག་འཁྱེར་དང་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
༢། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ བར་རང་ལོ་ ༢༨ ལས་མ་བརྒལ་བ་དགོས།
༣། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (RC) གྱི་ངོ་བཤུས། བལ་ཡུལ་དུ་གནས་སྡོད་བྱེད་མཁན་ཡིན་ཚེ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་མཉམ་སྦྱར་དགོས་རྒྱུ།
༤། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དེབ་ཀྱི་འབུལ་བབ་གཙང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༥། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར་སྟེང་དོ་བདག་གི་འདྲ་པར་ཐོག་སྨན་པའི་མཚན་རྟགས་ཡོད་པ།
༦། ཉུང་མཐའི་ཤེས་ཚད་འཛིན་རིམ་བཅུ་པ་མཐར་སོན་པ་ཞིག་དགོས་ཀྱང་། འཛིན་རིམ་བཅུ་གཉིས་མཐར་སོན་ལ་ཨང་ཀི་ ༥ དང་། མཐོ་སློབ་མཐར་སོན་ལ་ཨང་ཀི་ ༧ འཕར་མ་ཡོད་པས་ལག་འཁྱེར་དང་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས་མཉམ་སྦྱར་དགོས།
༧། འབྲེལ་གཏུག་སླད་དོ་བདག་སྒེར་གྱི་ཁ་བྱང་དང་ཁ་པར་ཨང་། གློག་འཕྲིན་ཁ་བྱང་སྙན་ཞུ་མཉམ་གསལ་འགོད་དགོས།
༨། དགོས་ངེས་ཡིག་ཆ་ཚང་བའི་སྙན་འབུལ་བ་རྣམས་ལ་བརྡ་ལན་གྱིས་བོད་ཀྱི་ཟློས་གར་ཚོགས་པར་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་འདེམས་རྒྱུགས་སླད་ཆེད་འགུགས་གནང་རྒྱུ་ཡིན་པས་དེ་སྐབས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ངོ་བཅར་གནང་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་ཡན་གྱི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡ ལ།
ཤེས་ཡོན་འགན་འཛིན།
The Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala-176215
Distt Kangra
H.P. India
Email: [email protected]/[email protected]
website: www.sherig.org