༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་གཟིགས་རྟོག་འོག་རྒྱ་བལ་འབྲུག་གསུམ་ཁུལ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༧༧ ཡོད་པའི་ནང༌། སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༨༣༡༦ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༣༥༧ བཅས་ཡོད་པའི་སློབ་གྲྭའི་གྲངས་གནས་གཤམ་གསལ་ལྟར་ཡིན།

ཨང༌།  སྡེ་ཁག་སོ་སོའི་མཚན། སློབ་གྲྭ་གྲངས།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༢༨
སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༡༣
དྷ་ས་བོད་ཁྱིམ་ཁོངས། ༡༧
མ་སུ་རི་བོད་ཁྱིམ་ཁོངས།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས། ༡༣
སྒེར་སྐྱོང་སློབ་གྲྭ
  བསྡོམས། ༧༧

༢༽    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སུ་ཞུགས་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་ཉིན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གྷོ་པར་སྤུར་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་༼འདི་བགྲང་པ་ཙམ་ལས་གྲངས་ཐོ་དངོས་གནང་ཡིག་རྒྱུགས་གྲུབ་འབྲས་འབྱོར་མི་འདུག་པས་དོན་དངོས་སུ་སློབ་ཁག ༡༤ རེད་༽བཅས་ཀྱི་སློབ་ཕྲུག་རྩ་བའི་ཆར་ ༡༡༨༥ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པ་ ༡༠༢༣ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༡༠༡ ཡིག་རྒྱུགས་མ་འཕྲོད་པ་ ༡༦ འབྱོར་ཐོ་མ་བཀོད་པ་ ༤༥ བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༢༧༧ དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་རྣམས་དང་བོད་ནས་གསར་འབྱོར་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདི་ལོ་མི་གྲངས་ ༡༤༤ ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། ཀམ་པུ་ཊར། ཁྲིམས་དོན། སྨན་པ། སྨན་ཞབས། རྩིས། ལས་རིགས་སོགས་སློབ་སྦྱོང་གི་སློབ་ཡོན་གནང༌།
༥༽    ཨ་རིའི་གཞུང་ནས་ལོ་བསྟར་བོད་ཕྲུག༌༡༥ ཙམ་ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་༢༠༠༦ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་ ༡༧ ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༨ ནང་ཨ་རིར་བཏང་ཞིང༌། ༢༠༠༨ ལོར་གཏོང་རྒྱུའི་སློབ་ཕྲུག་སྔར་ལམ་ལྟར་འདེམས་སྒྲུག་བྱས།
༦༽    སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་སྒྲིག་ཞུགས་ཁོངས་གྲངས་ ༥ དང་སྒྲིག་ཞུགས་མ་ཡིན་པ་གྲངས་ ༥ སྲོང་བཙན་སློབ་ཡོན་ཁོངས་སློབ་ཕྲུག ༡༠ དབྱིན་ཡུལ་པེ་སེ་ཊོལ་ལོ་ཇི་ནས་ཧེ་སེ་ཊིང་མཐོ་སློབ་ཏུ་མཐོ་རིམ་སློབ་སྦྱོང་ཆེད་སློབ་ཕྲུག་བཞི། རྒྱ་གར་སྤུ་ནེ་མཐོ་སློབ་ནང་སློབ་ཕྲུག་གཅིག དབྱིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་སློབ་ཡོན་ཆེད་རང་རིགས་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་གཅིག ཉི་ཧོང་དུ་ཞིང་ལས་སློབ་སྦྱོང་ཆེད་སློབ་ཕྲུག་གཅིག་བཅས་ལོ་འདིར་འདེམས་གཏོང་བྱས།
༧༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང༌། རང་རིགས་འབྱོར་ལྡན་ཁག་ལ་རེ་སྐུལ་ཞུས་འབྲས་སུ་གཞི་རིམ་སློབ་ཡོན་གྲངས་ ༢༨༥ དོན་སོན་བྱུང༌།
༨༽    ལོ་འདིར་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་ས་གནས་སོ་སོའི་ཉམ་ཐག་ཕྲུ་གུའི་ཐོ་གཞུང་འབྱོར་བ་ཁག་ལ་ཞིབ་འཇུག་དང་སྦྲགས་རོགས་སྐྱོར་བྱ་དགོས་ཕེབས་པའི་ཕྲུག་གྲངས་ ༢༢༢ བྱུང་ཡོད། དེ་ཁོངས་ནས་ ༡༠༠ དྷ་ས་བོད་ཁྱིམ་དང་ ༥༡ མ་སུ་རི་བོད་ཁྱིམ་བཅས་ནས་གཟིགས་རྟོག་གནང་བཞིན་པ་དང༌། དེ་འཕྲོས་ཕྲུག་གྲངས་ ༧༡ ལ་ཤེས་རིག་ལས་ཁུངས་ནས་ལོ་སྔོན་མ་ཐག་ལྟར་གཟིགས་སྐྱོང་བྱས། དེ་བཞིན་འབུམ་ལྡེ་ལ་དང༌། མེའོ། ཀྲུའུ་ཀྲིང་ཁུལ་གྱི་བུ་ཕྲུག་ལའང་སྔར་ལམ་ལྟར་དམིགས་བསལ་གཟིགས་སྐྱོང་བྱས།
        ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ཁུ་ནུ་དང༌། པི་ཏི། རྟ་དབང༌། འབྲས་ལྗོངས། ཀུ་ལུ། གར་ཤ། ཟངས་དཀར། ཀྲུ་ཀྲིང་བཅས་ཀྱི་ཕྲུ་གུ་ལོ་ལྟར་དམིགས་བསལ་ཐོག་སློབ་བཞེས་གནང་བཞིན་ཡོད་པ་འདི་ལོ་ཕྲུག་གྲངས་ ༢༦ ལ་སློབ་བཞེས་གནང༌། དེ་དག་གི་ཟས་གོས་གནས་མལ་གླ་དོད་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་བཞིན་ནར་གཏོང་བྱས།
༩༽    ལོ་འདིར་དམིགས་བསལ་ཤྲི་ན་སྒར་བོད་རིགས་ཁ་ཆེའི་ཉམ་ཐག་ཕྲུག་གྲངས་༣༩ ལ་མི་རེར་སློབ་དོད་ཟླ་རེར་ཧིན་སྒོར་ ༥༠༠ རེ་ས་གནས་རང་བདེན་ཚོགས་ཆུང་བརྒྱུད་གནང་འགོ་ཚུགས།
༡༠༽    རང་ཁོངས་ལས་བྱེད་པའི་ཕྲུ་གུ་རྣམས་ལ་ ༢༠༠༧ ཟླ་ ༡༠ ཚེས་ ༡ ནས་གཞུང་ཞབས་སྤྱི་མཚུངས་ལྟར་ཐོབ་ཐང་ཡོད་ཅེས་ཕེབས་པ་བཞིན་སློབ་འཇུག་ཆེད་ཕྲུག་གྲངས་ ༣༣ གྱི་མིང་ཐོ་འབྱོར། དེ་ཁོངས་ནས་ ༢༢ གཏན་སློབ་ཁོངས་སྔོན་ནས་སློབ་ཞུགས་ཟིན་པ་ཚོར་རྗེས་ལོའི་ཟླ་ ༣ ནས་སློབ་གྲོན་ཡོང་རྫོགས་སློབ་སྡེ་སོ་སོ་ནས་ནར་གནང་རྒྱུ་དང༌། དེའི་གོང་གི་ཟླ་གྲངས་ ༥ རིང་ཕྲུ་གུ་རེར་ཟླ་རེར་སློབ་དོད་སྒོར་ ༤༠༠ རེ་གནང༌། དེ་བཞིན་ཕྲུ་གུ་སློབ་ལོ་སྔོན་སོན་གྱིས་ད་ལྟ་ཉིན་སློབ་ཏུ་བསྐྱོད་བཞིན་པའི་ཕྲུག་གྲངས་ ༡༡ ལ་ ༢༠༠༧ ཟླ་ ༡༠ ནས་ཕྲུ་གུ་རེར་སློབ་དོད་ཟླ་རེ་སྒོར་ ༤༠༠ རེ་གོང་ལྟར་གནང་ཐོག་ཕྲུ་གུ་དེ་དག ༢༠༠༨ ཟླ་ ༩ ནང་སློབ་འཇུག་རྒྱན་རྒྱག་བྱ་གཏན་འཁེལ།
༡༡༽    ཕྱི་ལོ་ ༢༠༠༧།༢༠༠༨ ནང་བོད་མིའི་གཞིས་སྒར་ཁག་སོགས་ཀྱི་ནང་ཡོད་པའི་ཉིན་སློབ་ཁག་ནས་ས་གནས་དེ་གའི་མཐའ་མའི་འཛིན་རིམ་ཐོན་པའི་སློབ་ཕྲུག་རྣམས་དང༌། ཉམ་ཐག་ག་པའི་ཁོངས་ཚུད་ཕྲུ་གུ ཡང་ཤེས་རིག་དང་བོད་སློབ་འཛིན་ཚོགས། ཕ་མ་བཅས་ནས་ཟས་གོས་གནས་མལ་གླ་དོད་གནང་བའི་ཕྲུ་གུ་གཏན་སློབ་ཁག་ནང་སློབ་འཇུག་དང་ཟླ་སྒྲིལ་ཞུས་པ་བུ་གྲངས་ ༢༩༢ དང་བུ་མོ་གྲངས་ ༣༠༡ བཅས་བསྡོམས་གྲངས་ ༥༩༢ བྱུང༌།
༡༢༽    ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་རིམ་མཐའ་མའི་ཕྲུ་གུ་གྲངས་ ༧༢ རྒྱ་གར་གྱི་ས་ཁུལ་གཞན་ལ་ཤེས་ཡོན་བལྟ་སྐོར་དུ་འཁྲིད་ཅིང༌། སཾ་བྷོ་ཊ་སློབ་ཁག་ ༥ ཅོན་ཏ་ར་དང༌། སྒང་ཏོག སྤོན་ཊ། སྤུར་ཝ་ལ། བདེ་སྐྱིད་གླིང༌།ཡི་འཛིན་ཁང་དུ་དཔེ་མཛོད་གསར་འཛུགས་ཆེད་ཧིན་སྒོར་ ༨༠༢༣༤༥།༠༠ དང༌། གཏན་སློབ་ཁག ༡༠ མོན་གྷོ་དང༌། ཅོན་ཏ་ར། སྤོན་ཊ། སྦུན་ཏར། སིམ་ལ། བསུ་ན་མདའ། རྡོར་གླིང༌། ཀ་སྦུག མ་སུ་རི། ཌལ་ཧོར།ཡི་ཉལ་ཁང་དུ་དཔེ་མཛོད་གསར་འཛུགས་ཆེད་རོགས་དངུལ་སྒོར་ ༣༧༡༠༥༥།༠༠ སཾ་བྷོ་ཊ་སློབ་ཁག ༤ ཅོན་ཏ་ར་དང༌། སྤོན་ཊ། སྦུན་ཏར། བདེ་སྐྱིད་གླིང༌།ལ་འཛིན་ཆས་གསར་ཉོའི་རོགས་དངུལ་སྒོར་ ༣༠༩༥༧༣།༠༠ སྦུན་ཏར་གཏན་སློབ་སློབ་ཕྲུག་གི་ཟས་དོད་འཕར་སྣོན་ཆེད་རོགས་དངུལ་སྒོར་ ༦༨༨༢༣།༠༤ བསྟན་སྒང་སློབ་གྲྭའི་ནང་གདན་གསར་ཉོ་ཆེད་སྒོར་ ༡༥༠༢༨༠།༠༠ སཾ་བྷོ་ཊ་སློབ་ཁག ༤ སྒང་ཏོག བདེ་སྐྱིད་གླིང༌། སྦུན་ཏར། ཅོན་ཏ་ར། ནང་ཀམ་སྤུ་ཀྲར་གསར་ཉོའི་ཆེད་ཧིན་སྒོར་ ༤༨༤༤༩༥།༠༠ སིམ་ལ་གཏན་སློབ་ཀྱི་ཉལ་ཁང་ནང་གདན་གསར་ཉོ་ཆེད་ སྒོར་ ༡༢༤༨༠༠།༠༠ ཅོན་ཏ་ར་སློབ་གྲྭའི་རྒྱང་བསྒྲགས་ཡོ་ཆས་གསར་ཉོ་ཆེད་སྒོར་ ༤༨༥༡༤།༠༠ ཤེས་རབ་དགའ་ཚལ་སློབ་གླིང་སློབ་ཕྲུག་གྲངས་ ༡༧ ལ་ཟླ་གསུམ་ཀམ་སྤུ་ཀྲར་སྦྱོང་བརྡར་ཆེད་རོགས་དངུལ་སྒོར་ ༩༨༥༢༠།༠༠ བཅས་ཐབས་འཚོལ་གྱིས་ཁུངས་སོ་སོར་གནང༌།
༡༣༽    ཅོན་ཏ་ར་སློབ་གྲའི་དམའ་རིམ་སློབ་ཕྲུག་གི་གསང་སྤྱོད་དང༌། བདེ་སྐྱིད་གླིང་སཾ་བྷོ་ཊ་སློབ་གྲྭའི་ཆུ་མཛོད་དང་ལས་ཤག་འཕར་མ། སྦིར་ཉིན་སློབ་ཀྱི་འཛིན་ཁང༌། སྦུན་ཏར་སློབ་གྲྭར་ལྕགས་རི་བསྐོར་རྒྱུ་བཅས་ཀྱི་ལས་གཞི་ལེགས་སྒྲུབ་བྱས།
༡༤༽    ཟླ་ ༥ ཚེས་ ༩ ཉིན་ནང་རྡོར་གླིང་དུ་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་གི་ཆེད་མདུན་ལམ་སློབ་སྟོན་ཚན་པའི་ཡན་ལག་ལས་ཁུངས་གསར་འཛུགས་བྱས།
༡༥༽    ཕྱི་ལོ་ ༢༠༠༦ ལོར་ས་རཱ་མཐོ་སློབ་ཏུ་འགོ་འཛུགས་ཞུས་པའི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་འབྲིང་རིམ་དགེ་འོས་རྣམས་ཟླ་ ༤ ཚེས་ ༣༠ ཉིན་དངོས་སུ་ཐོན། དགེ་འོས་ཁོངས་འཛུལ་ཞུགས་གནང་མཁན་སློབ་མ་ ༢༩ ཡོད་པ་དང༌། དུས་ཡུན་ཟླ་བ་བཅོ་ལྔའི་རིང་སློབ་ཁྲིད་གནང་མཁན་རྒྱ་གར་དང་ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་སློབ་དཔོན་ཆེན་མོ་ཌོག་ཌར་རཱ་མུ་མ་ནི་ཝ་ནན་(Dr. Ramu Manivannan)དང་གོ་ཝ་ཐེབས་རྩའི་ཌོག་ཊར་ཀལོཌ་ཨེལ་ཝ་རིསེ།(Dr. Claude Alvares)བྷི་ཊི་ཀོ་སེལ་(British Council)གྱི་ཨིན་ཡིག་སློབ་སྟོན་པ་ཤི་ཕ་ལི་རེས་(Shefali Ray) རྒྱ་གར་རྒྱལ་ཡོངས་ཡིག་འགྲུལ་སློབ་ཁང་( National Institute of open Schooling )གི་ཤེས་ཡོན་ཚན་པའི་ངེས་སྟོན་པ་གཞོན་པ་སོགས་མཁས་དབང་ ༨ དང་བོད་པའི་མཁས་དབང་ ༢༤ གདན་ཞུས་ཀྱིས་འོས་སྦྱོང་སློབ་གཞི་དང་འབྲེལ་བའི་སྐོར་སློབ་ཁྲིད་གནང༌། འོས་སྦྱོང་སློབ་ཐོན་པ་ཁོངས་ནས་ ༡༢ སམ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་དང་ ༥ ཤེས་རབ་དགའ་ཚལ་སློབ་གླིང༌། ༢ དྷ་ས་བོད་ཁྱིམ་ཁྱབ་ཁོངས། ༢ མ་སུ་རི་བོད་ཁྱིམ། ༢ ལ་དྭགས་བཟང་དཀར་སློབ་གྲྭ། ༡ ས་རཱ་མཐོ་སློབ་བཅས་ལ་ལས་བགོས་བྱས།
        ཟླ་ ༥ ཚེས་ ༣༠ ནས་རྗེས་ལོའི་ཟླ་ ༡ ཚེས་ ༢༥ བར་དྷ་སྟེང་བོད་ཁྱིམ་དགེ་འོས་སློབ་ཁང་དུ་སྔོན་འགྲོ་དགེ་འོས་ལོ་གཉིས་པའི་སློབ་ཁྲིད་འགོ་འཛུགས་བྱས། ལོ་དང་པོ་སྔ་ལོ་ཟླ་ ༧ ཚེས་ ༡༠ ནས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་ལོ་གཉིས་ཀྱི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཨེམ་དྷ་བྷདྷ་(Eklavya Institute of Teacher Education, Ahmedabad)དགེ་འོས་སློབ་ཁང་དུ་གོ་སྒྲིག་བྱས་པ་རེད། འོས་སྦྱོང་དེའི་ཁོངས་སུ་སློབ་གཉེར་བ་བོད་ཕྲུག་སློབ་མ་གྲངས་ ༢༥ ཡོད།
       ཟླ་ ༡ ཚེས་ ༣ ནས་ ༧ བར་དྷ་ས་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུ་སྐབས་ཀྱི་དྲན་རྟེན་འདྲ་པར། ཟླ་ ༡ ཚེས་ ༣ ནས་ ༧ བར་དྷ་ས་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་པའི་ནང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་སྤྱི་དང་དགེ་ཆེ་གྲངས་ ༢༣ དང༌། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་སློབ་སྤྱི་དང་དགེ་ཆེ་ ༥ བཅས་ཞུགས། ཟབ་སྦྱོང་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཤེས་རིག་བཀའ་བློན། དྲུང་ཆེ། ཌོག་ཊར་ར་མུ་མ་ནི་ཝ་ནན་(Dr. Ramu Manivannan) ཌོག་ཊར་ཀོ་ལོ་ཊི་ཨེལ་ཝ་རེ་སི། (Dr. Claude Alvares)  དབང་པོ་སྐྱོན་ཅན་ཀ་རུ་ཎ་སློབ་གྲྭའི་སློབ་སྤྱི་མན་ཇུ་སིངྒ་ནིཡ་(Ms. Manju Singhania) གཞན་ཡང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་དང་རིགས་སློབ་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་སོགས་ཀྱིས་སློབ་སྟོན་གནང༌།
        ཟླ་ ༡ ཚེས་ ༢༨ ནས་ཟླ་ ༢ ཚེས་ ༨ བར་གཏན་ཉིན་སློབ་གྲྭ་ཁག་གི་མཐོ་རིམ་བོད་དགེ་རྣམས་ལ་བོད་ཡིག་སློབ་ཁྲིད་སྐོར་ལ་ཟབ་སྦྱོང་ཞིག་ཝཱར་ཎཱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་ཤིང༌། ཟབ་སྦྱོང་ནང་སློབ་ཁག་བཅུ་དྲུག་གི་མཐོ་རིམ་བོད་དགེ་གྲངས་ ༡༩ འཛུལ་ཞུགས་བྱས། ཟབ་སྦྱོང་རིང་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་མཁས་དབང་ངག་དབང་བསམ་གཏན་རིགས་དྲུང་བློ་བཟང་བསྟན་འཛིན། དགེ་བཤེས་ཡེ་ཤེས་ཐབས་མཁས། དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས། དགེ་བཤེས་ཕུན་ཚོགས་དོན་གྲུབ་ལགས། རིག་གནས་སློབ་དཔོན་བཀྲ་ཤིས་ཚེ་རིང༌། རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་སོགས་ཀྱིས་སློབ་ཁྲིད་གནང༌།
        ཟླ་ ༣ ཚེས་ ༡༠ ནས་ ༢༠ བར་གཞི་རིམ་འོག་མའི་དགེ་རྒན་ ༥༡ ལ་ས་རཱ་མཐོ་སློབ་ཏུ་ཡིག་ཚད་དྲི་ཤོག་བཟོ་འགོད་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང༌། ཟབ་སྦྱོང་རིང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཨེ་ཨེས་རཝཌ་དང༌། བོད་ཁྱིམ་དགེ་འོས་ཁང་གི་སློབ་སྤྱི། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། སམ་བྷོ་ཊའི་རྩོམ་སྒྲིག་པ་བཅས་ཤེས་མྱོང་ཅན་ ༡༡ ནས་དྲི་ཤོག་བཟོ་སྟངས་དང་ཤེས་ཡོན་སྲིད་བྱུས། བོད་ཡིག ཨང་རྩིས། ཚན་རིག་སོགས་གཞི་རིམ་འོག་མའི་སློབ་ཚན་ཁག་འཁྲིད་ཐབས། གཞན་ཡང་རྒྱུགས་སྤྲོད་ལམ་ལུགས་གསར་པ་གྷེརེཊ་ལམ་ལུགས། སྲོལ་རྒྱུན་སྦྱང་ཤིང་རྒྱག་སྟངས་ཀྱིས་སློབ་ཁྲིད་གནང༌།
        ཟླ་ ༧ ཚེས་ ༡ ཉིན་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གི་དབུ་འབྱེད་མཛད་སྒོ་ས་རཱ་མཐོ་སློབ་ཏུ་ཚུགས། འོས་སྦྱོང་ཁོངས་སློབ་ཕྲུག ༡༥ ཡོད། དུས་ཡུན་ལོ་གཉིས་ཡིན།
        བལ་ཡུལ་སློབ་ཁག་དང་རྒྱ་གར་ནང་གི་བོད་མིའི་སྒེར་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ། གཏན་སློབ་ཁག་གི་རེག་ཊར་ཚོར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཕྱི་ཟླ་ ༡༠ ཚེས་ ༢༤ ནས་ཟླ་ ༡༡ ཚེས་ ༡ བར་གོ་སྒྲིག་ཞུས།
        ཟླ་ ༡༡ ཚེས་ ༡༣ ནས་ ༡༧ བར་ལྷོ་ཁུལ་མདུན་ལམ་སློབ་སྟོན་འགན་ཁུར་བ་དགེ་རྒན་གྲངས་ ༡༤ ལ་མདུན་ལམ་སློབ་སྟོན་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་གོ་སྒྲིག་བྱས།
        ཕྱི་ཟླ་ ༡༡ ཚེས་ ༢༠ ནས་ ༢༩ བར་ཉིན་དགུའི་རིང་བོད་གཞུང་ཟློས་གར་དུ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཟློས་དགེ་རྣམས་ལ་ཟློས་གར་སྒྱུ་རྩལ་སློབ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་བྱས། ཟབ་སྦྱོང་ནང་སློབ་ཁག ༢༤ ནས་དགེ་རྒན་གྲངས་ ༢༨ འཛུལ་ཞུགས་བྱས་ཡོད།
        ཟླ་ ༡༢ ཚེས་ ༢༡ ཉིན་ནས་ཉིན་དགུའི་རིང་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གོ་སྒྲིག་བྱས། ཟབ་སྦྱོང་དེར་དྷ་སྟེང་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སྔོན་འགྲོའི་དགེ་རྒན་དང༌། ཡོངས་གླིང་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང༌། སམ་བྷོ་ཊ་བདེ་སྐྱིད་གླིང་སློབ་གྲྭ མངོན་དགའ་སློབ་གྲྭ་བཅས་ནས་སྔོན་དགེ་ ༥༠ ཚོགས་བཅར་ཞུས་ཡོད།
༡༦༽    སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་ཤེས་རིག་ལས་ཁུངས་གོ་སྒྲིག་འོག་དགེ་བཤེས་རྡོ་རྗེ་དགྲ་འདུལ་ནས་ཟླ་ ༤ ཚེས་ ༢༣ ནས་ཟླ་ ༥ ཚེས་ ༡༧ བརབལ་ཡུལ་སློབ་ཁག་དང་རྒྱ་གར་ནང་གི་སྒེར་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ་ཚོར་ཟབ་སྦྱོང་གནང་བཞིན་པ།་སིམ་ལ་དང༌། མ་ན་ལི། སྦུན་ཊར། ཅོན་ཊ་ར། སུ་ཇ་དང་དྷ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ལ་ནང་ཆོས་ངོ་སྤྲོད་ཀྱི་བསྐོར་སྐྱོད་གསུང་བཤད་གནང༌།
༡༧༽    ཤེས་རིག་གསར་འཕྲིན་དང་མདུན་ལམ་དུས་དེབ་ཐེངས་བཞི་རེ། ཆབ་མདོའི་ལོ་རྒྱུས། ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་ ༡༢ འདོན་ཐེངས་རེར་པར་གྲངས་ ༦༠༠༠ གངས་ལྗོངས་བྱིས་པའི་བརྙན་དེབ་པར་གྲངས་ ༦༠༠༠ མ་བྱ་རྫི་མ། བུ་གླེན་པ། བོད་ཀྱི་མཆོད་རྟེན། གླིང་སྒྲུང་དོན་འདུས་གཞོན་ནུའི་མགྲིན་རྒྱན་གྱི་དེབ་ཕྲེང་ཁོངས་སུམ་པ་མཛོ་རྫོང་བཅས་པར་གྲངས་ ༣༠༠༠ རེ་བཅས་པར་སྐྲུན་ཟིན།
༡༨༽     བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་སློབ་ཚན་འཆར་འགོད་ཀྱི་ལས་རིམ་ཐོག་མར་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་བར་གྱི་སློབ་ཚན་འཆར་འགོད་དང་སློབ་ཁྲིད་ཀྱི་རྩ་འཛིན་བཟོ་འགོད་ཆེད། ཤེས་རིག་ལས་ཁུངས་ནས་ཚོགས་མི་བརྒྱད་ལས་གྲུབ་པའི་ཚོགས་ཆུང་བསྐོ་འཛུགས་གནང༌། ཚོགས་ཆུང་གིས་བཟོ་འགོད་གྲུབ་པའི་རགས་ཟིན་ལ་ཤེས་རིག་ལས་ཁུངས་ནས་བསྐྱར་ཞིབ་བགྱིས་མཐར་ཟླ་༥ པར་བཀའ་ཤག་ལ་མཐའ་མའི་གཏན་འབེབས་སླད་འབུལ་ལམ་ཞུས།
༡༩༽     འཛིན་གྲྭ་བདུན་པ་དང་བརྒྱད་པའི་ཚན་རིག་སློབ་དེབ་བོད་སྒྱུར་ལེགས་གྲུབ་ཀྱིས་དེབ་གྲངས་༡༠༠༠ རེ་པར་སྐྲུན་དང་གཏན་ཉིན་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ལ་ཟུར་བལྟ་དང་དཔྱད་གཞིའི་སླད་རིན་མེད་འགྲེམས་སྤེལ་བྱས།
༢༠༽    བོད་ཀྱི་བཙན་པོའི་རྒྱལ་རབས་མུ་འབྲེལ་དེབ་ཕྲེང་ ༡༢ རྩོམ་སྒྲིག་ཟིན་པ་ཕྱོགས་བསྡེབས་ཀྱིས་དེབ་གྲངས་༡༠ བཟོས་ཏེ་དེབ་རེ་གྲངས་༢༠༠༠ རེ་བརྩིས་ཁྱོན་བསྡོམས་དེབ་གྲངས་༢༠༠༠༠ པར་འགྲེམས་བྱས། དེ་བཞིན་སྨྱུག་གསར་འདོན་ཐེངས་དགུ་པ་དེབ་གྲངས་༡༥༠༠ དང༌། ཤེས་རིག་དུས་དེབ་འདོན་ཐེངས་ལྔ་པ་དང་དྲུག་པ་གཉིས་དེབ་གྲངས་༡༠༠༠ རེ་པར་སྐྲུན་གྱིས་གཏན་ཉིན་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་བྱས།
༢༡༽    གཏན་ཉིན་སློབ་གྲྭ་ཁག་ཏུ་བོད་ཡིག་ཡིག་གཟུགས་སྦྱང་བརྩོན་ལ་བློ་སྟོབས་སྤེལ་སླད། ཟླ་༡༡ ཚེས་༢༣ ཉིན་སློབ་ཁག་ཡོངས་སུ་ཡིག་གཟུགས་འགྲན་བསྡུར་གོ་སྒྲིག་གིས་སློབ་ཁག་སོ་སོའི་ཡིག་གཟུགས་རྩེ་ཕུད་རྣམས་ལ་ཤེས་རིག་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་བརྟག་དང་འབྲེལ་སྡེ་ཚན་སོ་སོའི་ཨང་རིམ་རྩེ་ཕུད་གསུམ་ལ་བྱ་དགའ་ལེགས་གསོལ་གནང་བ་དང༌། ཕུལ་བྱུང་ལྔ་རེར་གཟེངས་བསྟོད་ཀྱི་བྱ་དགའ་འབུལ་ལམ་གསར་གཏོད་ཞུས།
༢༢༽    ཟླ་ ༡༢ ཚེས་ ༡༥ ཉིན་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་རྒྱ་གར་དགེ་རྒན་ཉི་ཤུ་ལ་བོད་ཀྱི་སྐད་ཡིག་གི་ཡིག་ཚད་གོ་སྒྲིག་ཞུས་ཏེ་རྒྱུགས་འཕྲོད་པ་རྣམས་ལ་གཟེངས་བསྟོད་ལག་འཁྱེར་གནང༌།