༄༅། །རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་རང་རེའི་ཕྲུ་གུ་ཚོའི་ལོ་ན་དང་ཤེས་ཚད་ལ་གཞིགས་པའི་སྒྲུང་དེབ་འདྲ་མིན་པར་སྐྲུན་ཞུས་དང་ཞུ་མུས་བཞིན། འདི་ལོར་ཡང་མིག་ དྲུག་དང༌། གཅེན་གཅུང་། ས་ཆ་སྐྱིད་ཤོས། དབྱར་དུས་ཀྱི་ཉིན་ཞིག་ཅེས་པའི་དེབ་གསར་བཞི་གསར་རྩོམ་དང་། མདོ་མཛངས་བླུན་རབ་འབྱེད་ལྔ་བཅོས་སྒྲིག་གིས་པར་སྐྲུན་དང་འགྲེམས་སྤེལ་ཞུས་ཡོད་པས། དོན་གཉེར་ཅན་གྱི་ན་གཞོན་ཀློག་པ་པོ་རྣམས་དང་ཕ་མ་རྣམ་པས་དོ་སྣང་ཡོང་བ་ཞུ།